今天是:

གཞི་རིམ་ཏང་འཛུགས།

གཞི་རིམ་རྩ་འཛུགས་འཛུགས་སྐྲུན།

མདུན་ཤོག > གཞི་རིམ་ཏང་འཛུགས། > གཞི་རིམ་རྩ་འཛུགས་འཛུགས་སྐྲུན།

རང་ཁུལ་གྱི་ཐབས་ལམ་མང་བོའི་ལས་ཞུགས་བྱ་བར་རྟོག་ཞིབ་བྱས་པ།

ཟླ3པའི་ཚེས18ཉིན་ནས་ཚེས19ཉིན་ལ།རྒྱལ་ཡོངས་སྲིད་གྲོས་མི་རིགས་དང་ཆོས་ལུགས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་ལུའོ་ལི་མིང་གིས་རྟོག་ཞིབ་ཚན་ཆུང་གི་སྣེ་ཁྲིད་དེ།རང་ཁུལ་དུ་ཡོང་ནས་མི་རིགས་ས་ཁུལ་གྱི་ཐབས་ལམ་མང་བོར་བརྟེན་ནས་ལས་ཞུགས་བྱེད་པའི་བྱ་བར་རྟོག་ཞིབ་བྱས་པ་དང་འབྲེལ་བཞུགས་མོལ་གྲོས་ཚོགས་བསྡུས།

 说明: C:\Users\admin\Desktop\微信图片_20210329104121.jpg

རྒྱལ་ཡོངས་སྲིད་གྲོས་མི་རིགས་དང་ཆོས་ལུགས་ཨུ་ཡོན་ལྷན་ཁང་གི་ཚོགས་སྡོད་ཀྲུའུ་རེན་གཞོན་པ་དབྱང་ཞའོ་པའོ་དང་ནང་སོག་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ལིའུ་ཞིན་ལེ།ཀན་སུའུ་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་མ་ཝུན་ཡུན་དང་ཀན་སུའུ་ཞིང་ཆེན་སྲིད་གྲོས་མི་རིགས་དང་ཆོས་ལུགས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཀྲའོ་གོ་ཆང་གིས་ མཉམ་དུ་རྟོག་ཞིབ་བྱས།   

ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་རིན་ཆེན་དོན་གྲུབ་དང་ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་ཧོ་མོའུ་པའོ།ཁུལ་དཔོན་གཞོན་པ་ལིའང་ཝེ་ཅི།ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་སྒྲོལ་མ་སྐྱབས་བཅས་ཀྱིས་རྟོག་ཞིབ་བྱེད་པར་འགྲོ་རོགས་བྱས། 

རྟོག་ཞིབ་ཚན་ཆུང་འཁོར་དང་བཅས་པས་སྔ་རྗེས་སུ་བསང་ཆུ་རྫོང་བླ་བྲང་གྲོང་རྡལ་དང་།མདའ་མེད་ཤང་རྡང་བུས་མདོ་སྡེ་བ།བསང་ཆུ་རྫོང་ཞོ་སྟོན་འོ་མའི་ལས་རིགས།ཀན་སུའུ་ཧྭ་ལིན་འོ་མའི་ལས་རིགས།ཀན་སུའུ་ལུའོ་ཡོན་འོ་མའི་ལས་རིགས་དང་།ཀན་སུའུ་མི་རིགས་དགེ་འོས་སློབ་ཆེན།ཀན་ལྷོ་ཁུལ་མི་ཤུགས་ཐོན་ཁུངས་ཞབས་ཞུའི་ཐོན་ལསསྐྱེད་སྲིང་གླིང་བཅས་སུ་སོང་སྟེ་ཡུལ་དངོས་སུ་རྟོག་ཞིབ་བྱས་ཤིང་། ཐོན་ལས་འཛུགས་སྐྲུན་དང་ཐོན་ལས་འཕེལ་རྒྱས། སློབ་ཆེན་གྱི་སློབ་གསོ། མང་ཚོགས་ལས་ཞུགས་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་ཞིབ་མོ་བྱས།   

དེའི་རྗེས་ཚོགས་པའི་བཞུགས་མོལ་གྲོས་ཚོགས་སུ་རང་ཁུལ་གྱི་ཁེ་ལས་ཁ་ཤས་དང་།ཁུལ་ཐད་གཏོགས་ཀྱི་འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་བས་གཏམ་བཤད་སྤེལ་རེས་བྱས།ཁུལ་གྱི་ཐབས་ལམ་མང་བོར་བརྟེན་ནས་ལས་ཞུགས་བྱེད་པའི་བྱ་བ་སྤེལ་ཚུལ་གྱི་སྙན་ཞུར་ཉན་རྗེས།ལུའོ་ལི་མིང་གིས་ཀན་ལྷོའི་ཉེ་བའི་ལོ་ཤས་རིང་གི་འཕེལ་རྒྱས་གྲུབ་འབྲས་དང་།ཐབས་ལམ་མང་བོར་བརྟེན་ནས་ལས་ཞུགས་བྱེད་པའི་བྱ་བར་ཐོབ་པའི་ཕན་འབྲས་ལ་གདེང་འཇོག་གང་ལེགས་བྱས།ཁོས་ཀན་ལྷོ་ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་མི་རིགས་ས་ཁུལ་དུ་ཐབས་ལམ་མང་བོར་བརྟེན་ནས་ལས་ཞུགས་གནད་དོན་ཐག་གཅོད་པའི་ཉམས་མྱོང་དང་བྱེད་ཐབས་ལ་སློབ་སྦྱོང་བྱེད་རིན་ཡོད་པ་དང་།མི་རིགས་ས་ཁུལ་གྱི་ཐབས་ལམ་མང་བོར་བརྟེན་ནས་ལས་ཞུགས་ལ་སྐུལ་འདེད་གཏོང་བའི་ཐད་དུ་ཀན་ལྷོའི་ཁྱད་ཆོས་ལྡན་པའི་ཐབས་ལམ་གསར་བ་ཞིག་བཏོད་ཡོད། སྡེ་ཁག་སོ་སོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ལས་ཞུགས་བྱ་བའི་སྐོར་གྱི་རྣམ་བཤད་དང་མཛུབ་སྟོན་རབ་དང་རིམ་པའི་དགོངས་དོན་ལ་སློབ་སྦྱོང་ནན་མོ་དང་གོ་བ་ཟབ་མོ་བླངས་ནས།མི་རིགས་ས་ཁུལ་གྱིས་ཐབས་ལམ་མང་བོར་བརྟེན་ནས་ལས་ཞུགས་བྱེད་པའི་གལ་ཆེའི་རང་བཞིན་ལ་ངོས་ཟིན་གང་ལེགས་བྱས་ཏེ།དོན་དངོས་དང་ཟུང་འབྲེལ་དང་ཡུལ་བབ་དང་བསྟུན་པར་བྱས་ནས་མི་རིགས་ས་ཁུལ་གྱི་ཁྱད་ཆོས་ལྡན་པའི་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་།ཐོན་ལས་ཀྱི་ལས་ཞུགས་བསྡུ་ལེན་ནུས་པ་ཆེ་རུ་གཏོང་བ།འཐབ་ཇུས་དང་སྤྱི་ཡོངས་ཀྱི་འཆར་འགོད་ཐོག་ནས་ཐབས་ལམ་མང་བོར་བརྟེན་ཏེ་ལས་ཞུགས་གནད་དོན་ཐག་བཅད་ནས།ལས་གནས་ཤོར་བའི་ལས་བཟོ་བ་དང་།སློབ་ཆེན་མཐར་ཕྱིན་སློབ་མ།དམག་ཁོངས་ལས་ཕྱིར་བུད་པའི་དམག་མི་བཅས་ཐབས་ལམ་མང་བོར་བརྟེན་ནས་ལས་ཞུགས་བྱ་རྒྱུར་རོགས་རམ་བྱས་ཏེ།ཐག་ཉེ་སར་ལས་ཞུགས་འཐུབ་རྒྱུར་སྐུལ་འདེད་བཏང་ནས།མི་རིགས་ས་ཁུལ་གྱི་ལས་གཏོད་ལས་ཞུགས་ཀྱི་ཁོར་ཡུག་རྒྱུན་ཆད་མེད་པར་ཇེ་ལེགས་སུ་བཏང་སྟེ། ཀན་ལྷོའི་དཔལ་འབྱོར་སྤུས་ཚད་མཐོན་པོའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་བསྟན།།


©༢༠༡༧ཀན་ལྷོའི་ཏང་གི་འཛུགས་སྐྲུན་དྲ་བ། ཀྲུང་གུང་ཀན་ལྷོ་ཁུལ་ཨུའི་རྩ་འཛུགས་པུའུ་ཡིས་གཙོ་སྒྲུབ་བྱས་པས་པར་དབང་འདི་གར་དབང་།

སྡོད་གནས། ཀན་ལྷོ་ཁུལ་ཨུའི་གཅིག་གྱུར་གཞུང་ལས་ཐོག་ཁང་གི་དྲུག་ཐོག ཁ་པར། ༠༩༤༡--༨༢༢༢༡༥༩ སྦྲག་ཨང་། ༧༤༧༠༠༠

དྲ་ངོས་རྡེབ་ཚད།མི་ཐེངས། དྲ་ངོས་སྒྲིག་བཟོ། ཧུང་ཏེན་དྲ་རྒྱ།

甘公网安备 62300102000044号