今天是:

རེས་མོའི་གསར་འགྱུར།

ཉིན་རེའི་གསར་འགྱུར་གལ་ཆེན།

མདུན་ཤོག > རེས་མོའི་གསར་འགྱུར། > ཉིན་རེའི་གསར་འགྱུར་གལ་ཆེན།

རྒྱལ་ཡོངས་དབུལ་ཐར་མཁྲེགས་གཏོར་གྱི་གཟེངས་བསྟོད་ཚོགས་ཆེན།

说明: C:\Users\admin\Documents\WeChat Files\wxid_tw0jiwg5m33122\FileStorage\Temp\8721bea5bf5a0a4f4a5eb5013dec13e1.jpg

ཟླ་གཉིས་པའི་ཚེས་ཉེར་ལྔ་ཉིན་གྱི་སྔ་དྲོར།རྒྱལ་ཡོངས་དབུལ་ཐར་མཁྲེགས་གཏོར་གྱི་གཟེངས་བསྟོད་ཚོགས་ཆེན་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་གཟབ་རྒྱས་ངང་འཚོགས།ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི།རྒྱལ་ཁབ་ཀྱི་ཀྲུའུ་ཞི།ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་དབུལ་ཐར་མཁྲེགས་གཏོར་གྱི་དཔེ་ལེགས་གཟི་བརྗིད་མཚན་སྙན་ཐོབ་མཁན་ལ་བྱ་དགའ་གནང་བར་མ་ཟད་གསུང་བཤད་གལ་ཆེན་གནང་།

说明: C:\Users\admin\Documents\WeChat Files\wxid_tw0jiwg5m33122\FileStorage\Temp\83be7d557639712500374c432b2d90be.jpg

ཟླ་གཉིས་པའི་ཚེས་ཉེར་ལྔ་ཉིན་གྱི་སྔ་དྲོར།རྒྱལ་ཡོངས་དབུལ་ཐར་མཁྲེགས་གཏོར་གྱི་གཟེངས་བསྟོད་ཚོགས་ཆེན་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་གཟབ་རྒྱས་ངང་འཚོགས། ཞི་ཅིན་ཕིང་། ལི་ཁི་ཆང་། ལི་ཀྲན་ཧྲུའུ། ཝང་དབྱང་། ཝང་ཧུའུ་ཉིང་། ཀྲའོ་ལི་ཅི། ཧན་ཀྲིན། ཝང་ཆི་ཧྲན་བཅས་གྲོས་ཚོགས་ལ་ཞུགས།

说明: C:\Users\admin\Documents\WeChat Files\wxid_tw0jiwg5m33122\FileStorage\Temp\e0c2cf5f39e527f1d707954fc80f0c99.jpg

ཟླ་གཉིས་པའི་ཚེས་ཉེར་ལྔ་ཉིན་གྱི་སྔ་དྲོར།རྒྱལ་ཡོངས་དབུལ་ཐར་མཁྲེགས་གཏོར་གྱི་གཟེངས་བསྟོད་ཚོགས་ཆེན་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་གཟབ་རྒྱས་ངང་འཚོགས།ཞི་ཅིན་ཕིང་སོགས་ཀྱིས་རྒྱལ་ཡོངས་དབུལ་ཐར་མཁྲེགས་གཏོར་གྱི་སྔོན་ཐོན་མི་སྒེར་དང་སྔོན་ཐོན་ཐུན་མོང་ལ་བྱ་དགའ་གནང་།


说明: C:\Users\admin\Documents\WeChat Files\wxid_tw0jiwg5m33122\FileStorage\Temp\bc00c904eb90724f7a2d14e0765942f8.jpg

ཟླ་གཉིས་པའི་ཚེས་ཉེར་ལྔ་ཉིན་གྱི་སྔ་དྲོར།རྒྱལ་ཡོངས་དབུལ་ཐར་མཁྲེགས་གཏོར་གྱི་གཟེངས་བསྟོད་ཚོགས་ཆེན་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་གཟབ་རྒྱས་ངང་འཚོགས།ཞི་ཅིན་ཕིང་སོགས་མགོ་ཁྲིད་བློ་མཐུན་གྱིས་རྒྱལ་ཡོངས་ཀྱི་དབུལ་ཐར་མཁྲེགས་གཏོར་དཔེ་ལེགས་གཟི་བརྗིད་མཚན་སྙན་ཐོབ་མཁན་དང་།རྒྱལ་ཡོངས་ཀྱི་དབུལ་ཐར་མཁྲེགས་གཏོར་གྱི་སྔོན་ཐོན་མི་སྒེར་དང་སྔོན་ཐོན་ཐུན་མོང་གི་འཐུས་མི།རྒྱལ་ཡོངས་ཀྱི་དབུལ་ཐར་མཁྲེགས་གཏོར་དཔེ་ལེགས་གཟི་བརྗིད་མཚན་སྙན་ཐོབ་མཁན་དང་གཞུང་དོན་དུ་རང་སྲོག་བློས་བཏང་བའི་རྒྱལ་ཡོངས་ཀྱི་དབུལ་ཐར་མཁྲེགས་གཏོར་གྱི་སྔོན་ཐོན་མི་སྒེར་གྱི་གཉེན་ཉེའི་འཐུས་མི་སོགས་ལ་མཇལ་འཕྲད་གནང་པར་མ་ཟད་ཚང་མ་དང་ལྷན་དུ་རྗེས་དྲན་འདྲ་པར་བླངས།

རྒྱལ་ཡོངས་དབུལ་ཐར་མཁྲེགས་གཏོར་གྱི་གཟེངས་བསྟོད་ཚོགས་ཆེན་ཚེས་ཉེར་ལྔ་ཉིན་གྱི་སྔ་དྲོར་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་གཟབ་རྒྱས་ངང་འཚོགས།ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི།རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་དབུལ་ཐར་མཁྲེགས་གཏོར་གྱི་དཔེ་ལེགས་ གཟི་བརྗིད་མཚན་སྙན་ཐོབ་མཁན་ལ་བྱ་དགའ་གནང་བར་མ་ཟད་གསུང་བཤད་གལ་ཆེན་གནང་།ཞི་ཅིན་ཕིང་གིས་བསྟན་ དོན།ཏང་ཡོངས་དང་རྒྱལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ཡོངས་ཀྱིས་མཉམ་དུ་འབད་བརྩོན་བྱས་པ་བརྒྱུད་ནས་ཀྲུང་གོ་གུང་ཁྲན་ཏང་བཙུགས་ནས་ལོ་ངོ་བརྒྱ་ལོན་པར་བསུ་མ་བྱེད་པའི་དུས་སྐབས་གལ་ཆེན་འདིར།རང་རྒྱལ་གྱི་དབུལ་ཐར་མཁྲེགས་གཏོར་ལ་ཁྱོན་ཡོངས་ནས་རྒྱལ་ཁབ་བླངས་པ་དང་།ད་ཡོད་ཀྱི་ཚད་གཞིར་བསྟུན་ནས་ཞིང་སྡེའི་དབུལ་ཕོངས་མི་གྲངས་བྱེ་བ་དགུ་དང་ས་ཡ་བརྒྱད་འབུམ་དགུ་ཁྲི་དགུ་དབུལ་ཐར་བྱས་པ་དང་།དབུལ་ཕོངས་རྫོང་བརྒྱད་བརྒྱ་དང་སོ་གཉིས་ཀྱི་དབུལ་ཕོངས་ཞཱ་མོ་ཕུད་པར་མ་ཟད།དབུལ་ཕོངས་སྡེ་བ་འབུམ་གཅིག་དང་ཁྲི་གཉིས་སྟོང་བརྒྱད་ཚང་མ་དབུལ་ཕོངས་ལས་ཐར་བ་ དང་།ཁུལ་ཁོངས་རང་བཞིན་གྱི་དབུལ་ཕོངས་གནས་ཚུལ་སྤྱིའི་ཆ་ནས་ཐག་གཅོད་བྱས་ལ།བལྟོས་མེད་དབུལ་ཕོངས་སེལ་བའི་དཀའ་ཚེགས་ཆེ་བའི་འོས་འགན་ཡོངས་འགྲུབ་བྱས་ཏེ།ལོ་རྒྱུས་དེབ་ཐེར་དུ་གསལ་བོར་འགོད་པའི་མི་ཡུལ་གྱི་ངོ་མཚར་ཞིག་ཡང་བསྐྱར་གསར་སྐྲུན་བྱས་པ་རེད།འདི་ནི་ཀྲུང་གོ་མི་དམངས་ཀྱི་རླབས་ཆེན་གཟི་བརྗིད་དང་ཀྲུང་གོ་གུང་ཁྲན་ཏང་གི་རླབས་ཆེན་གཟི་བརྗིད།ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་གཟི་བརྗིད་བཅས་ཡིན་ཟེར།ཞི་ཅིན་ཕིང་གིས་བསྟན་དོན།རླབས་ཆེན་ལས་ དོན་གྱིས་རླབས་ཆེ་བའི་དགོངས་དོན་སྦྲུམ་ཡོད་ལ།རླབས་ཆེ་བའི་དགོངས་དོན་གྱིས་རླབས་ཆེ་བའི་ལས་དོན་ལ་སྣེ་སྟོན་བྱེད་པ་ཡིན། དབུལ་ཐར་མཁྲེགས་གཏོར་གྱི་རླབས་ཆེན་འཐབ་རྩོད་ལས་གོང་འོག་སེམས་མཐུན་དང་མཉམ་འཐབ་མཉམ་ཞུགས། ལས་དོན་གནད་འཁེལ།གསར་སྤེལ་གསར་སྐྲུན།དཀའ་སེལ་འགག་སྒྲོལ།མི་དམངས་ཀྱིས་ཡིད་ཆེས་བྱེད་པའི་དབུལ་ཐར་མཁྲེགས་གཏོར་གྱི་སྙིང་སྟོབས་གྲུབ་པར་བྱས།དབུལ་ཐར་མཁྲེགས་གཏོར་གྱི་སྙིང་སྟོབས་ནི་ཀྲུང་གོ་གུང་ཁྲན་ཏང་གི་ངོ་བོ་དང་དམིགས་ཡུལ་ཡིན་ལ།དེ་ནི་ཀྲུང་གོ་མི་དམངས་ཀྱི་འདོད་བློ་དང་རང་གཤིས།ཀྲུང་ཧྭ་མི་རིགས་སྙིང་སྟོབས་ཀྱི་གསོན་ཉམས་ལྡན་པའི་དཔེ་མཚོན་བཅས་ཡིན་པར་མ་ཟད།རྒྱལ་གཅེས་རིང་ལུགས་དང་ཐུན་མོང་རིང་ལུགས།སྤྱི་ཚོགས་རིང་ལུགས་བསམ་བློའི་གཅིག་བསྡུས་མཚོན་བྱེད་ཡིན་ལ།ཀྲུང་གོའི་སྙིང་སྟོབས་དང་ཀྲུང་གོའི་རིན་ཐང་།ཀྲུང་གོའི་སྟོབས་ཤུགས་བཅས་གཅིག་བསྡུས་སྒོས་མངོན་པར་བྱས་ཡོད་པས། རླབས་ཆེ་བའི་མི་རིགས་ཀྱི་སྙིང་སྟོབས་དང་དུས་རབས་ཀྱི་སྙིང་སྟོབས་རྒྱུན་འཛིན་བྱས་ཡོད། ཏང་ཡོངས་དང་རྒྱལ་ཡོངས་སྤྱི་ཚོགས་ཡོངས་ཀྱིས་དབུལ་ཐར་མཁྲེགས་གཏོར་གྱི་སྙིང་སྟོབས་ཆེས་ཆེར་དར་སྤེལ་དུ་བཏང་ནས།མཐུན་སྒྲིལ་སེམས་གཅིག་དང་དཔའ་འཛིང་འབད་འཐབ་བྱེད་པ།མདུན་སྐྱོད་བགྲོད་ལམ་སྟེང་གི་དཀའ་ཁག་ཡོད་ཚད་དང་ཉེན་ཁ་ཡོད་ཚད་ལས་རྣམ་པར་རྒྱལ་བར་བྱས་ཏེ།རྒྱུན་ཆད་མེད་པར་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་དང་འཕེལ་རྒྱས་སུ་བཏང་ནས་སྔར་ལས་རྒྱལ་ཁ་གསར་བ་ལེན་དགོས་ཟེར།

ལི་ཁི་ཆང་གིས་ཚོགས་ཆེན་ལ་འགོ་འཛིན་བྱས།ཝང་དབྱང་གིས་གཟེངས་བསྟོད་ཆོད་དོན་སྒྲོག་འདོན་བྱས།ལི་ཀྲན་ཧྲུའུ་དང་ཝང་ཧུའུ་ཉིང་། ཀྲའོ་ལི་ཅི། ཧན་ཀྲིན། ཝང་ཆི་ཧྲན་བཅས་གྲོས་ཚོགས་ལ་ཞུགས།

དུས་ཚོད་བཅུ་དང་སྐར་མ་སུམ་ཅུའི་སྟེང་ཚོགས་ཆེན་དངོས་སུ་འགོ་བརྩམས།ཝང་དབྱང་གིས་ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱལ་ཡོངས་དབུལ་ཐར་མཁྲེགས་གཏོར་གྱི་དཔེ་ལེགས་གཟི་བརྗིད་མཚན་སྙན་ཐོབ་མཁན་གྱི་ འབྲེལ་ཡོད་ཆོད་དོན་སྒྲོག་འདོན་བྱས།མའོ་ཞང་ལེན་སོགས་བློ་མཐུན་བཅུ་དང་ཧི་པེ་ཞིང་ཆེན་སེ་ཧན་པེ་འཕྲུལ་ཆས་ནགས་ ར་སོགས་སྡེ་ཁག་བཅུ་ལ་རྒྱལ་ཡོངས་དབུལ་ཐར་མཁྲེགས་གཏོར་གྱི་དཔེ་ལེགས་གཟི་བརྗིད་མཚན་སྙན་གནང་།མེས་རྒྱལ་གྱི་ དཔའ་བོར་གུས་འདུད་ཞུ་ཞེས་པའི་རྔམ་བརྗིད་ལྡན་པའི་རོལ་དབྱངས་ཁྲོད་དུ་ཞི་ཅིན་ཕིང་གིས་རྒྱལ་ཡོངས་དབུལ་ཐར་ མཁྲེགས་གཏོར་གྱི་དཔེ་ལེགས་གཟི་བརྗིད་སྙན་ཐོབ་མཁན་ལ་རེ་རེ་བཞིན་བྱ་དགའི་རྟགས་མ་དང་དཔང་ཡིག་གནང་བར་མ་ཟད་ཁོ་ཚོར་རྟེན་འབྲེལ་ཞུས།ཝང་དབྱང་གིས་ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱལ་ཡོངས་དབུལ་ཐར་ མཁྲེགས་གཏོར་གྱི་སྔོན་དོན་མི་སྒེར་དང་སྔོན་ཐོན་སྡེ་ཁག་ལ་གཟེངས་བསྟོད་བྱེད་པའི་སྐོར་གྱི་འབྲེལ་ཡོད་ཆོད་དོན་སྒྲོག་ འདོན་བྱས།ཞི་ཅིན་ཕིང་སོགས་ཀྱིས་གཟེངས་བསྟོད་ཐོབ་པའི་མི་སྒེར་དང་སྡེ་ཁག་བྱ་དགའ་གནང་།ཚོགས་ར་ཡོངས་ཀྱི་སྤྲོ་ སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲའི་ཁྲོད་དུ་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་།

ཞི་ཅིན་ཕིང་གིས་ཐོག་མར་ཏང་ཀྲུང་དབྱང་གི་ཚབ་མཛད་དེ།གཟེངས་བསྟོད་ཐོབ་པའི་སྔོན་ཐོན་མི་སྒེར་དང་སྔོན་ ཐོན་ཐུན་མོང་ལ་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུས་པ་དང་།དབུལ་ཐར་མཁྲེགས་གཏོར་ཐད་བྱས་རྗེས་བཞག་པའི་རིམ་པ་སོ་སོའི་ཏང་སྲིད་དམག་གསུམ་ལས་ཁུངས་དང་ཁེ་ལས་ལས་དོན་སྡེ་ཁགཞིང་སྡེའི་རྒྱ་ཆེའི་གཞི་རིམ་རྩ་འཛུགས།ཏང་ཡོན་དང་ལས་བྱེད་པ། མང་ཚོགས། སྡེ་སྡོད་ཧྲུའུ་ཅི་དང་པོ། བྱ་བའི་རུ་ཁག་གི་རུ་མི། དང་བླངས་པ། དམངས་གཙོ་ཏང་ཁག་སོ་སོ། བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་དང་ཏང་ཁག་གང་ལའང་མི་གཏོགས་པའི་མི་སྣ།མི་དམངས་ཚོགས་ཁགདེ་མིན་སྤྱི་ཚོགས་ལས་རིགས་སོ་སོ་བཅས་ལ་བླ་མེད་གུས་འདུད་ཞུས།དབུལ་ཐར་མཁྲེགས་གཏོར་ལ་ཟབ་ཞུགས་དང་རྒྱབ་སྐྱོར་བྱས་པའི་ཞང་ ཀང་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་སྤུན་ཟླ་དང་།ཨོ་མིན་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་སྤུན་ཟླ།ཐེ་ཝན་སྤུན་ཟླ། དེ་མིན་ཕྱི་སྡོད་རང་མི།ཀྲུང་གོའི་དབུལ་སེལ་བྱ་གཞག་ལ་སེམས་ཁུར་དང་རོགས་རམ་བྱེད་པའི་རྒྱལ་ཁབ་སོ་སོའི་སྲིད་གཞུང་དང་རྒྱལ་སྤྱིའི་རྩ་འཛུགས། ཕྱི་རྒྱལ་གྱི་གྲོགས་པོ་བཅས་ལ་སྙིང་ཐག་པ་ནས་བཀའ་དྲིན་ཞུས།

ཞི་ཅིན་ཕིང་གིས་བསྟན་དོན།དབུལ་ཕོངས་ནི་མིའི་རིགས་སྤྱི་ཚོགས་ཀྱི་ཐུན་མོང་གི་ནད་ཅིག་ཡིན་པ་དང་།དབུལ་ ཕོངས་སེལ་བ་ནི་ཐོག་མཐའ་བར་གསུམ་དུ་གནའ་དེང་ཀྲུང་ཕྱིའི་རྒྱལ་སྐྱོང་བདེ་འགོད་ཀྱི་དོན་ཆེན་ཞིག་རེད།ཀྲུང་གོའི་ལོ་རྒྱུས་ནི་ཀྲུང་ཧྭ་མི་རིགས་ཀྱིས་དབུལ་ཕོངས་དང་འཐབ་རྩོད་བྱས་པའི་ལོ་རྒྱུས་ཤིག་ཡིན།ཀྲུང་གོའི་གུང་ཁྲན་ཏང་དབུ་བརྙེས་པའི་དུས་ནས་བཟུང་།ཀྲུང་གོའི་མི་དམངས་ཀྱི་ཆེད་དུ་བདེ་སྐྱིད་བསམ་པ་དང་།ཀྲུང་ཧྭ་མི་རིགས་ཀྱི་ཆེད་དུ་བསྐྱར་དར་བརྩོན་པའི་ཐོག་མའི་སེམས་འདུན་རྒྱུན་འཁྱོངས་བྱས་པ་དང་།ཀྲུང་གོའི་མི་དམངས་བར་མཐུན་སྒྲིལ་སྣེ་ཁྲིད་བྱས་ཏེ་རང་ཉིད་ཀྱི་མཛེས་ སྡུག་འཚོ་བ་གསར་བསྐྲུན་བྱེད་པར་དུས་ཡུན་རིང་བོར་དཀའ་སྤྱད་འབད་འཐབ་བྱས་མྱོང་།ཀྲུང་གོ་གསར་བ་དབུ་བརྙེས་རྗེས། ཏང་གིས་མི་དམངས་བར་མཐུན་སྒྲིལ་སྣེ་ཁྲིད་བྱས་ཏེ་སྤྱི་ཚོགས་རིང་ལུགས་ཀྱི་གསར་བརྗེ་ཡོངས་འགྲུབ་བྱས་ཤིང་།སྤྱི་ཚོགས་ རིང་ལུགས་ཀྱི་གཞི་རྩའི་ལམ་ལུགས་གཏན་འབེབས་བྱས་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་ལ་ཡར་སྐུལ་བྱེད་པ། མི་དམངས་རྩ་འཛུགས་བྱས་ནས་རང་སྟོབས་རང་སྤེལ་དང་དཀའ་སྤྱད་འབད་བརྩོན་སྒོས་མཛེས་སྡུག་གི་རི་ཆུ་བསྐྱར་བཞེངས་བྱས་ཏེ།དབུལ་ཕོངས་ལས་ཐར་བ་དང་མི་དམངས་ཀྱི་འཚོ་བ་ལེགས་བཅོས་བྱེད་པར་རྨང་གཞི་བརྟན་པོ་བཏིང་ཡོད།བཅོས་ བསྒྱུར་སྒོ་འབྱེད་བྱས་པའི་ཚུན་ལ།ཏང་གིས་མི་དམངས་བར་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ནས་གཞི་རྒྱ་ཆེ་ཞིང་འཆར་གཞི་ལྡན་པ།རྩ་འཛུགས་ཡོད་པའི་དབུལ་སྐྱོར་གསར་སྤེལ་བྱེད་ཐབས་ལག་བསྟར་བྱས་ཏེ།སྤྱི་ཚོགས་ཀྱི་ཐོན་སྐྱེད་ནུས་པ་བཅིངས་འགྲོལ་དང་འཕེལ་རྒྱས་སུ་གཏོང་བ་དང་།དམངས་འཚོར་འགན་སྲུང་དང་ལེགས་བཅོས་བྱས་པས་སྔ་ན་མེད་པའི་རླབས་ཆེན་གྲུབ་འབྲས་བླངས་ཡོད།ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་ལ།ཏང་ཀྲུང་དབྱང་གིས་དབུལ་ཐར་མཁྲེགས་གཏོར་དེ་རྒྱལ་སྐྱོང་སྲིད་འཛིན་གྱི་གོ་གནས་གཙོ་བོར་བཞག་པ་དང་།དབུལ་ཐར་མཁྲེགས་གཏོར་དེ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་བྱེད་པའི་མ་མཐའི་ལས་འགན་དུ་བྱས་ཏེ།རྣམ་པ་རྒྱ་ཆེ་བའི་དབུལ་ཐར་མཁྲེགས་གཏོར་གྱི་མི་དམངས་འཐབ་རྩོད་ཅིག་རྩ་འཛུགས་བྱས་ནས་སྤེལ།ལོ་ངོ་བརྒྱད་རིང་ལ།ཏང་དང་མི་དམངས་ཀྱིས་དཀའ་ཁག་དང་བཀག་རྒྱ་ཁྱད་བསལ་བྱེད་པ་དང་།གཟེར་འདེབས་སྙིང་སྟོབས་དར་སྤེལ་བྱེད་པ།དཀའ་ཁག་གདོང་གིས་བསུ་ཕོད་པའི་སྒོ་ནས་དབུལ་ཐར་མཁྲེགས་གཏོར་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ལོན་ཡོད།

ཞི་ཅིན་ཕིང་གིས་བསྟན་དོན།དུས་རབས་ཀྱིས་དཔའ་བོ་སྐྱེད་སྲིང་བྱེད་པ་དང་རླབས་ཆེན་དེ་སྤྱིར་བཏང་ལས་བྱུང་བ་ཡིན།དབུལ་ཐར་མཁྲེགས་གཏོར་བྱ་བའི་ཁྲོད།དབུལ་སྐྱོར་ལས་བྱེད་པ་ས་ཡ་མང་བོས་གཏོང་ཕོད་ཆེན་པོས་དཀའ་སྤྱད་འབད་བརྩོན་བྱས་ཤིང་།དབུལ་ཕོངས་མང་ཚོགས་དང་མཉམ་འགྲོ་མཉམ་འདུག་བྱས་ཏེ།ཆེས་མཛེས་པའི་ལང་ཚོ་དེ་སྒེར་སེམས་མེད་པར་དབུལ་ཐར་ལས་དོན་ལ་ཕུལ་བ་དང་།མི་སེམས་འགུལ་བའི་སྔོན་ཐོན་ལག་རྗེས་མང་དུ་བྱུང་ཡོད།དབུལ་ཐར་མཁྲེགས་གཏོར་གྱི་འཐབ་རྩོད་ཁྲོད་བློ་མཐུན་སྟོང་གཅིག་དང་བརྒྱད་བརྒྱ་ལྷག་གི་ཚེ་སྲོག་དེ་དབུལ་ཐར་མཁྲེགས་གཏོར་གྱི་བཞུད་ལམ་སྟེང་ཤོར་བ་དང་།གསོན་ཉམས་ལྡན་པའི་སྒོ་ནས་གུང་ཁྲན་ཏང་མིའི་ཐོག་མའི་སེམས་འདུན་དང་འགན་འཁྲི་རྒྱས་བཤད་བྱས་ཡོད།དབུལ་ཐར་མཁྲེགས་གཏོར་ཆེད་དུ་རང་སྲོག་བློས་བཏང་བའི་མི་སྣ་དག་གི་མཛད་རྗེས་དེ་ལོ་རྒྱུས་དེབ་ཐེར་དུ་འགོད་སྲིད་ལ།ཏང་དང་མི་དམངས་ཀྱིས་ནམ་ཡང་བརྗེད་མི་སྲིད།རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་རང་སྲོག་བློས་གཏོང་ མཁན་གྱི་གཉེན་ཉེ་ལ་སེམས་ཁུར་བྱེད་པ་དང་།ཤུགས་ཆེན་པོས་དབུལ་ཐར་མཁྲེགས་གཏོར་གྱི་དཔའ་བོའི་མི་སེམས་འགུལ་ བའི་ལག་རྗེས་དང་བླ་མེད་སྙིང་སྟོབས་དྲིལ་སྒྲོག་བྱས་ཏེ།རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱིས་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པ་དང་བརྒྱ་ལོ་གཉིས་ཀྱི་འབད་འཐབ་དམིགས་འབེན་མངོན་ འགྱུར་བྱེད་པའི་ཐད་བྱས་རྗེས་གསར་བ་འཇོག་པར་སྐུལ་མ་གཏོང་དགོས་ཞེས་གསུངས།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན།དབུལ་ཐར་མཁྲེགས་གཏོར་ལ་ཕྱོགས་ཡོངས་ནས་རྒྱལ་ཁ་ཐོབ་པ་ལས་ང་ཚོའི་ཏང་གིས་མི་དམངས་བར་མཐུན་སྒྲིལ་སྣེ་ཁྲིད་བྱས་ཏེ་མཛེས་སྡུག་གི་འཚོ་བ་གསར་བསྐྲུན་དང་།ཐུན་མོང་གི་འབྱོར་ཕྱུག་མངོན་འགྱུར་བྱེད་པའི་བགྲོད་ལམ་སྟེང་གོམ་སྟབས་བརྟན་པོས་བསྐྱོད་བཞིན་པ་མཚོན།ཞོར་དུ་དབུལ་ཕོངས་ཀྱི་ཞྭ་མོ་ཕུད་པ་ནི་ མཇུག་མཐའི་གནས་མལ་མ་ཡིན་པར་འཚོ་བ་གསར་བ་དང་འབད་འཐབ་གསར་བའི་མགོ་རྩོམ་ས་ཡིན།འཕེལ་རྒྱས་དོ་མཉམ་མིན་པའི་གནད་དོན་ཐག་གཅོད་བྱེད་པ་དང་མཁར་གྲོང་ས་ཁོངས་ཀྱི་འཕེལ་རྒྱས་བར་ཁྱད་ཇེ་ཆུང་དུ་གཏོང་བ།མིའི་ཕྱོགས་ཡོངས་ཀྱི་འཕེལ་རྒྱས་དང་མི་དམངས་ཡོངས་མཉམ་དུ་འབྱོར་ཕྱུག་ལྡན་པ་མངོན་འགྱུར་བྱེད་པར་སྔར་བཞིན་ཚེགས་ཆེ་ཞིང་ལམ་ཐག་རིང་།ང་ཚོར་ང་རྒྱལ་རང་རློམ་དང་ལྷོད་ཡངས་འགོར་འགྱངས་བྱེད་པའི་རྒྱུ་མཚན་ཅི་ཡང་མེད་པ་དང་།ངེས་པར་དུ་བབ་བསྟུན་མདུན་སྐྱོད་དང་ཡང་འབད་བསྐྱར་འབད་ཀྱིས་མུ་མཐུད་དུ་འབད་འཐབ་བྱས་ཏེ།དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་ཞིང་སྡེའི་དར་རྒྱས་ཕན་ནུས་ལྡན་པའི་སྦྲེལ་མཐུད་བྱེད་པའི་བྱ་བ་སྣ་ཚོགས་བཟང་བོར་བསྒྲུབ་དགོས་པ་དང་།ཡང་བསྐྱར་དབུལ་ཕོངས་སུ་འགྱུར་ཉེན་ཡོད་པའི་མི་རྣམས་ཀྱི་ལྟ་རྟོག་ཞིབ་བཤེར་ལ་ཤུགས་སྣོན་བྱེད་པ།དབུལ་ཐར་ས་ཁུལ་གྱི་ཐོན་ལས་ལ་དུས་ཡུན་རིང་བོར་རྒྱབ་སྐྱོར་རོགས་འདེགས་བྱེད་དགོས་ལ།དབུལ་སྐྱོར་གནས་སྤོར་གྱི་ རྗེས་མཐུད་རོགས་སྐྱོར་བྱ་བ་བཟང་བོར་བསྒྲུབས་ནས་དབུལ་ཐར་རྫོང་དག་དུས་ཡུན་ངེས་ཅན་ནང་རོགས་འདེགས་བྱས་ནས་དབུལ་སྐྱོར་སྲིད་ཇུས་སྤྱི་ཕྱོགས་ནས་གཏན་འཇགས་ཡོང་བ་སྲུང་འཛིན་བྱེད་དགོས།སྡེ་སྡོད་ཧྲུའུ་ཅི་དང་པོ་དང་བྱ་བའི་རུ་ཁག ཤར་ནུབ་ཕྱོགས་ཀྱི་རོགས་རེས།ཁ་གཏད་རོགས་སྐྱོར།སྤྱི་ཚོགས་རོགས་རམ་སོགས་ཀྱི་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་དགོས་པར་མ་ཟད། གནས་བབ་དང་ལས་འགན་གྱི་འགྱུར་ལྡོག་ལ་གཞིགས་ནས་འཐུས་ཚང་དུ་གཏོང་དགོས། རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་འགན་འཁྲི་དངོས་འབེབ་གང་ལེགས་བྱས་ནས་བློ་བརྟན་འགྱུར་མེད་ཀྱིས་གཞི་རྒྱ་ཆེ་བའི་སྒོ་ནས་ཡང་བསྐྱར་དབུལ་ཕོངས་སུ་འགྱུར་བའི་སྣང་ཚུལ་མི་འབྱུང་བའི་མ་དངུལ་ཚད་ཐིག་བརྟན་སྲུང་བྱེད་དགོས།

ཞི་ཅིན་ཕིང་གིས་བསྟན་དོན།ཞིང་སྡེའི་དར་རྒྱས་ནི་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པའི་ལས་འགན་གལ་ཆེན་ཞིག་ཡིན།འཕེལ་རྒྱས་དུས་རིམ་གསར་བར་རྐང་བཙུགས་ཤིང་འཕེལ་རྒྱས་འདུ་ཤེས་གསར་བ་ལག་བསྟར།འཕེལ་རྒྱས་རྣམ་པ་གསར་བ་གསར་འཛུགས་བཅས་ལས་བྱུང་བའི་གནས་བབ་གསར་བ་དང་བཏོན་པའི་རེ་བ་གསར་བར་ དམིགས་པ་དང་། ཞིང་གསུམ་གནད་དོན་ཐག་གཅོད་བཟང་བོ་བྱེད་པ་དེ་ཏང་ཡོངས་ཀྱི་བྱ་བའི་གཙོ་གནད་དུ་རྒྱུན་འཁྱོངས། ཞིང་ལས་ཞིང་སྡེ་ཐོག་མར་འཕེལ་རྒྱས་སུ་གཏོང་བ་རྒྱུན་འཁྱོངས་བྱས་ནས།ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཞིང་སྡེའི་དར་རྒྱས་བགྲོད་ལམ་དུ་ཞུགས་ཏེ། མཁར་གྲོང་ས་ཁོངས་ཀྱི་འཕེལ་རྒྱས་བར་ཁྱད་ཇེ་ཆུང་དུ་གཏོང་བ་དང་། ཡོང་འབབ་དམའ་བའི་མི་གྲངས་དང་དར་རྒྱས་མིན་པའི་ས་ཁུལ་ལ་འཕེལ་རྒྱས་གྲུབ་འབྲས་མཉམ་སྤྱོད་བྱེད་དུ་བཅུག་སྟེ།དེང་རབས་ཅན་གྱི་འཕེལ་རིམ་ཁྲོད་རྗེས་སུ་མི་ལུས་པར་བྱེད་དགོས།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན།ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་བཞུད་ལམ་གསར་བའི་ཁྲོད།ང་ཚོས་ངེས་པར་དུ་མི་དམངས་ཡོངས་རྫོགས་ཐུན་མོང་འབྱོར་ཕྱུག་ཏུ་འགྱུར་ བར་སྐུལ་འདེད་གཏོང་བ་དེ་སྔར་ལས་གལ་ཆེ་བའི་གོ་གནས་སུ་འཇོག་པ་དང་།གོམ་སྟབས་བརྟན་པོས་བྱས་རྗེས་ཡང་ཡང་ བརྩོན་ལེན་བྱེད་དགོས། དམིགས་འབེན་དེར་དམིགས་ནས་སྔར་ལས་བརྩོན་སེམས་ལྡན་པར་འབད་འབུངས་བྱས་ཤིང་། མིའི་ཕྱོགས་ཡོངས་ཀྱི་འཕེལ་རྒྱས་དང་སྤྱི་ཚོགས་ཀྱི་ཕྱོགས་ཡོངས་གོང་འཕེལ་ལ་སྐུལ་འདེད་བཏང་ནས།རྒྱ་ཆེའི་མི་དམངས་ མང་ཚོགས་ཀྱི་ཐོབ་ཚོར་དང་སྐྱིད་སྣང་། བདེ་འཇགས་ཀྱི་ཚོར་བ་བཅས་རྒྱུན་མཐུད་འགན་སྲུང་ཡོད་པར་བྱེད་དགོས།

ཞི་ཅིན་ཕིང་གིས་བསྟན་དོན།འདས་སོང་ལ་ཕྱིར་མིག་བལྟས་ན་ང་ཚོས་ཀྲུང་ཧྭ་མི་རིགས་ལོ་ངོ་སྟོང་ཕྲག་འགའི་རིང་སྡུག་ལ་སྦྱར་བའི་དབུལ་ཕོངས་གནད་དོན་ཐག་གཅོད་བྱེད་པའི་ཐད་ནས་རླབས་ཆེ་ཞིང་ལོ་རྒྱུས་རང་བཞིན་ལྡན་པའི་གྲུབ་འབྲས་བླངས་ཤིང་། མིའི་རིགས་ཀྱི་དབུལ་ཕོངས་ལོ་རྒྱུས་སྟེང་གི་ཁྱད་མཚར་བསྐྲུན་ཡོད། མ་འོངས་པར་རྒྱང་བལྟ་བྱས་ན། ང་ཚོས་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་ལོ་རྒྱུས་ཕུགས་འདུན་གྱི་ཆེད་དུ་འབད་འཐབ་བྱེད་བཞིན་ཡོད།ཏང་ཡོངས་དང་རྒྱལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ཚང་མས་སྔར་ལས་ལྷག་ པའི་སྒོ་ནས་ཏང་ཀྲུང་དབྱང་གི་ཉེ་འཁོར་དུ་མཐུན་སྒྲིལ་དམ་པོ་བྱེད་པ་དང་།ཡིད་ཆེས་དང་ཆོད་སེམས་བརྟན་པོས་ནམ་ཡང་ལྷོད་པ་མེད་པའི་སྙིང་སྟོབས་རྣམ་པ་དང་མདུན་ནས་མདུན་དུ་བསྐྱོད་པའི་འབད་འཐབ་རྣམ་པས་དཀའ་སྤྱད་སྡུག་རུས་དང་དོན་དངོས་བྱ་སྤྱོད་སྤེལ་ཏེ་བརྒྱ་ལོ་གཉིས་པའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་པར་སྤོབས་པས་མདུན་སྐྱོད་ བྱེད་དགོས།

ལིས་ཁི་ཆང་གིས་ཚོགས་ཆེན་ལ་མགོ་འཛིན་བྱེད་སྐབས་བསྟན་དོན།སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལས་དབུལ་ཐར་མཁྲེགས་གཏོར་ལ་ཕྱོགས་ཡོངས་ནས་རྒྱལ་ཁ་ཐོབ་པ་རྒྱལ་ཁའི་ངང་ཁྱབ་སྒྲོག་བྱས་ཤིང་།ཕྱོགས་ཡོངས་ ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་བྱེད་པ་དང་བརྒྱ་ལོ་དང་པོའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་པའི་འཐབ་ཇུས་མཐོ་ཚད་ནས།དབུལ་ཐར་མཁྲེགས་གཏོར་གྱིས་བླངས་པའི་རླབས་ཆེན་གྲུབ་འབྲས་ལ་ཁས་ལེན་གང་ལེགས་བྱས་པ་དང་།དབུལ་ཐར་མཁྲེགས་གཏོར་གྱི་གཟི་འོད་འབར་བའི་ལོ་རྒྱུས་བརྒྱུད་རིམ་དང་ཉམས་མྱོང་རྩ་ཆེན་ལ་སྤྱི་བསྡོམས་ཟབ་མོ་ བྱས་ལ།རླབས་ཆེན་དབུལ་ཐར་མཁྲེགས་གཏོར་གྱི་དགོངས་དོན་རྒྱས་བཤད་གང་ལེགས་བྱས།ཕྱོགས་ཡོངས་ནས་ཞིང་སྡེའི་དར་རྒྱས་ལ་ཡར་སྐུལ་གཏོང་བ་དང་དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བའི་ཐད་རེ་བ་གསལ་བོ་བཏོན་ཡོད་པ་དང་།ཆབ་སྲིད་རང་བཞིན་དང་བསམ་བློའི་རང་བཞིན།དམིགས་སའི་རང་བཞིན་བཅས་དྲག་པོ་ལྡན་པས།ནན་ཏན་གྱིས་སློབ་སྦྱོང་དང་གོ་བ་བླངས་ནས་ལག་ལེན་དངོས་འབེབ་དམ་འཛིན་བྱེད་དགོས།བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ ཏང་ཀྲུང་དབྱང་གི་ཉེ་འཁོར་དུ་མཐུན་སྒྲིལ་དམ་པོ་བྱེད་པ་དང་།ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་བྱས་ཏེ།འདུ་ཤེས་བཞི་ཇེ་དྲག་ཏུ་གཏོང་བ་དང་ཡིད་ཆེས་བཞི་ཇེ་བརྟན་དུ་ གཏོང་བ།སྲུང་སྐྱོབ་གཉིས་ཀྱི་བྱ་བ་བཟང་བོར་བསྒྲུབས་ནས།སེམས་ཤུགས་གཅིག་སྒྲིལ་དང་དཀའ་སྤྱད་འབད་བརྩོན་སྒོས་ཞིང་སྡེའི་དར་རྒྱས་ལ་སྐུལ་འདེད་གཏོང་བ་དང་དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དུ་བཏང་སྟེ།ཁྱད་དུ་འཕགས་པའི་གྲུབ་འབྲས་ཀྱིས་ཏང་བཙུགས་ནས་ལོ་ངོ་བརྒྱ་འགོར་བར་བསུ་བ་བྱེད་དགོས་ཞེས་གསུངས།

གྲོས་ཚོགས་མགོ་མ་བརྩམས་གོང་།ཞི་ཅིན་ཕིང་སོགས་མགོ་ཁྲིད་བློ་མཐུན་གྱིས་རྒྱལ་ཡོངས་ཀྱི་དབུལ་ཐར་མཁྲེགས་གཏོར་དཔེ་ལེགས་གཟི་བརྗིད་མཚན་སྙན་ཐོབ་མཁན་དང་།རྒྱལ་ཡོངས་ཀྱི་དབུལ་ཐར་མཁྲེགས་གཏོར་གྱི་སྔོན་ཐོན་མི་སྒེར་དང་སྔོན་ཐོན་ཐུན་མོང་གི་འཐུས་མི།རྒྱལ་ཡོངས་ཀྱི་དབུལ་ཐར་མཁྲེགས་གཏོར་དཔེ་ལེགས་གཟི་བརྗིད་མཚན་སྙན་ཐོབ་མཁན་དང་གཞུང་དོན་དུ་རང་སྲོག་བློས་བཏང་བའི་རྒྱལ་ཡོངས་ཀྱི་དབུལ་ཐར་མཁྲེགས་གཏོར་གྱི་སྔོན་ཐོན་མི་སྒེར་གྱི་གཉེན་ཉེའི་འཐུས་མི་སོགས་ལ་མཇལ་འཕྲད་མཛད་པར་མ་ཟད་ཚང་མ་དང་ལྷན་དུ་རྗེས་དྲན་འདྲ་པར་བླངས།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའི་ཨུ་ཡོན།ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི།རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ། རྒྱལ་སྲིད་ཨུ་ཡོན། ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་དཔོན་པོ།རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ།དེ་མིན་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་བཅས་ཚོགས་ཆེན་ལ་ཞུགས།

ཞིང་ཆེན་དང་རང་སྐྱོང་ལྗོངས་སོ་སོ་དང་ཞིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དམག་ཚོགས་ཀྱི་འགན་ཁུར་བ་གཙོ་བ་ དང་།ཀྲུང་དབྱང་གི་ཏང་སྲིད་དམག་གསུམ་མང་ཚོགས་བཅས་སྡེ་ཁག་སོ་སོའི་འགན་ཁུར་བློ་མཐུན།ཏང་དང་རྒྱལ་ཁབ་ཀྱི་བྱས་རྗེས་གཟི་བརྗིད་གཟེངས་བསྟོད་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཁོངས་མི།རྒྱལ་ཡོངས་དབུལ་ཐར་མཁྲེགས་གཏོར་སྤྱི་བསྡོམས་ གཟེངས་བསྟོད་བྱ་བའི་མགོ་ཁྲིད་ཚན་ཆུང་གི་ཁོངས་མི།དམངས་གཙོ་ཏང་ཁག་སོ་སོའི་ཀྲུང་དབྱང་དང་རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་འགན་ཁུར་བ།ཏང་ཁག་གང་ལའང་མི་གཏོགས་པའི་མི་སྣའི་འཐུས་མི་སོགས་མི་སྟོང་གསུམ་ཙམ་ཚོགས་ཆེན་ལ་ཞུགས།


©༢༠༡༧ཀན་ལྷོའི་ཏང་གི་འཛུགས་སྐྲུན་དྲ་བ། ཀྲུང་གུང་ཀན་ལྷོ་ཁུལ་ཨུའི་རྩ་འཛུགས་པུའུ་ཡིས་གཙོ་སྒྲུབ་བྱས་པས་པར་དབང་འདི་གར་དབང་།

སྡོད་གནས། ཀན་ལྷོ་ཁུལ་ཨུའི་གཅིག་གྱུར་གཞུང་ལས་ཐོག་ཁང་གི་དྲུག་ཐོག ཁ་པར། ༠༩༤༡--༨༢༢༢༡༥༩ སྦྲག་ཨང་། ༧༤༧༠༠༠

དྲ་ངོས་རྡེབ་ཚད།མི་ཐེངས། དྲ་ངོས་སྒྲིག་བཟོ། ཧུང་ཏེན་དྲ་རྒྱ།

甘公网安备 62300102000044号