ཟླ3པའི་ཚེས22ནས23ཉིན་བར།ཀྲུང་གོ་ཞིང་ལས་ཚན་རིག་ཁང་གི་ཀྲུའུ་རེན་གཞོན་པའམ་ཞིབ་འཇུག་གཞོན་པ།ཞིང་ལས་རིག་པའི་འབུམ་རམས་པ།རྒྱལ་ཁབ་ཕྱུགས་རྩྭའི་མ་ལག་ཚོད་ལྟའི་ལྟེ་གནས་ཀྱི་འགོ་འཛིན་པ།ཧུའུ་ལུན་པེར་རྒྱལ་ཁབ་ཕྱི་རོལ་བརྟག་དཔྱད་ཁང་གི་རྒྱུན་ལས་འགོ་འཛིན་གཞོན་པ་ཞུས་ལི་ཅུན་གྱིས་ཆེད་ལས་མཁས་པའི་ཚན་ཆུང་གི་སྣེ་ཁྲིད་དེ།ཅོ་ནེ་རྫོང་གི་ལྗང་མདོག་སྐྱེ་ཁམས་ཀྱི་རོང་འབྲོག་ལས་འཕེལ་རྒྱས་གནས་ཚུལ་ལ་རྟོག་ཞིབ་བྱས།རྫོང་ཨུའི་ཧྲུའུ་ཅི་གཞོན་པ་ཝང་ཧུང་ལིན་དང་ཞིང་ལས་གྲོང་གསེབ་ཅུས་ཀྱི་འབྲེལ་ཡོད་འགན་ཁུར་བ།དེ་བཞིན་ཀན་ལྷོ་ཁུལ་ནཱ་ཕུང་སྐྱེ་དངོས་ཚན་རྩལ་ཚད་ཡོད་ཀུང་སིའི་འགན་ཁུར་བ་བཅས་ ཀྱིས་རྟོག་ཞིབ་བྱེད་པར་འགྲོ་རོགས་བྱས།
ཆེད་མཁས་ཚན་ཆུང་འཁོར་དང་བཅས་པ་སྔ་རྗེས་སུ་གཙང་པ་བ་དང་ཁང་ཐོགཨ་གཟིགས་ཐང་།ཝ་དམར་གྲོང་རྡལ་བཅས་ཀྱི་སྡེ་བའི་ཚོ་ཆུང་ཁག་གཅིག་ལ་སོང་དེ་ས་གནས་ཀྱི་ས་རྒྱུ་དང་གནམ་གཤིས།ཁོར་ཡུག་སོགས་ལ་རྟོག་ཞིབ་ཟབ་མོ་བྱས་པ་མ་ཟད།ཡུལ་དངོས་སུ་ལྟ་ཞིབ་དང་ངོ་སྤྲོད་ལ་ཉན་པ་བརྒྱུད།ཅོ་ནེ་རྫོང་གི་ལྗང་མདོག་ཐོན་ལས་འཕེལ་རྒྱས་ཀྱི་གནས་ཚུལ་རྒྱུས་ལོན་ཞིབ་ཕྲ་བྱས།
བཞུགས་མོལ་ཚོགས་འདུའི་ཐོག་ཆེད་ལས་མཁས་པ་ཚོས་ཞིང་ལས་ཚན་རིག་ཁང་ཐོན་ཁུངས་ཁུལ་དང་རྩྭ་སའི་སྐྱེ་ཁམས་རུ་ཁག་གི་ཞིབ་ཕྲའི་གནས་ཚུལ་དང་ཆེད་མཁས་ས་ཚིགས་ཀྱི་ཚན་རྩལ་ཞབས་ཞུའི་བྱེད་ནུས་ཁག་ངོ་སྤྲོད་ཞིབ་ཕྲ་བྱས་པ་མ་ཟད།གྲོང་གསེབ་དར་རྒྱས་དང་རིག་ལྡན་ཞིང་ར།སྐྱེ་ཁམས་འབྲོག་ར་སོགས་ཐད་ཀྱི་དཔེ་མཚོན་གྱོད་དཔེ་མཉམ་སྤྱོད་བྱས་ཤིང་།ཀྲུང་གོ་ཞིང་ལས་ཚན་རིག་ཁང་དང་ཀན་ལྷོ་ཁུལ་ནཱ་ཕུང་སྐྱེ་དངོས་ཚན་རྩལ་ཚད་ཡོད་ཀུང་སི་གཉིས་ཀྱིས་མཉམ་ལས་གྲོས་མཐུན་བཞག་པ་རེད།
ཝང་ཧུང་ལིན་གྱིས་བསྟན་དོན།ཆེད་མཁས་བྱ་བའི་ས་ཚིགས་བསྐྲུན་པ་དེ་ནི་རོང་འབྲོག་ལས་སྤུས་ཚད་མཐོན་པོའི་ངང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བྱེད་ཐབས་གལ་ཆེན་ཞིག་ཡིན་ལ།གནོད་མེད་ལྔའི་ཀན་ལྷོ་དང་གནས་མཆོག་ཅོ་ནེ་འཛུགས་སྐྲུན་བྱ་བའི་གཞི་རྩའང་ཡིན་ཕྱིར།འབྲེལ་ཡོད་ཤང་གྲོང་སོ་སོ་དང་སྡེ་ཁག་གིས་ཚད་མཐོའི་མཐོང་ཆེན་བྱ་དགོས་ཞེས་ བཤད།
ཀྲུང་གོ་ཞིང་ལས་ཚན་རིག་ཁང་གི་ཀྲུའུ་རེན་གཞོན་པ་དང་ཧུའུ་ལུན་པེར་རྒྱལ་ཁབ་ཕྱི་རོལ་ས་ཚིགས་ཀྱི་རྒྱུན་ལས་འགོ་གཙོ་གཞོན་པ་ཞུས་ལི་ཅུན་དང་།འབུམ་རམས་པའི་མཛུབ་སྟོན་དགེ་རྒན་ཡུས་ཆང་།རབ་འབྱམས་པའི་མཛུབ་སྟོན་དགེ་རྒན་ཡན་རུའེ་རུའེ་བཅས་ཚོགས་འདུར་ཞུགས་པ་དང་།ཅོ་ནེ་རྫོང་ཨུའི་ཧྲུའུ་ཅི་གཞོན་པ་ཝང་ཧུང་ལིན་གྱིས་ཚོགས་འདུའི་གཙོ་འགན་ཁུར་བ་མ་ཟད་གཏམ་བཤད།རྫོང་གི་འབྲེལ་ཡོད་འགོ་ཁྲིད་ཝང་དབྱི་དང་།དེ་བཞིན་འབྲེལ་ཡོད་ཤང་གྲོང་དང་སྡེ་ཁགཁེ་ལས་ཀྱི་འགན་ཁུར་བ་བཅས་བཞུགས་མོལ་ཚོགས་འདུར་ཞུགས།།
©༢༠༡༧ཀན་ལྷོའི་ཏང་གི་འཛུགས་སྐྲུན་དྲ་བ། ཀྲུང་གུང་ཀན་ལྷོ་ཁུལ་ཨུའི་རྩ་འཛུགས་པུའུ་ཡིས་གཙོ་སྒྲུབ་བྱས་པས་པར་དབང་འདི་གར་དབང་།
སྡོད་གནས། ཀན་ལྷོ་ཁུལ་ཨུའི་གཅིག་གྱུར་གཞུང་ལས་ཐོག་ཁང་གི་དྲུག་ཐོག ཁ་པར། ༠༩༤༡--༨༢༢༢༡༥༩ སྦྲག་ཨང་། ༧༤༧༠༠༠
དྲ་ངོས་རྡེབ་ཚད།མི་ཐེངས། དྲ་ངོས་སྒྲིག་བཟོ། ཧུང་ཏེན་དྲ་རྒྱ།