今天是:

གཞི་རིམ་ཏང་འཛུགས།

གཞི་རིམ་རྩ་འཛུགས་འཛུགས་སྐྲུན།

མདུན་ཤོག > གཞི་རིམ་ཏང་འཛུགས། > གཞི་རིམ་རྩ་འཛུགས་འཛུགས་སྐྲུན།

ཤང་དང་གྲོང་རྡལ་དུ་སོང་ནས་ལྟ་སྦྱོང་དང་སློབ་སྦྱོང་བྱས།

说明: C:\Users\admin\Documents\WeChat Files\wxid_tw0jiwg5m33122\FileStorage\Temp\95b3f5c7bb932f2847b3ff35d5bdede9.jpg

        བསམ་བློར་སྔར་བས་བཅིངས་འགྲོལ་གཏོང་བ་དང་།ཉམས་མྱོང་བརྗེ་རེས་བྱེད་པ།ངར་ཤུགས་གཅིག་སྒྲིམ་བཅས་བྱས་ཏེ་ཚད་གཞི་མཐོ་བའི་ཞིང་ཁ་འཛུགས་སྐྲུན་དང་།གཞི་རིམ་ཏང་འཛུགས་སྐྱོང་གི་བྱ་བ་སོགས་སྤུས་ཚད་མཐོན་པོའི་ངང་དོན་འཁྱོལ་དང་།སྐྱེ་ལྡན་ལུད་ཁྱོན་ཡོངས་ནས་ཁྱབ་གདལ་གཏོང་རྒྱུར་གཅིག་གྱུར་དུ་སྐུལ་འདེད་གཏོང་ཆེད།ཟླ3པའི་ཚེས2ཉིན།གཤིན་ཚང་གྲོང་རྡལ་གྱིས་གྲོང་རྡལ་ཡོངས་ཀྱི་ཁའོ་རིམ་པ་གཞོན་པ་ཡན་གྱི་འགོ་ཁྲིད་ལས་བྱེད་པ་དང་སྡེ་བ་སོ་སོའི་ལས་བྱེད་པ།སྡེ་མིའི་འཐུས་ཚབ་བཅས་མི90ལྷག་རྩ་འཛུགས་བྱས་ཏེ་ཨ་གཟིགས་ཐང་དང་ལྕང་ཚལ།མར་རུ།གནའ་ལུང་སོགས་སྤུན་ཟླའི་ཤང་དང་གྲོང་རྡལ་དུ་ལྟ་སྦྱོང་དང་སློབ་སྦྱོང་བྱེད་དུ་སོང་།

说明: C:\Users\admin\Documents\WeChat Files\wxid_tw0jiwg5m33122\FileStorage\Temp\ca80f5241bc6fdfa07d9e6c47e188b18.jpg

说明: C:\Users\admin\Documents\WeChat Files\wxid_tw0jiwg5m33122\FileStorage\Temp\ca80f5241bc6fdfa07d9e6c47e188b18.jpg

     ལྟ་སྦྱོང་ཚོགས་པ་སྔ་རྗེས་སུ་ཨ་གཟིགས་ཐང་གྲོང་རྡལ་སྟག་ལུང་གཤིས་ཁའི་ཚད་གཞི་མཐོ་བའི་ཞིང་ཁ་འཛུགས་སྐྲུན་གནས་ཡུལ་དང་།ལྕང་ཚལ་གྲོང་རྡལ་ཤར་བོད་སྐྱེ་ལྡན་ལུད་ཐོན་སྐྱེད་ཚད་ཡོད་ཀུང་སི།ཅོ་ནེ་རྫོང་རོན་སུན་ཞིང་ལས་སྐྱེ་དངོས་ཚན་རྩལ་ཚད་ཡོད་ཀུང་སི།གནའ་ལུང་གྲོང་རྡལ་སུ་རུ་ནང་སྡེ་བ་དང་ཁྲོ་བོ་སྡེ་བ།མ་རུ་གྲོང་རྡལ་ཡར་རུ་སྡེ་བ།ལྕང་ཚལ་གྲོང་རྡལ་ཅོ་ནེ་ཕུ་སྡེ་བ་སོགས་སུ་སོང་ནས་ལྟ་སྦྱོང་དང་སློབ་སྦྱོང་བྱས་པ་རེད།

说明: C:\Users\admin\Documents\WeChat Files\wxid_tw0jiwg5m33122\FileStorage\Temp\4ab63fdf38bf5272923b3315d1a2eb4c.jpg

    གནས་གང་དུ་སོང་རུང་ཚང་མས་ནན་ཏན་གྱིས་ཉན་པ་དང་ཞིབ་མོར་བལྟས་པ།སེམས་རྣལ་ལ་ཕབ་ནས་ཟིན་ཐོར་འགོད་པ་བཅས་བྱས་ནས་སྤུན་ཟླའི་ཤང་དང་གྲོང་རྡལ་གྱི་ཚད་གཞི་མཐོ་བའི་ཞིང་ཁ་འཛུགས་སྐྲུན་དང་།གཞི་རིམ་ཏང་འཛུགས་སྐྱོང་གི་བྱ་བ།གྲོང་གསེབ་ཡུལ་སྐོར་སོགས་གཙོ་གནད་བྱ་བའི་སྤེལ་ཚུལ་ལ་རྒྱུས་ལོན་ཞིབ་ཕྲ་བྱས་པ་མ་ཟད།ཡུལ་དངོས་སུ་སྐྱེ་ལྡན་ལུད་ཐོན་སྐྱེད་ཀྱི་བརྒྱུད་རིམ་རྒྱུས་ལོན་དང་ལས་ཀའི་བསམ་ཕྱོགས་དང་བྱ་ཐབས་སྤེལ་རེས་དང་གྲོས་བསྡུར་བྱས་པ་བརྒྱུད།སྤུན་ཟླའི་ཤང་གྲོང་གི་སྔོན་ཐོན་ཉམས་མྱོང་ལས་ལྟ་སྦྱོང་མི་སྣའི་ལས་ཀའི་བསམ་ཕྱོགས་རྒྱ་ཆེར་ཕྱིན་ཡོད་པ་རེད།

说明: C:\Users\admin\Documents\WeChat Files\wxid_tw0jiwg5m33122\FileStorage\Temp\83fe3660b85f56747e31625673bf9d66.jpg

    ཐེངས་འདིའི་ལྟ་སྦྱོང་དང་སློབ་སྦྱོང་བྱས་པ་བརྒྱུད།ཚང་མས་མཐོང་རྒྱ་ཆེ་རུ་ཕྱིན་པ་དང་ཧེ་བག་རྟོགས་པ།བསམ་ཕྱོགས་གསལ་དུ་ཕྱིན་པ་བཅས་ཀྱི་ཉམས་མྱོང་ཐོན་བྱུང་ཟེར།གོམ་སྟབས་རྗེས་མའི་བྱ་བའི་ཁྲོད་ངེས་པར་དུ་སྤུན་ཟླའི་ཤང་གྲོང་གི་ཉམས་མྱོང་དང་བྱེད་ཐབས་ཡག་པོ་དག་མིག་དཔེར་བཟུང་སྟེ་ཕན་ཚུན་སློབ་སྦྱོང་དང་ཐུན་མོང་ཡར་ཐོན་ཡོང་ཐབས་བྱ་རྒྱུ་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ཀྱིས་བཤད་པ་རེད།

说明: C:\Users\admin\Documents\WeChat Files\wxid_tw0jiwg5m33122\FileStorage\Temp\a9a310f9b08fc209a8f82c501587ea22.jpg

   དེའི་འཕྲོར་འཚོགས་པའི་ལྟ་སྦྱོང་ཕྱོགས་སྡོམ་ཚོགས་འདུའི་ཐོག་གྲོང་རྡལ་ཏང་ཨུའི་འགན་མི་གཙོ་བོ་ཡིས།འབྲེལ་ཡོད་ཤང་དང་གྲོང་རྡལ་གྱི་ལས་ཀའི་ཐད་ཀྱི་བསམ་གཞིགས་སྔོན་བརྒལ་དང་ཚན་རིག་གིས་འཆར་འགོད་བྱེད་པ།་བྱ་བར་སྐུལ་འདེད་གཏོང་ཤུགས་ཆེ་བ་དང་ཚད་གཞི་མཐོ་བ།དུས་བབ་ལེགས་པ་བཅས་ཀྱི་ཉམས་མྱོང་དང་བྱེད་ཐབས་བཟང་པོ་མང་པོ་ཞིག་སློབ་སྦྱོང་དང་དཔྱད་གཞིར་འཛིན་རིན་ཡོད་དགོས་ཤིང་།རྗེས་ཕྱོགས་སུ་རང་ངོས་ཀྱི་ལས་ཀའི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་བསམ་བློ་རྒྱ་ཆེར་གཏོང་བ་དང་ཞན་ཆ་གསབ་པ།ལས་ཀའི་བྱེད་ཐབས་སྔར་བས་གསར་གཏོད་དང་བྱ་ཐབས་ནུས་ལྡན་སྤྱད་དེ་གཤིན་ཚང་གྲོང་རྡལ་གྱི་གཙོ་གནད་བྱ་བ་སོ་སོའི་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་གཏོང་དགོས་ཞེས་ནན་བཤད་བྱས།།


©༢༠༡༧ཀན་ལྷོའི་ཏང་གི་འཛུགས་སྐྲུན་དྲ་བ། ཀྲུང་གུང་ཀན་ལྷོ་ཁུལ་ཨུའི་རྩ་འཛུགས་པུའུ་ཡིས་གཙོ་སྒྲུབ་བྱས་པས་པར་དབང་འདི་གར་དབང་།

སྡོད་གནས། ཀན་ལྷོ་ཁུལ་ཨུའི་གཅིག་གྱུར་གཞུང་ལས་ཐོག་ཁང་གི་དྲུག་ཐོག ཁ་པར། ༠༩༤༡--༨༢༢༢༡༥༩ སྦྲག་ཨང་། ༧༤༧༠༠༠

དྲ་ངོས་རྡེབ་ཚད།མི་ཐེངས། དྲ་ངོས་སྒྲིག་བཟོ། ཧུང་ཏེན་དྲ་རྒྱ།

甘公网安备 62300102000044号