今天是:

རེས་མོའི་གསར་འགྱུར།

ཀྲུང་དབྱང་གསུང་སྙན།

མདུན་ཤོག > རེས་མོའི་གསར་འགྱུར། > ཀྲུང་དབྱང་གསུང་སྙན།

མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་བཞི་བ་ཚོགས་པ།

ཟླ3པའི་ཚེས5ཉིན་གྱི་སྔ་དྲོའི་ཆུ་ཚོད9བར།མི་དམངས་ཚོགས་ཁང་ཆེན་མོར་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་བཞི་བའི་འགོ་ཚུགས་ཚོགས་འདུ་ཚོགས།

说明: C:\Users\admin\Desktop\微信图片_20210311091530.jpg

རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ལི་ཀྲན་ཧྲུའུ་ཡིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་བཞི་བ་འགོ་ཚུགས་པའི་ཁྱབ་བསྒྲགས་གནང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་བློ་མཐུན་ལི་ཁེ་ཆང་གིས་སྲིད་གཞུང་གི་ལས་ཀའི་སྙན་ཞུ་གནང་། ལི་ཁེ་ཆང་གིས་སྲིད་གཞུང་གི་ལས་ཀའི་སྙན་ཞུ་ནང་འདས་པའི་ལོ་གཅིག་ནང་རང་རྒྱལ་གྱིས་མི་དམངས་ཀྱི་བློ་ལ་བབས་པ་དང་། འཛམ་གླིང་གིས་དོ་སྣང་བྱེད་པ། ལོ་རྒྱུས་ཀྱི་དེབ་ཐེར་ནང་བཀོད་ཆོག་པའི་གྲུབ་འབྲས་བླངས་ཡོད་ཟེར། ལི་ཁེ་ཆང་གིས་སྲིད་གཞུང་གི་ལས་ཀའི་སྙན་ཞུའི་ནང་ལོ་ལྔའི་འཆར་གཞི་ཨང་བཅུ་བཞི་བའི་རིང་གི་དམིགས་ཚད་ལས་འགན་གཙོ་བོ་ངོ་སྤྲོད་གནང་། 

 ཀྲུང་གུང་ཀྲུང་དབྱང་གི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་དུ་སྤེལ་བའི་ལོ་ལྔའི་འཆར་གཞི་ཨང་བཅུ་བཞི་བའི་འཆར་འགོད་དང2035ལོའི་ཕུགས་རིང་དམིགས་འབེན་གཏན་འབེབས་བྱ་རྒྱུའི་སྐོར་གྱི་གྲོས་འགོགཞིར་བཟུང་ནས་རྒྱལ་སྲིད་སྤྱི་ཁྱབ་ཁང་གིསརྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་དུ་སྤེལ་བའི་ལོ་ལྔའི་འཆར་གཞི་ཨང་བཅུ་བཞི་བའི་འཆར་འགོད་དང2035ལོའི་ཕུགས་རིང་་དམིགས་འབེན་རྩ་གནད༼འཆར་ཟིན༽སྒྲིག་བཟོ་བྱས།

        རྩ་གནད་འཆར་ཟིནནང་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་བསམ་བློར་མཛུབ་སྟོན་མཐའ་འཁྱོངས་བྱས་ནས་ལོ་ལྔའི་འཆར་གཞི་ཨང་བཅུ་བཞི་བའི་རིང་གི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་ཚད་གཙོ་བོ་དང་ལས་འགན་གལ་ཆེན་དངོས་སུ་ཚད་འབེབས་བྱས་ཏེ་ཚོགས་ཆེན་ཐོག་ཞིབ་བཤེར་བྱ་རྒྱུར་ཕུལ།ལི་ཁེ་ཆང་གིས་འབྱུང་འགྱུར་ལ་རྒྱང་ལྟ་བྱེད་སྐབས་ང་ཚོར་མདུན་སྐྱོད་ལམ་བུའི་ཐོག་གི་དཀའ་ངལ་དང་ཉེན་ཁ་ལས་རྣམ་པར་རྒྱལ་ནས་ལོ་ལྔའི་འཆར་གཞི་ཨང་བཅུ་བཞི་བའི་འཆར་འགོད་དམིགས་ཚད་ཀྱི་ལས་འགན་ལེགས་སྒྲུབ་བྱས་ཏེ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་བྱ་གཞག་གི་ལེའུ་གསར་པ་ཧུར་ཐག་རྩོམ་རྒྱུའི་ཡིད་ཆེས་དང་ནུས་པ་ཡོད་ཅེས་བསྟན།།


©༢༠༡༧ཀན་ལྷོའི་ཏང་གི་འཛུགས་སྐྲུན་དྲ་བ། ཀྲུང་གུང་ཀན་ལྷོ་ཁུལ་ཨུའི་རྩ་འཛུགས་པུའུ་ཡིས་གཙོ་སྒྲུབ་བྱས་པས་པར་དབང་འདི་གར་དབང་།

སྡོད་གནས། ཀན་ལྷོ་ཁུལ་ཨུའི་གཅིག་གྱུར་གཞུང་ལས་ཐོག་ཁང་གི་དྲུག་ཐོག ཁ་པར། ༠༩༤༡--༨༢༢༢༡༥༩ སྦྲག་ཨང་། ༧༤༧༠༠༠

དྲ་ངོས་རྡེབ་ཚད།མི་ཐེངས། དྲ་ངོས་སྒྲིག་བཟོ། ཧུང་ཏེན་དྲ་རྒྱ།

甘公网安备 62300102000044号