今天是:

རེས་མོའི་གསར་འགྱུར།

ཀྲུང་དབྱང་གསུང་སྙན།

མདུན་ཤོག > རེས་མོའི་གསར་འགྱུར། > ཀྲུང་དབྱང་གསུང་སྙན།

ཁུལ་དམངས་ཆེན་རྒྱུན་ཨུ་ཁང་གི་ཏང་ཙུའུ་དང་ལས་ཁུངས་ཀྱིས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་སྐུལ་སློང་བཀོད་སྒྲིག་ ཚོགས་འདུ་བསྡུས་པ།

ཟླ3པའི་ཚེས18ཉིན་ལ། ཁུལ་དམངས་ཆེན་རྒྱུན་ཨུ་ཁང་གི་ཏང་ཙུའུ་དང་ལས་ཁུངས་ཀྱིས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་སྐུལ་སློང་བཀོད་སྒྲིག་ཚོགས་འདུ་བསྡུས།

说明: C:\Users\admin\Documents\WeChat Files\wxid_tw0jiwg5m33122\FileStorage\Temp\9d97ca3e583685cd88f37cda646ff035.jpg

ཁུལ་དམངས་ཆེན་རྒྱུན་ཨུ་ཁང་གི་ཏང་ཙུའུ་ཡི་ཧྲུའུ་ཅིའམ་ཀྲུའུ་རེན་བཀྲ་ཤིས་འཚོ་ཚོགས་འདུར་ཞུགས་ཏེ་གཏམ་བཤད།ཁུལ་དམངས་ཆེན་རྒྱུན་ཨུ་ཁང་གི་ཏང་ཙུའུ་ཡི་ཁོངས་མིའམ་ཀྲུའུ་རེན་གཞོན་པ་དབྱང་ཁྲང་ཏེ་ཡིས་ཚོགས་འདུའི་གཙོ་འགན་ཁུར།ཁུལ་དམངས་ཆེན་རྒྱུན་ཨུའི་ཏང་ཙུའུ་ཡི་ཁོངས་མིའམ་ཀྲུའུ་རེན་གཞོན་པ་ཏུང་ཡན་ཆིན་གྱིས་ཀྲུང་གུང་ཀན་ལྷོ་ ཁུལ་དམངས་ཆེན་རྒྱུན་ཨུ་ཁང་གི་ཏང་ཙུའུ་དང་ལས་ཁུངས་ཀྱི་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་ལག་བསྟར་ཇུས་གཞི་ སྒྲོག་སྦྱང་བྱས་པ་དང་།ཀྲུང་དབྱང་དང་ཞིང་ཆེན།ཁུལ་བཅས་ཀྱི་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་སྐུལ་སློང་ཚོགས་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་བྱས། 

བཀྲ་ཤིས་འཚོ་ཡིས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་སྤེལ་བ་ནི་ཐོག་མའི་བསམ་འདུན་བློ་ལ་བརྟན་པོར་ངེས་པའི་ལྡོག་མེད་ཀྱི་བླང་བྱ་ཞིག་དང་།ཕུགས་བསམ་དང་དད་སེམས་ཇེ་བརྟན་དུ་གཏོང་བའི་རྩ་བའི་བླང་བྱ་ཡིན་ལ།དུས་རབས་གསར་བའི་དམངས་ཆེན་བྱ་བ་སྤུས་ཚད་མཐོན་པོའི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བའི་དོན་དངོས་ཀྱི་བླང་བྱ་ཞིག་ཀྱང་ཡིན།ཁུལ་དམངས་ཆེན་རྒྱུན་ཨུ་ཁང་གི་ལས་ཁུངས་ཀྱི་ཏང་ཡོན་ལས་བྱེད་པ་ཡོངས་ཀྱིས་ལངས་གནས་ཇེ་མཐོར་བཏང་ནས།ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་དོན་སྙིང་གལ་ཆེན་ལ་ངོས་ཟིན་གང་ལེགས་བྱས་ཏེ།བསམ་བློ་དང་བྱ་སྤྱོད་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ཐོག་གཅིག་གྱུར་ཡོང་བ་བྱ་དགོས་ལ།“ཏང་གི་ལོ་རྒྱུས་སློབ་སྦྱོང་དང་བསམ་བློ་གོ་རྟོགས་བསྐྱེད་པ།དོན་དངོས་སྒྲུབ་པ”བཅས་ཀྱི་མཛུབ་སྟོན་བླང་བྱ་ལྟར།ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་སྤེལ་བའི་བསམ་བློའི་རང་རྟོགས་དང་ཆབ་སྲིད་ཀྱི་རང་རྟོགས།བྱ་སྤྱོད་ཀྱི་རང་རྟོགས་བཅས་རྒྱུན་ཆད་མེད་པར་སྲ་ བརྟན་དུ་གཏོང་དགོས་ཞེས་ནན་གྱིས་བསྟན།  

ཁུལ་དམངས་ཆེན་རྒྱུན་ཨུ་ཁང་གི་དྲུང་ཡིག་ཆེན་མོ་གཞོན་པ་དང་།ཁུལ་དམངས་ཆེན་གྱི་ཆེད་དོན་ཨུ་ཡོན་ལྷན་ཁང་སོ་སོ།རྒྱུན་ཨུ་ཁང་གི་ཨུ་ཡོན་ལྷན་ཁང་དང་གཞུང་སྒྲུབ་ཁང་སོ་སོའི་ཀྲུའུ་རེན་དང་ཀྲུའུ་རེན་གཞོན་པ།ད་རུང་ལས་ཁུངས་ཀྱི་ལས་བྱེད་མི་སྣ་བཅས་ཚོགས་འདུར་ཞུགས།།


©༢༠༡༧ཀན་ལྷོའི་ཏང་གི་འཛུགས་སྐྲུན་དྲ་བ། ཀྲུང་གུང་ཀན་ལྷོ་ཁུལ་ཨུའི་རྩ་འཛུགས་པུའུ་ཡིས་གཙོ་སྒྲུབ་བྱས་པས་པར་དབང་འདི་གར་དབང་།

སྡོད་གནས། ཀན་ལྷོ་ཁུལ་ཨུའི་གཅིག་གྱུར་གཞུང་ལས་ཐོག་ཁང་གི་དྲུག་ཐོག ཁ་པར། ༠༩༤༡--༨༢༢༢༡༥༩ སྦྲག་ཨང་། ༧༤༧༠༠༠

དྲ་ངོས་རྡེབ་ཚད།མི་ཐེངས། དྲ་ངོས་སྒྲིག་བཟོ། ཧུང་ཏེན་དྲ་རྒྱ།

甘公网安备 62300102000044号