今天是:

རེས་མོའི་གསར་འགྱུར།

ཀྲུང་དབྱང་གསུང་སྙན།

མདུན་ཤོག > རེས་མོའི་གསར་འགྱུར། > ཀྲུང་དབྱང་གསུང་སྙན།

ཡུས་ཁྲིན་ཧུའེ་ཡིས་སློབ་གསོའི་གཞི་ས་ཇུས་འགོད་ལ་བསམ་འཆར་བཏོན།

    ཟླ3པའི་ཚེས12ཉིན་ལ།ཞིང་ཆེན་དམངས་ཆེན་རྒྱུན་ཨུ་ཁང་གི་ཀྲུའུ་རེན་གཞོན་པའམ་ཁུལ་ཨུའི་ཧྲུའུ་ཅི་ཡུས་ཁྲིན་ ཧུའེ་ཡིས་ཆེད་དུ“དམར་དམག་རྒྱང་སྐྱོད་ཀྱིས་ཅོ་ནེ་རུ་གསར་བརྗེ་སྤེལ་བའི་སྲོལ་རྒྱུན་སློབ་གསོའི་གཞི་ས”ཇུས་འགོད་གནས་ཚུལ་གྱི་སྙན་ཞུར་ཉན་པ་མ་ཟད།ལས་གཞི་ཇུས་འགོད་ཀྱི་ཇུས་གཞིར་ཆེད་དོན་གྲོས་བསྡུར་བྱས།  
    གྲོས་ཚོགས་སུ་ཇུས་འགོད་སྡེ་ཁག་གིས་འགྲེམ་སྟོན་གྱི་བརྗོད་བྱ་གཙོ་བོ་དང་བར་མཐོངས་བཀོད་སྒྲིགཁྱོན་ཡོངས་ཀྱི་ཕན་འབྲས།སྒྲིག་བཀོད་ཆ་ཚང་གི་ནུས་པ་སོགས་ནང་དོན་གཙོ་བོར་དམིགས་ནས“དམར་དམག་རྒྱང་སྐྱོད་ཀྱིས་ཅོ་ནེ་རུ་གསར་བརྗེ་སྤེལ་བའི་སྲོལ་རྒྱུན་སློབ་གསོའི་གཞི་སའི”ཇུས་འགོད་ཇུས་གཞི་སྙན་ཞུ་ཞིབ་མོ་ཕུལ་བ་དང་།ཚོགས་ཞུགས་འགོ་ཁྲིད་པས་ཇུས་འགོད་ཇུས་གཞིར་དཔྱད་བརྗོད་བྱས་པ་དང་འབྲེལ་མཛུབ་སྟོན་བསམ་འཆར་ཡང་བཏོན། 
    ཡུས་ཁྲིན་ཧུའེ་ཡིས་ཇུས་འགོད་ཇུས་གཞིའི་བསམ་ཕྱོགས་གསར་རྐྱང་ཡིན་པ་དང་།འཛུགས་སྐྲུན་གྱི་ཁྱད་ཆོས་ཐུན་མོང་མ་ཡིན་པ།སྤྱི་ཡོངས་ཀྱི་ཕན་འབྲས་ལེགས་པོ་བཅས་ཡོད་པས་གསར་བརྗེའི་བརྗོད་བྱ་གཙོ་བོ་འབུར་དུ་ཐོན་ཡོད་ལ་དུས་རབས་ཀྱི་ཁྱད་ཆོས་ཀྱང་མངོན་ཡོད་པས།དུས་རབས་རང་བཞིན་དང་སྣེ་ཁྲིད་རང་བཞིན་ཆེན་པོ་ལྡན་འདུག་ཅེས་བསྟན།
    ཡུས་ཁྲིན་ཧུའེ་ཡིས་ཏང་ཡོངས་ཀྱི་གོང་འོག་ཚང་མས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་བྱ་བ་གཏིང་ཟབ་ཏུ་སྤེལ་བའི་གནད་འགག་འདིར།“དམར་དམག་རྒྱང་སྐྱོད་ཀྱིས་ཅོ་ནེ་རུ་གསར་བརྗེ་སྤེལ་བའི་སྲོལ་རྒྱུན་སློབ་གསོའི་གཞི་ས”འཆར་འགོད་འཛུགས་སྐྲུན་བྱས་པ་དེས།གསར་བརྗེའི་ཐོན་ཁུངས་སྔར་བས་སྔོག་འདོན་བྱས་ཏེ།གསར་བརྗེའི་སྲོལ་རྒྱུན་དང་གསར་བརྗེའི་རིག་གནས་རྒྱུན་འཛིན་བྱེད་པར་ལོ་རྒྱུས་ཀྱི་དོན་སྙིང་གཏིང་ཟབ་དང་དངོས་ཡོད་ཀྱི་དོན་སྙིང་གལ་ཆེན་ལྡན་པས། ལས་གཞི་ཇུས་འགོད་སྡེ་ཁག་གིས་ཇུས་འགོད་ཞིབ་ཚགས་བྱས་ནས་དྲན་གསོ་ཁང་གི་འགྲེམ་སྟོན་ཇུས་གཞི་ལས་ལོ་རྒྱུས་ཀྱི་བག་ཆགས་དང་། མི་སྣའི་ཉམས་མེད་ཀྱི་སྣང་བ། མྱོང་རོལ་གྱི་སེམས་འགུལ་ཐེབས་སྣང་། རིག་གནས་ཀྱི་འདེགས་སྐྱོར་ཚོར་བ། སློབ་གསོའི་དངོས་ཡོད་ཀྱི་ཚོར་བ།དད་སེམས་ཀྱི་རླབས་ཆེན་སྣང་བ།བསྐྱར་དར་གྱི་ལས་འགན་སྒྲུབ་སེམས་བཅས་མངོན་ཐུབ་པ་བྱ་དགོས་ཞེས་ནན་གྱིས་བསྟན།    
    ཡུས་ཁྲིན་ཧུའེ་ཡིས་གོམ་སྟབས་རྗེས་མར་ཇུས་གཞི་ཇེ་ལེགས་སུ་གཏོང་བའི་ཐད་དུ།མིག་སྔའི་གཙོ་གནད་དང་མ་འོངས་པའི་འཕེལ་ཕྱོགས་ཟུང་འབྲེལ་བྱས་ཏེ།གསར་བརྗེའི་བརྗོད་དོན་གཙོ་བོ་འབུར་དུ་ཐོན་པ་དང་དགེ་མཚན་ལྡན་པའི་ཁྱད་ཆོས་མངོན་པར་བྱས་ནས།གསར་བརྗེའི་ཡུལ་སྐོར་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ་དང་། ལོ་རྒྱུས་གཞི་འཛིན་ས་དང་དཔོན་པོའི་རིག་གནས་བརྗོད་དོན་གཙོ་བོ་བྱས་ཏེ།གསར་བརྗེའི་སྲོལ་རྒྱུན་རྒྱུན་འཛིན་དང་དད་མོས་ཀྱི་རྨང་གཞི་བརྟན་པོ་འཛུགས་པ།བསམ་བློའི་ཁ་ཕྱོགས་བརྟན་པོ་འཛིན་པ་བཅས་བྱས་ནས།བྱ་གཞག་སོ་སོ་ཡང་དག་པའི་ཁ་ཕྱོགས་བརྒྱུད་དེ་མདུན་དུ་བསྐྱོད་པ་འགན་ལེན་བྱ་དགོས།གསར་བརྗེའི་རིག་གནས་སྔོག་འདོན་གང་ལེགས་བྱེད་པ་དང་གསར་བརྗེའི་རིག་གནས་དར་སྤེལ་བཏང་ནས། སློབ་གསོའི་གཞི་ས་དེ་རིག་གནས་ལྟ་སྐོར་གླིང་དང་སྤྲོ་གསེང་ཉམས་ལེན་གླིང། སློབ་གསོ་ལག་ལེན་གླིང་དུ་འགྱུར་བ་བྱ་དགོས།གསར་བརྗེའི་བརྗོད་དོན་གཙོ་བོ་དང་གསར་བརྗེའི་རིག་གནས།རྒྱང་སྐྱོད་ཀྱི་སྙིང་སྟོབས་བཅས་མཚོན་པར་བྱས་ནས“ལོ་རྒྱུས་སློབ་སྦྱོང་བྱས་ནས་གནས་ལུགས་གསལ་རྟོགས་བྱེད་པ་དང་།ལོ་རྒྱུས་སློབ་སྦྱོང་བྱས་ནས་ཡིད་ཆེས་ཇེ་བརྟན་དུ་གཏོང་བ།ལོ་རྒྱུས་སློབ་སྦྱོང་བྱས་ནས་སྤྱོད་བཟང་དར་སྤེལ་གཏོང་བ།ལོ་རྒྱུས་སློབ་སྦྱོང་བྱས་ནས་ལག་ལེན་ཧུར་ཐག་བྱེད་པའི”དམིགས་བསལ་སྟེགས་བུ་དང་ཕན་ལྡན་གཞི་སའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། སློབ་གསོའི་གཞི་ས་དེ་ཉིད་བརྗོད་དོན་འབུར་དུ་ཐོན་པ་དང་ནང་དོན་ཕུན་སུམ་ཚོགས་པ།ལས་རྣམ་ཡོངས་སུ་ཚང་བ།ནུས་པ་འཐུས་སྒོ་ཚང་བ་བཅས་ཀྱི་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་གཞི་ས་དང་གསར་བརྗེའི་རིག་གནས་རྒྱུན་འཛིན་གཞི་ས་ཞིག་ཏུ་ཧུར་ཐག་གིས་བསྐྲུན་དགོས་ཞེས་ནན་གྱིས་བསྟན།
    ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་ཧོ་མོའུ་པའོ་དང་ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་ཨུའི་དྲུང་ཡིག་ཆེན་མོ། ཅོ་ནེ་རྫོང་ཨུའི་ཧྲུའུ་ཅི་དབྱང་ཝུའུ།ཁུལ་དཔོན་གཞོན་པ་དབྱང་ཀྲིན་ལིན།ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པའམ་ཅོ་ནེ་རྫོང་ཨུའི་ཧྲུའུ་ཅི་གཞོན་པ། རྫོང་དཔོན་ཧན་རྨིན་ཧྲིན་སོགས་སྙན་ཞུའི་གྲོས་ཚོགས་སུ་ཞུགས།།


©༢༠༡༧ཀན་ལྷོའི་ཏང་གི་འཛུགས་སྐྲུན་དྲ་བ། ཀྲུང་གུང་ཀན་ལྷོ་ཁུལ་ཨུའི་རྩ་འཛུགས་པུའུ་ཡིས་གཙོ་སྒྲུབ་བྱས་པས་པར་དབང་འདི་གར་དབང་།

སྡོད་གནས། ཀན་ལྷོ་ཁུལ་ཨུའི་གཅིག་གྱུར་གཞུང་ལས་ཐོག་ཁང་གི་དྲུག་ཐོག ཁ་པར། ༠༩༤༡--༨༢༢༢༡༥༩ སྦྲག་ཨང་། ༧༤༧༠༠༠

དྲ་ངོས་རྡེབ་ཚད།མི་ཐེངས། དྲ་ངོས་སྒྲིག་བཟོ། ཧུང་ཏེན་དྲ་རྒྱ།

甘公网安备 62300102000044号