今天是:

རེས་མོའི་གསར་འགྱུར།

ཀྲུང་དབྱང་གསུང་སྙན།

མདུན་ཤོག > རེས་མོའི་གསར་འགྱུར། > ཀྲུང་དབྱང་གསུང་སྙན།

ཁུལ་ཨུའི་རྒྱུན་ཨུ་ཁང་གི་རྒྱ་བསྐྱེད་གྲོས་ཚོགས་ཚོགས་པ།

    ཟླ3པའི་ཚེས16ཉིན་ལ།ཁུལ་ཨུའི་རྒྱུན་ཨུ་ཁང་གི་རྒྱ་སྐྱེད་གྲོས་ཚོགས་དང་ཁུལ་ཨུའི་རིགས་པའི་གཞུང་ལུགས་སློབ་ སྦྱོང་ལྟེ་གནས་ཚན་ཆུང་གི་གྲོས་ཚོགས་ཚོགས་ཏེ།སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་དགོངས་དོན་སློབ་སྦྱོང་དང་བརྒྱུད་བསྒྲགས་བྱས་ཤིང་རང་ཁུལ་གྱི་ལག་ལེན་དོན་འཁྱོལ་གྱི་བྱ་བ་བཀོད་སྒྲིག་བྱས།
    ཞིང་ཆེན་དམངས་ཆེན་རྒྱུན་ཨུ་ཁང་གི་ཀྲུའུ་རེན་གཞོན་པའམ་ཁུལ་ཨུའི་ཧྲུའུ་ཅི་ཡུས་ཁྲིན་ཧུའེ་ཡིས་གྲོས་ཚོགས་ཀྱི་གཙོ་འགན་ཁུར་བ་མ་ཟད་གཏམ་བཤད།    
    ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲའོ་ལིན་ཡུན་དང་ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་རིན་ཆེན་དོན་གྲུབ་ཀྱིས་སོ་སོར་བརྒྱུད་བསྒྲགས་བྱས།
    ཁུལ་དམངས་ཆེན་རྒྱུན་ཨུ་ཁང་གི་ཀྲུའུ་རེན་བཀྲ་ཤིས་འཚོ་གྲོས་ཚོགས་སུ་ཞུགས།  
    ཡུས་ཁྲིན་ཧུའེ་ཡིས་ད་ལོའི་རྒྱལ་ཡོངས་ཀྱི“ཚོགས་ཆེན་གཉིས”ནི་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འགོ་རྩོམ་པའི་དུས་སྐབས་སུ་ཚོགས་པའི་ཧ་ཅང་གལ་ཆེ་བའི་གྲོས་ཚོགས་ཤིག་ཡིན་ལ།དོན་སྙིང་དང་གྲུབ་ འབྲས་ཆེན་པོ་ལྡན།གྲོས་ཚོགས་སུ་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་གྲུབ་འབྲས་གསར་བ་ཆེན་པོ་ཐོབ་པར་གདེང་འཇོག་ཆེན་པོ་བྱས་ཤིང་།གཅིག་གྱུར་ངང་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་འགོ་ཁྲིད་བརྟན་པོའི་གྲུབ་འབྲས་ཀྱང་ཡིན་ཞིང་།ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཚན་རིག་དང་མཐུན་པའི་མཛུབ་ཁྲིད་ཀྱི་གྲུབ་འབྲས་ཀྱང་ཡིན།ཁུལ་ཡོངས་ཀྱི་རིམ་པ་སོ་སོ་དང་སྡེ་ཁག་སོ་སོས“འདུ་ཤེས་བཞི”ཇེ་དྲག་ཏུ་ གཏོང་བ་དང“གདེང་ཚོད་བཞི”ཇེ་བརྟན་དུ་གཏོང་བ།“སྲུང་སྐྱོང་གཉིས”སྒྲུབ་ཐུབ་པའི་མཐོ་ཚད་ནས་ལངས་པ་དང་། ཆབ་སྲིད་ཀྱི་བརྡར་གཅོད་ནུས་པ་དང་ཆབ་སྲིད་ཀྱི་ཤེས་རྟོགས་ནུས་པ།ཆབ་སྲིད་ཀྱི་ལག་བསྟར་ནུས་པ་ཇེ་མཐོར་གཏོང་ས་ནས་ལངས་ཏེ།རྒྱལ་ཡོངས་ཀྱི“ཚོགས་ཆེན་གཉིས”ཀྱི་དགོངས་དོན་དང་ཏང་གི་ཚོགས་ཆེན་བཅུ་དགུ་བ་སློབ་སྦྱོང་མཐའ་འཁྱོངས་བྱེད་པ་དང་སྐབས་བཅུ་དགུ་བའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་།གསུམ་པ།བཞི་བ།ལྔ་བ་བཅས་ཀྱི་དགོངས་དོན་གཅིག་གྱུར་སྒོས་ལག་ལེན་དོན་འཁྱོལ་བྱེད་པ།ཀྲུང་དབྱང་གི་བོད་ལྗོངས་བྱ་བའི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་ལག་ལེན་དོན་འཁྱོལ་བྱེད་པ་དང་དུས་རབས་གསར་བའི་ཏང་གི་བོད་སྐྱོང་ཐབས་ལམ་དང་ཟུང་འབྲེལ་བྱེད་པ།སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀན་སུའུ་རུ་གནང་བའི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་དགོངས་དོན་དང་མཉམ་འགུལ་བྱེད་པ།ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློའི་རླབས་ཆེན་དར་ཆ་ནམ་ཡང་ཀན་ལྷོ་ནས་མཐོན་པོར་བསྒྲེང་དགོས་ཞེས་བསྟན།
    ཁུལ་ཨུའི་རྒྱུན་ཨུ་དང་ཁུལ་དམངས་ཆེན་རྒྱུན་ཨུ་ཁང་གི་ཏང་ཡོན་ཀྲུའུ་རེན་གཞོན་པ། ཁུལ་སྲིད་གཞུང་གི་ཁུལ་དཔོན་གཞོན་པ། ཁུལ་སྲིད་གྲོས་ཀྱི་ཏང་ཡོན་ཀྲུའུ་ཞི་གཞོན་པ། ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་གི་འགོ་གཙོ། ཁུལ་མི་དམངས་ཞིབ་དཔྱོད་ཁང་གི་འགོ་གཙོ།ཁུལ་སྲིད་གཞུང་དང་ཁུལ་སྲིད་གྲོས་ཀྱི་དྲུང་ཡིག་ཆེན་མོ།ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་དྲུང་ཡིན་ཆེན་མོ་གཞོན་པ།ཁུལ་ཐད་གཏོགས་སྡེ་ཁག་སོ་སོ་དང་ཞིང་ཆེན་ཁོངས་གཏོགས་ཀྱི་ཁུལ་དུ་བཅའ་སྡོད་བྱེད་པའི་ལས་ཁུངས་སོ་སོའི་ཏང་ཙུའུ(ཏང་ཨུ)ཡི་འགན་ཁུར་བློ་མཐུན་གྲོས་ཚོགས་སུ་ཞུགས།།


©༢༠༡༧ཀན་ལྷོའི་ཏང་གི་འཛུགས་སྐྲུན་དྲ་བ། ཀྲུང་གུང་ཀན་ལྷོ་ཁུལ་ཨུའི་རྩ་འཛུགས་པུའུ་ཡིས་གཙོ་སྒྲུབ་བྱས་པས་པར་དབང་འདི་གར་དབང་།

སྡོད་གནས། ཀན་ལྷོ་ཁུལ་ཨུའི་གཅིག་གྱུར་གཞུང་ལས་ཐོག་ཁང་གི་དྲུག་ཐོག ཁ་པར། ༠༩༤༡--༨༢༢༢༡༥༩ སྦྲག་ཨང་། ༧༤༧༠༠༠

དྲ་ངོས་རྡེབ་ཚད།མི་ཐེངས། དྲ་ངོས་སྒྲིག་བཟོ། ཧུང་ཏེན་དྲ་རྒྱ།

甘公网安备 62300102000044号