今天是:

གཞི་རིམ་ཏང་འཛུགས།

གཞི་རིམ་རྩ་འཛུགས་འཛུགས་སྐྲུན།

མདུན་ཤོག > གཞི་རིམ་ཏང་འཛུགས། > གཞི་རིམ་རྩ་འཛུགས་འཛུགས་སྐྲུན།

རྨ་ཆུ་རྫོང་གིས་སྡེ་བའི(སྡེ་ཁུལ)ལས་བྱེད་པ་ཡོངས་ལ“མི་གཅིག་ཚགས་གཅིག”གི་ཡིག་ཚགས་བཟོས་པ།

说明: C:\Users\admin\Documents\WeChat Files\wxid_tw0jiwg5m33122\FileStorage\Temp\bbf051f39a783561f8b1372677f62faa.jpg

ཉེ་ལམ་རྨ་ཆུ་རྫོང་གིས་ཕྱོགས་ཀུན་ནས་རྫོང་ཡོངས་ཀྱི་སྡེ་བའིསྡེ་ཁུལལས་བྱེད་པའི་གཞི་རྩའི་གནས་ཚུལ་ལ་རྒྱུས་ལོན་གསལ་བོ་བྱས་ཏེ།སྡེ་བའི་ལས་བྱེད་པའི་དཔུང་ཁག་གི་སློབ་གསོ་དང་དོ་དམ།དཔྱད་ཞིབ།ལྟ་སྐུལ་བཅས་ཤུགས་ཆེར་གཏོང་ཕྱིར།ལོ་རྒྱུས་ལ་བརྩི་འཇོག་དང་།དངོས་དོན་དང་མཐུན་པ།ཐམས་ཅད་ཡང་དག་པ།རིམ་བཞིན་འཐུས་ཚང་དུ་གཏོང་བ།གཅིག་གྱུར་དོ་དམ་བྱེད་པ་སོགས་ཀྱི་རྩ་དོན་གཞིར་བཟུང་ནས།རྫོང་ཡོངས་ཀྱིས་སྡེ་བའིསྡེ་ཁུལལས་བྱེད་པ164ལ་ཡིག་ཚགས་ལེགས་པོར་བཟོས།

说明: C:\Users\admin\Documents\WeChat Files\wxid_tw0jiwg5m33122\FileStorage\Temp\fd343937045b24597ca623b13e3de207.jpg

བརྟག་དཔྱད་གཏིང་ལེན“ཟབ”ཅིང་།ཡིག་ཆ་འཚོལ་སྡུད“ཞིབ”པ།སྡེ་བའིསྡེ་ཁུལ“ཨུ་གཉིས”བརྗེ་སྤོར་བྱས་མ་ཐག་ཏུ་རྫོང་ཨུའི་རྩ་འཛུགས་པུའུ་ཡིས་ཆེད་དུ་སྡེ་བའི་ལས་བྱེད་པའི་ཡིག་ཚགས་འཚོལ་སྡུད་དང་ལེགས་སྒྲིག ཚགས་འཇུག་སོགས་བྱ་བར་དམིགས་ནས། ཤང་དང་གྲོང་བརྡལར་བགྱི་འགན་ཁུར་མི་སྣ་སྒྲིག་འཛུགས་བྱས་ནས་སྡེ་བའིསྡེ་ཁུལལས་བྱེད་པར་བརྟག་དཔྱད་གཏིང་ལོན་བྱས་ཏེ། གཅིག་གྱུར་ཏུསྡེ་བའིསྡེ་ཁུལལས་བྱེད་པའི་ལོ་རྒྱུས་རེའུ་མིགབཟོས། སྡེ་བའིསྡེ་ཁུལལས་བྱེད་པའི་ལོ་རྒྱུས་ཡིག་ཆ་དང་། མཉམ་བཤེར་ཡིག་ཆ། བསྐོ་འཐེན་ཡིག་ཆ།ཐོབ་ཐང་ལག་འཁྱེར།མཐར་ཕྱིན་ལག་རྟགས།ཡོན་ཚད་ཀྱི་དཔང་ཡིགགསོ་སྦྱོང་དང་སློབ་གསོ་བསྐྱར་མྱོང་ཡིག་ཆ།ཏང་ཐོན་ཡིག་ཆ།བྱ་དགའ་ཆད་འགེལ་ཡིག་ཆ།གཞན་ད་དུང་ཡིག་ཚགས་སུ་འཇུག་དགོས་པའི་ཡིག་ཆ་རིགས8སོགས་ཚང་བར་བྱས་ནས། ཡིག་ཚགས་ནང་དོན་འཐུས་ཚང་ཡིན་པར་ཁག་ཐེག་བྱས་ཡོད།

དབྱེ་འབྱེད་ལེགས་སྒྲིག“དག”ཅིང་།ཡིག་ཚགས་བཟོས་པ“དམ”པ།རྫོང་ཨུའི་རྩ་འཛུགས་པུའུ་དང་། ཤང་དང་གྲོང་

བརྡལ་(ར་བ)གྱི་ཏང་ཨུའི་ཆེད་བསྐོས་མི་སྣས་སྡེ་བའི་(སྡེ་ཁུལ)ལས་བྱེད་པའི་མི་སྒེར་ཡིག་ཚགས་ལ་གཟབ་ནན་དབྱེ་འབྱེད་དང་།ལྷག་པར་དུ་སྡེ་བའི་(སྡེ་ཁུལ)ལས་བྱེད་པའི“ལོ་གྲངས་གསུམ་དང་ལོ་རྒྱུས་གཉིས།ཐོབ་ཐང་གཅིག”བཅས་ཀྱི་ཆ་འཕྲིན་གལ་ཆེན་རྣམས་ཁ་ཚང་ཡིན་མིན།བཟོ་བཅོས་བྱས་ཡོད་མེད།ཚགས་འཇུག་བླང་བྱ་དང་མཐུན་མིན།དུས་ལྟར་སྡེ་བའི་ལས་བྱེད་པའི་མི་སྒེར་མི་དོན་ཡིག་ཚགས་ཁུག་མར་འཇུག་གིན་ཡོད་མེད་སོགས་དབྱེ་འབྱེད་བྱས་ཏེ།ཁ་མི་ཚང་བའམ་བརྫུན་བཟོ་བྱས་པའི་ཡིག་ཆ་ཡོད་ཚེ་ཐད་ཀར་ཕྱིར་འཁྱེར་དུ་བཅུག་ནས་ཡང་བསྐྱར་དབྱེ་འབྱེད་གསལ་བོ་དང་།འབྲེལ་ཡོད་མི་སྣའི་འགན་འཁྲི་རྩད་གཅོད་བྱས་ཏེ།སྡེ་བའི་(སྡེ་ཁུལ)ལས་བྱེད་པའི་ཡིག་ཚགས་ཁ་ཚང་ཞིང་ངོ་མ་ཡིན་པར་ཁག་ཐེག་དང་།ཡིག་ཚགས་བཟོ་བའི་བྱ་བའི་གཟབ་ནན་རང་བཞིན་སྲུང་འཛིན་བྱས་ཡོད།

ཆེད་མའི་འགན་འཁུར“ནན”ཞིང་།འགུལ་རྣམ་དོ་དམ“བདེ”བ། སྡེ་བའི་(སྡེ་ཁུལ)ཏང་རྩ་འཛུགས་ཀྱི་ཧྲུའུ་ཅི་ཡི་ཡིག་ཚགས་རྫོང་ཨུའི་རྩ་འཛུགས་པུའུ་ཡིས་འགན་ཁུར་ནས་དོ་དམ་བྱེད་པ།སྡེ་བའིསྡེ་ཁུལ)ལས་བྱེད་པ་གཞན་དག་གི་ཡིག་ཚགས་ཤང་དང་གྲོང་རྡལར་བ)རང་གིས་གཅིག་གྱུར་དུ་དོ་དམ་བྱེད་པ།མི་གཅིག་ཚགས་གཅིག་ལག་བསྟར་བྱས་ཏེ། ཆེད་བཟོས་སྒམ་དུ་འཇུག་པ། ཆེད་མིས་འགན་ཁུར་བ་དང་ཆེད་མིས་བདག་དམ་བྱེད་པ། བྱེ་བྲག་ཏུ་ཤང་དང་གྲོང་རྡལར་བ)གྱི་ཏང་ཨུའི་ལས་བགོས་འགོ་ཁྲིད་ཀྱིས་འགན་ཁུར་ཞིང་། རྩ་འཛུགས་མི་སྣས་ཐད་ཀར་འགན་ཁུར་བ་དང་། ཏང་རྩ་འཛུགས་ཀྱི་ལས་མིས་ཆེད་དུ་འགན་ཁུར་བའི་འགན་འཁྲིའི་མ་ལག་བཙུགས་ཏེ། སྡེ་བའི(སྡེ་ཁུལ)ལས་བྱེད་པའི་གཞུག་ཕྱོགས་ཀྱི་བྱ་བའི་ཁྲོད་བྱུང་བའི་ཡིག་ཆ་དགདུས་ལྟར་སྡེ་བའི(སྡེ་ཁུལ)ལས་བྱེད་པའི་ཡིག་ཚགས་སུ་གསབ་འཇུག་བྱས་ཏེ། ཡིག་ཚགས་ཕྱོགས་ཀུན་ནས་ཁ་ཚང་བར་ཁག་ཐེག་བྱས་ཡོད།

སྒྲིག་ཁྲིམས་ལམ་ལུགས“ཚང”ཞིང་། ཕྱོགས་བསྡུས་བེད་སྤྱོད“བཟང”བ། སྡེ་བའིསྡེ་ཁུལ)ལས་བྱེད་པའི་ཡིག་ཚགས་དོ་དམ་རྒྱུན་ལྡན་རང་བཞིན་གྱི་ལམ་ལུགས་དང་།དོ་དམ་པའི་འགན་འཁྲི།གསང་སྲུང་བདེ་འཇགས།ཀློག་བཤེར་གཡར་བཤེར་སོགས་འབྲེལ་ཡོད་ལམ་ལུགས་བཙུགས་ནས།སྡེ་བའི(སྡེ་ཁུལ)ལས་བྱེད་པའི“མི་གཅིག་ཚགས་གཅིག”གི་དོ་དམ་བྱ་བར་འགན་སྲུང་ལམ་ལུགས་ཀྱི་ལམ་སྲོལ་འཛུགས་པ་དང་། གཞི་རྩའི་ཐོག་ནས་ཡིག་ཚགས་ཀྱི་འགུལ་རྣམ་དོ་དམ་དང་། བྱ་བ་རྩིས་སྤྲོད། ཀློག་བཤེར་ཐོ་འགོད། གསང་སྲུང་བདེ་འཇགས། ཡིག་ཚགས་སྒྲིག་ཆས་སྲུང་སྐྱོབ་སོགས་ཀྱི་རྣམ་པ་ཚད་ལྡན་དུ་གཏོང་བ། ཁྱོན་ཡོངས་ནས་སྡེ་བའི་ལས་བྱེད་པའི་ཡིག་ཚགས་ཀྱི་ཕན་ནུས་འདོན་སྤེལ་བྱས་ཏེ། སྡེ་བའིསྡེ་ཁུལ)ལས་བྱེད་པའི་ཡིག་ཚགས་དོ་དམ་གྱི་ཞིབ་ཚགས་རང་བཞིན་དང་། ལམ་ལུགས་རང་བཞིན། ཚད་ལྡན་རང་བཞིན་བཅས་ལ་ཁག་ཐེག་བྱས་ཡོད།།


©༢༠༡༧ཀན་ལྷོའི་ཏང་གི་འཛུགས་སྐྲུན་དྲ་བ། ཀྲུང་གུང་ཀན་ལྷོ་ཁུལ་ཨུའི་རྩ་འཛུགས་པུའུ་ཡིས་གཙོ་སྒྲུབ་བྱས་པས་པར་དབང་འདི་གར་དབང་།

སྡོད་གནས། ཀན་ལྷོ་ཁུལ་ཨུའི་གཅིག་གྱུར་གཞུང་ལས་ཐོག་ཁང་གི་དྲུག་ཐོག ཁ་པར། ༠༩༤༡--༨༢༢༢༡༥༩ སྦྲག་ཨང་། ༧༤༧༠༠༠

དྲ་ངོས་རྡེབ་ཚད།མི་ཐེངས། དྲ་ངོས་སྒྲིག་བཟོ། ཧུང་ཏེན་དྲ་རྒྱ།

甘公网安备 62300102000044号