今天是:

རེས་མོའི་གསར་འགྱུར།

ཀྲུང་དབྱང་གསུང་སྙན།

མདུན་ཤོག > རེས་མོའི་གསར་འགྱུར། > ཀྲུང་དབྱང་གསུང་སྙན།

ཁུལ་ཨུའི་རྒྱུན་ཨུའི་གྲོས་ཚོགས་བསྡུས་པ།

     ཉེ་ཆར།ཞིང་ཆེན་དམངས་ཆེན་རྒྱུན་ཨུ་ཁང་གི་ཀྲུའུ་རེན་གཞོན་པའམ་ཁུལ་ཨུའི་ཧྲུའུ་ཅི་ཡུས་ཁྲིན་ཧུའེ་ཡིས་གཙོ་འགན་ཁུར་ནས་ཁུལ་ཨུའི་རྒྱུན་ཨུའི་གྲོས་ཚོགས་བསྡུས་ཏེ།སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་དབུལ་ཐར་མཁྲེགས་གཏོར་གྱི་གཟེངས་བསྟོད་ཚོགས་ཆེན་དང་ཏང་གི་ལོ་རྒྱུས་སློབ་སྦྱོང་བྱེད་པའི་ཚོགས་ཆེན་སྟེང་གནང་བའི་གསུང་བཤད་གལ་ཆེན་དང་།རྒྱལ་ཡོངས་དང་ཞིང་ཆེན་གྱི་སྲིད་ཁྲིམས་དཔུང་སྡེའི་སློབ་གསོ་དག་ཐེར་གྱི་སྐུལ་སློང་བཀོད་སྒྲིག་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་བརྒྱུད་བསྒྲགས་བྱས་པ་མ་ཟད།དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་སྐོར་ཞིབ་བསམ་འཆར་སྒྲིག་བཅོས་ལེགས་པོ་བསྒྲུབ་པ་སོགས་ཀྱི་བྱ་བ་བཀོད་སྒྲིག་བྱས།     
གྲོས་ཚོགས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་ཀྱི་དབུལ་ཐར་མཁྲེགས་གཏོར་གྱི་གཟེངས་བསྟོད་ཚོགས་ཆེན་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱིས།ཏང་ཡོངས་དང་རྒྱལ་ཡོངས་ལ་འཐབ་ལམ་གསར་བར་རླབས་ཆེན་གྱི་བྱས་རྗེས་ངོ་མཚར་ཅན་དང་གསར་བ་མུ་མཐུད་དུ་འཇོག་རྒྱུར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་དང་སྒུལ་ཤུགས་ཆེན་པོ་བསྩལ་ཡོད།ཁུལ་ཡོངས་ཀྱི་རིམ་པ་སོ་སོའི་སྡེ་ཁག་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མི་དམངས་ལ་བཅངས་པའི་བརྩེ་སེམས་ཤེས་ཚོར་ཟབ་མོ་བྱེད་པ་དང་།ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་འབུར་ཐོན་དགེ་མཚན་ལ་ངོས་ཟིན་གཏིང་ཟབ་བྱེད་པ།ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ལག་ལེན་གྱི་སྟོབས་ཤུགས་ཆེན་པོར་གོ་བ་གཏིང་ཟབ་ལེན་པ། ནུས་ཤུགས་ཡོད་རྒུས“གོང་འོག་རྡོག་རྩ་གཅིག་སྒྲིལ། སྟོབས་ཤུགས་ཡོད་རྒུས་འཐབ་པ།གནད་ཁེལ་གྱི་བྱ་བ་དངོས་སྒྲུབ་པ།མཁྲེགས་གཏོར་དཀའ་སེལ།མི་དམངས་ལ་འགན་འཁུར་བ”བཅས་ཀྱི་དབུལ་ཐར་མཁྲེགས་གཏོར་གྱི་སྙིང་སྟོབས་དར་སྤེལ་གཏོང་བ་དང་།རང་ཁུལ་གྱི“རི་ཁུལ་དང་ཞིང་སྡེར་བསྐྱོད་དེ་དབུལ་ཐར་དམ་འཛིན་དང་ནུས་ཤུགས་གང་ཡོད་བཏོན་ནས་འབྱོར་འབྲིང་གི་ཕྱོགས་སུ་བསྐྱོད་པའི”བློ་སྟོབས་ཆེན་པོ་མུ་མཐུད་དུ་དར་སྤེལ་གཏོང་བ་དང་།དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དང་གསར་སྤེལ་བྱ་རྒྱུ་དེ་ཞིང་སྡེ་དར་རྒྱས་ དང་ནུས་ལྡན་གྱིས་འབྲེལ་མཐུད་བྱ་རྒྱུར་སྐུལ་འདེད་གཏོང་བ།སྤུས་ཚད་མཐོ་བའི་སྒོ་ནས་ཞིང་སྡེ་དར་རྒྱས་གཏོང་བའི་འཐབ་ཇུས་ལག་བསྟར་བྱས་ནས་ཞིང་སྡེ་དར་རྒྱས་ཁྲོད་དུ་ལེའུ་གསར་བ་རྩོམ་པའི“རུ་སྣེ་འདྲེན་མཁན”ལེགས་པོ་ཞིག་བྱ་དགོས་ཞེས་བསྟན།
    གྲོས་ཚོགས་སུ་རིམ་པ་སོ་སོའི་ཏང་རྩ་འཛུགས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་སྐུལ་སློང་ཚོགས་ཆེན་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ནས། འགན་འཁྲི་འཁུར་ཤུགས་ཆེ་རུ་གཏོང་བ་དང་འགན་འཁྲི་ནན་མོར་སྒྲུབ་པ། བྱ་ཐབས་གསར་གཏོད་དང་ཞིབ་ཕྲ་བཟོ་བ། སློབ་སྦྱོང་བྱེད་ཞོར་དུ་བྱ་བ་བསྒྲུབ་པ་དང་བྱ་བ་བསྒྲུབ་པའི་ཁྲོད་དུ་སློབ་སྦྱོང་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ།ཁུལ་ཡོངས་ཀྱི་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་ནུས་ལྡན་ངང་སྤེལ་རྒྱུར་སྐུལ་འདེད་བཏང་ནས་ཕུལ་བྱུང་གི་གྲུབ་འབྲས་ཀྱིས་ཏང་དབུ་བརྙེས་ནས་ལོ་འཁོར100ལོན་པར་རྟེན་འབྲེལ་ཞུ་བ་དང་།ཀན་ལྷོའི་ཕུན་སུམ་ཚོགས་པའི་ཏང་གི་ལོ་རྒྱུས་ཀྱི་ཐོན་ཁུངས་སྔོག་འདོན་ གཏིང་ཟབ་བྱས་ཏེ་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་གསར་བརྗེའི་ཐོན་ཁུངས་ཁྲོད་ནས་བསམ་བློ་སྦྱོང་བརྡར་བྱེད་པ་དང་། གསར་བརྗེའི་སྲོལ་རྒྱུན་རྒྱུན་འཛིན། གཟི་བརྗིད་ལྡན་པའི་སྲོལ་རྒྱུན་དར་སྤེལ་དང་། སྤྱོད་ཚུལ་བཟང་བོ་རྒྱུན་འཛིན། ཐོག་མའི་ཕུགས་འདུན་དང་ལས་འགན་ཤེས་རྟོགས་ཐུབ་པ་བཅས་བྱས་ནས།འབད་འབུངས་ཡར་བརྩོན་གྱིས་འཐབ་ལམ་གསར་བ་འབྱེད་པའི་བློ་གྲོས་དང་སྟོབས་ཤུགས་བསྡུ་ལེན་བྱ་དགོས།སྐོར་ཞིབ་སྒྲིག་བཅོས་ཀྱི་བྱ་བ་ལེགས་པར་བསྒྲུབ་རྒྱུ་དེ་མིག་སྔར་དང་སླད་ཕྱིན་གྱི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ནས་དམ་འཛིན་བྱས་ཏེ།ནན་ཏན་གྱིས་ཆབ་སྲིད་ཀྱི་བརྡར་ཤ་གཅོད་ནུས་དང་ཆབ་སྲིད་ཀྱི་གོ་བ་ལེན་ནུས།ཆབ་སྲིད་ཀྱི་ལག་བསྟར་ནུས་པ་བཅས་ཆེ་རུ་གཏོང་བ་དང་།ཕྱོགས་ཡོངས་ནས་སྣ་སོ་སོའི་གནད་དོན་སྒྲིག་བཅོས་བྱེད་པའི་བྱ་བ་དམ་འཛིན་ལེགས་པོ་བྱས་ཏེ། བྱ་སྤྱོད་དངོས་ཀྱི་ཐོག་ནས་ལག་བསྟར་བྱས་ནས། ཕན་འབྲས་དངོས་ཡོང་བ་བྱ་དགོས་ཞེས་ནན་གྱིས་བསྟན།
    གྲོས་ཚོགས་ཀྱིས་ད་དུང་དོན་ཚན་གཞན་པར་ཞིབ་འཇུག་བྱས།
    ཁུལ་ཨུའི་རྒྱུན་ཨུ་དབྱང་ཝུའུ་དང་དབྱང་ཅུན། ཧྲི་ཀྲན་ལིའང་། ལིའུ་ཡུང་ཀོ མ་ཡིའུ་ཞིན། ཧྥུན་ཞའོ་ལིན། མ་ཡུས་བཅས་གྲོས་ཚོགས་སུ་ཞུགས།ཁུལ་དམངས་ཆེན་རྒྱུན་ཨུ་ཁང་གི་ཀྲུའུ་རེན་བཀྲ་ཤིས་འཚོ་གྲོས་ཚོགས་སུ་ཟུར་ཞུགས་བྱས།།


©༢༠༡༧ཀན་ལྷོའི་ཏང་གི་འཛུགས་སྐྲུན་དྲ་བ། ཀྲུང་གུང་ཀན་ལྷོ་ཁུལ་ཨུའི་རྩ་འཛུགས་པུའུ་ཡིས་གཙོ་སྒྲུབ་བྱས་པས་པར་དབང་འདི་གར་དབང་།

སྡོད་གནས། ཀན་ལྷོ་ཁུལ་ཨུའི་གཅིག་གྱུར་གཞུང་ལས་ཐོག་ཁང་གི་དྲུག་ཐོག ཁ་པར། ༠༩༤༡--༨༢༢༢༡༥༩ སྦྲག་ཨང་། ༧༤༧༠༠༠

དྲ་ངོས་རྡེབ་ཚད།མི་ཐེངས། དྲ་ངོས་སྒྲིག་བཟོ། ཧུང་ཏེན་དྲ་རྒྱ།

甘公网安备 62300102000044号