今天是:

རེས་མོའི་གསར་འགྱུར།

ཀྲུང་དབྱང་གསུང་སྙན།

མདུན་ཤོག > རེས་མོའི་གསར་འགྱུར། > ཀྲུང་དབྱང་གསུང་སྙན།

ཏང་སྲིད་འཐུས་མི་ཚོགས་པ་ཁྲིད་དེ་རྟོག་ཞིབ་དང་སློབ་སྦྱོང་བྱས་པ།

ཟླ3པའི་ཚེས20ཉིན་ནས་ཚེས21ཉིན་ལ།ཞིང་ཆེན་དམངས་ཆེན་རྒྱུན་ཨུ་ཁང་གི་ཀྲུའུ་རེན་གཞོན་པའམ་ཁུལ་ཨུའི་ཧྲུའུ་ཅི་ཡུས་ཁྲིན་ཧུའེ་ཡིས་རང་ཁུལ་གྱི་ཏང་སྲིད་འཐུས་མི་ཚོགས་པ་ཁྲིད་དེ་བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་དུ་སོང་ནས། དགོན་པའི་དོ་དམ་དང་སྤྱི་ཚོགས་དོ་དམ།རིག་གནས་དང་ཡུལ་སྐོར་ཐོན་ལས་འཕེལ་རྒྱས།ཞིང་སྡེའི་མི་སྡོད་ཁོར་ཡུག་སྒྲིག་བཅོས་སོགས་ཀྱི་བྱ་བར་རྟོག་ཞིབ་དང་སློབ་སྦྱོང་བྱས།       

“ཞང་ཞུང་མེ་ཏོག”རིག་གནས་ཡུལ་སྐོར་གྲོང་རྡལ་ནི་ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུས་ཀྱིས་ཐོན་ལས་འདུས་ཁུལ་གྱི་འཐབ་ཇུས་ལག་བསྟར་བྱེད་པ་དང་།རིག་གནས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་སུ་གཏོང་བ།ཞིང་སྡེ་དར་རྒྱས་འཐབ་ཇུས་ལག་བསྟར་བྱེད་པའི་རིག་གནས་ཡུལ་སྐོར་ཐོན་ལས་ཀྱི་ལས་གཞི་གལ་ཆེན་ཞིག་ཡིན།ཡུས་ཁྲིན་ཧུའེ་འཁོར་དང་བཅས་པས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་ལས་གཞི་གཉེར་སྐྱོང་དོ་དམ།ཡུལ་སྐོར་བ་སྣེ་ལེན་དང་ཞབས་ཞུ་སྒྲུབ་པའི་གནས་ཚུལ་སོགས་རྒྱུས་ལོན་ཞིབ་མོ་བྱས་རྗེས།ཁོས་ང་ཚོས་བབ་བཟང་གི་ཐོན་ཁུངས་ལ་བརྟེན་པ་དང་།སྐྱེ་ཁམས་ཁོར་ཡུག་གི་ལེགས་ཆ་ནས་རྐང་བཙུགས་ཏེ།མ་དངུལ་བརྩོན་ལེན་བྱེད་ཤུགས་མུ་མཐུད་དུ་ཆེ་རུ་གཏོང་བ་དང་གཉེར་སྐྱོང་དོ་དམ་བྱེད་སྟངས་ཇེ་ལེགས་སུ་གཏོང་བ།ཡུལ་སྐོར་ཉམས་ལེན་ལས་གཞི་སྔོག་འདོན་གང་ལེགས་བྱས་ནས།ཧུར་ཐག་གིས་རྒྱུ་ཆ་འཐུས་སྒོ་ཚང་བ་དང་ལས་རྣམ་ཕུན་སུམ་ཚོགས་པ།ཁྱད་ཆོས་འབུར་དུ་ཐོན་པ་བཅས་ཀྱི་མཛེས་ལྗོངས་ཁུལ་རྩེ་གྲ་གཏོད་དགོས་ཞེས་ནན་གྱིས་བསྟན།   

ལྷ་ས་གྲོང་ཁྱེར་སྣེའུ་ཆུས་གསར་སྟག་གདོང་སྡེ་བ་དེ2016ལོར་གཙོ་གནད་དབུལ་སྐྱོར་གསར་སྤེལ་ལས་གཞིའི་ཁྲོད་དུ་བཅུག་པ་ནས་བཟུང་།ས་བབ་ཀྱི་ལེགས་ཆ་དང་སྟབས་བདེའི་འགྲིམ་འགྲུལ་ཆ་རྐྱེན་ལ་བརྟེན་ནས།ལྷ་ས་གྲོང་ཁྱེར་གྱི“མཉམ་འདྲེས་རྣམ་པའི་ཡུལ་སྐོར་ཞིང་སྡེ”དང་བོ་རུ་བཏོད་ནས།ཐོན་ལས་འཕེལ་རྒྱས་དང་ཁོར་ཡུག་མཛེས་པ།སྡེ་མི་ཕྱུག་འགྱུར་བཅས་ཀྱི་རྒྱུན་མཐུད་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་བསྐྱོད།སྡེ་བའི་ནང་གི་ཁྱིམ་ཚང་འགར་སོང་སྟེ་སྡེ་མི་ཁ་ཤས་ལ་འཚམས་འདྲི་དང་ཞིང་སྡེའི་རྣམ་པར་དངོས་སུ་ལྟ་ཞིབ་བྱས་རྗེས།ཡུས་ཁྲིན་ཧུའེ་ཡིས་ང་ཚོས་གྲུབ་འབྲས་ཐོབ་པའི་ཉམས་མྱོང་བཟང་བོ་དཔྱད་གཞིར་འཛིན་པ་དང་འཕེལ་རྒྱས་ཀྱི་ཡིད་ཆེས་ཆེར་བསྐྱེད་ཀྱིས།སྐྱེ་ཁམས་དཔལ་ཡོན་གྱི་འབྱོར་འབྲིང་སྡེ་བ་བསྐྲུན་རྒྱུ་དེ་དམ་འཛིན་བྱ་རྒྱུ་གཙོ་བོར་འཛིན་པ་དང་།ཁོར་ཡུག་གསར་བརྗེར་སྐུལ་འདེད་གཏིང་ཟབ་ཏུ་གཏོང་རྒྱུ་དེ་འཇུག་སྒོར་བྱས་ནས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་བཏང་སྟེ།རོང་འབྲོག་སྡེ་བའི་མི་སྡོད་ཁོར་ཡུག་རྒྱུན་ཆད་མེད་པར་ཇེ་ལེགས་སུ་བཏང་ནས།ཧུར་ཐག་གིས་གནས་སྡོད་དང་ཡུལ་སྐོར་ལ་འཚམ་པའི་མཛེས་སྡུག་གི་རོང་འབྲོག་སྡེ་བ་ཞིག་གཏོད་དེ།ཞིང་སྡེའི་ཡུལ་སྐོར་འཕེལ་རྒྱས་གཏོང་ཆེད་ཆ་རྐྱེན་ལེགས་པོ་བསྐྲུན་པ་དང་།རིག་གནས་ཡུལ་སྐོར་གྱི“གཅིག་བཅུ་བརྒྱ་སྟོང་ཁྲིའི”ལས་གྲྭས་སྣེ་ཁྲིད་དེ། མགྱོགས་མྱུར་གྱིས་ཞིང་སྡེའི་ཡུལ་སྐོར་ཐོན་ལས་སྒྲིག་གཞི་རིམ་སྤར་བྱེད་པར་སྐུལ་འདེད་གཏོང་དགོས་ཞེས་བསྟན།

དེའི་སྐབས་སུ།ཡུས་ཁྲིན་ཧུའེ་འཁོར་དང་བཅས་པ་སེ་ར་དགོན་པའི་དོ་དམ་གཞུང་ལས་ཁང་དུ་སོང་ནས་དགོན་པའི་དོ་དམ་བྱ་བར་རྟོག་ཞིབ་བྱས་པ་མ་ཟད།བར་སྐོར་ཁྲོམ་གཞུང་དུ་སྤྱི་ཚོགས་བཅོས་སྐྱོང་དང་རིག་དངོས་སྲུང་སྐྱོང་།མཛེས་ལྗོངས་ཁུལ་འཛུགས་སྐྱོང་སོགས་ཀྱི་སྔོན་ཐོན་ཉམས་མྱོང་ལ་སློབ་སྦྱོང་བྱས།       

བོད་རང་སྐྱོང་ལྗོངས་དམངས་ཆེན་རྒྱུན་ཨུ་ཁང་གི་རྒྱུན་ལས་དྲུང་ཡིག་གཞོན་པ་ཧན་ཡོན་ལིན་གྱིས་རྟོག་ཞིབ་བྱེད་པར་འགྲོ་རོགས་བྱས།ཁུལ་ཨུའི་རྒྱུན་ཨུའམ་བསང་ཆུ་རྫོང་ཨུའི་ཧྲུའུ་ཅི་དབྱང་ཞུང་དང་།ཁུལ་དམངས་ཆེན་རྒྱུན་ཨུ་ཁང་གི་ ཀྲུའུ་རེན་གཞོན་པའམ་འབྲུག་ཆུ་རྫོང་ཨུའི་ཧྲུའུ་ཅི་ཧྲི་ཧྭ་ཞུང་།ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པའམ་ལིན་ཐན་རྫོང་ཨུའི་ཧྲུའུ་ཅི་ཀོ་ཞའོ་ཏུང་། དེ་མིན་ཀླུ་ཆུ་དང་རྨ་ཆུ་རྫོང་སྲིད་གཞུང་གི་འགན་ཁུར་བ་གཙོ་བོ་རྟོག་ཞིབ་སློབ་སྦྱོང་བྱེད་པར་ཞུགས།།


©༢༠༡༧ཀན་ལྷོའི་ཏང་གི་འཛུགས་སྐྲུན་དྲ་བ། ཀྲུང་གུང་ཀན་ལྷོ་ཁུལ་ཨུའི་རྩ་འཛུགས་པུའུ་ཡིས་གཙོ་སྒྲུབ་བྱས་པས་པར་དབང་འདི་གར་དབང་།

སྡོད་གནས། ཀན་ལྷོ་ཁུལ་ཨུའི་གཅིག་གྱུར་གཞུང་ལས་ཐོག་ཁང་གི་དྲུག་ཐོག ཁ་པར། ༠༩༤༡--༨༢༢༢༡༥༩ སྦྲག་ཨང་། ༧༤༧༠༠༠

དྲ་ངོས་རྡེབ་ཚད།མི་ཐེངས། དྲ་ངོས་སྒྲིག་བཟོ། ཧུང་ཏེན་དྲ་རྒྱ།

甘公网安备 62300102000044号