今天是:

རེས་མོའི་གསར་འགྱུར།

ཀྲུང་དབྱང་གསུང་སྙན།

མདུན་ཤོག > རེས་མོའི་གསར་འགྱུར། > ཀྲུང་དབྱང་གསུང་སྙན།

ཞི་ཅིན་ཕིང་གིས་བཀའ་རྒྱ་ལ་མཚན་རྟགས་བཀོད་པ།

ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཉིན་ཤས་སྔོན་ལ་བཀའ་རྒྱར་མཚན་རྟགས་བཀོད་པ་དང་། གསར་དུ་བཟོ་བཅོས་བརྒྱབ་པའི་དམག་དཔུང་གི་སྒྲིག་ཆས་སྲོལ་ཡིག་ཅེས་པ་ཡོངས་བསྒྲགས་བྱས་ཤིང་།སྤྱི་ལོ2021ལོའི་ཟླ1པོའི་ཚེས1ཉིན་ནས་ལག་བསྟར་བྱས།

     ༼སྲོལ་ཡིག༽ནང་། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་ཁྲིད་དུ་བཟུང་རྒྱུ་རྒྱུན་འཁྱོངས་དང་།ཞི་ཅིན་ཕིང་གི་དམག་དཔུང་སྟོབས་ཆེར་གཏོང་བའི་དགོངས་པ་དོན་འཁྱོལ་གཏིང་ཟབ་བྱེད་པ།དུས་རབས་གསར་བའི་དམག་དོན་འཐབ་ཇུས་བྱེད་ཕྱོགས་དོན་འཁྱོལ་གཏིང་ཟབ་བྱེད་པ།དུས་རབས་གསར་བའི་དམག་དཔུང་གི་འགན་འཁྲིའི་འོས་འགན་ལག་བསྟར་ནུས་ལྡན་ཐུབ་རྒྱུར་གཞིགས་པ།སྒོ་ཀུན་ནས་དམག་རྒྱག་གྲ་སྒྲིག་བྱ་རྒྱུར་གཅིག་སྡུད་བྱེད་པ།སྒྲིག་ཆས་ལས་དོན་གྱི་ཁྱད་ཆོས་དང་ཆོས་ཉིད་ཁོང་དུ་གཏིང་ཟབ་ཆུད་པར་བྱེད་པ།ཚན་རིག་དང་མཐུན་པའི་སྒོ་ནས་དུས་བབ་གསར་བ་དང་སྒྲིག་གཞི་གསར་བའི་འོག་གི་སྒྲིག་ཆས་ལས་དོན་གྱི་གཞི་རྩའི་ལས་འགན་དང་།གཞི་རྩའི་ནང་དོན།གཞི་རིམ་དོ་དམ་ལམ་ལུགས་བཅས་ཚད་ལྡན་དུ་གཏོང་བ་བཅས་ནི་དམག་དཔུང་སྒྲིག་ཆས་ལས་དོན་གྱི་གཞི་རྩའི་ཁྲིམས་སྲོལ་ཞིག་ཡིན་ཞེས་བསྟན།

     ༼སྲོལ་ཡིག༽དེར་ཁྱོན་ལེའུ14དང་དོན་ཚན100ཡོད་པ་དང་། དམག་ཨུ་ཡིས་སྤྱི་ཡོངས་ལ་དོ་དམ་བྱེད་པ་དང་། དམག་ཁུལ་གྱིས་དམག་འཐབ་གཙོ་བོ་བྱེད་པ།དམག་རིགས་ཁག་གིས་འཛུགས་སྐྱོང་གཙོ་བོ་བྱེད་པ་བཅས་ཀྱི་སྤྱིའི་རྩ་དོན་ལྟར། སྒྲིག་གཞི་གསར་བ་དང་སྒྲིག་ཁོངས་གསར་བའི་འོག་རིམ་ཁག་སྒྲིག་ཆས་ཚན་པའི་འགན་ནུས་གཏན་འཁེལ་དང་།འགན་འཁྲིའི་ཁྱབ་ཁོངས།ལས་དོན་འབྲེལ་བ་བཅས་ཚད་ལྡན་དུ་བཏང་།དམག་འཐབ་ཀྱི་ནུས་པ་རྩ་བའི་ཚད་གཞི་ཉག་གཅིག་ཏུ་འཛིན་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་།དམག་འཐབ་དངོས་ཅན་གྱི་བླང་བྱ་མངོན་པར་བྱེད་པ།དམག་འཐབ་དང་འཛུགས་སྐྱོང་ནུས་ལྡན་འབྲེལ་མཐུད་བྱེད་པ་བཅས་ཀྱི་ལས་དོན་སྒྲིག་གཞི་ཁ་གསལ་བཟོས་ཡོད།དགོས་མཁོས་འཆར་གཞིར་སྣེ་ཁྲིད་བྱེད་པ་དང་།འཆར་གཞིས་ཐོན་ཁུངས་བཀོད་སྒྲིག་ལ་གཙོ་ཁྲིད་བྱེད་པའི་བླང་བྱ་ལྟར།སྒྲིག་ཆས་ཁྱབ་ཁོངས་ཀྱི་དགོས་མཁོ་དང་འཆར་གཞི། སྔོན་རྩིས། ལག་བསྟར། དཔྱད་དཔོག་བཅས་ཀྱི་འཐབ་ཇུས་དོ་དམ་ཐབས་ལམ་འཐུས་སྒོ་ཚང་དུ་བཏང་། སྒྲིག་ཆས་འཛུགས་སྐྱོང་དེང་རབས་ཅན་དུ་འགྱུར་བའི་དོ་དམ་ནུས་པ་མཐོ་རུ་གཏོང་རྒྱུར་གཞིགས་ནས་སྒྲིག་ཆས་ཀྱི་ཁྱབ་ཁོངས་ཧྲིལ་བོ་དང་བེད་སྤྱོད་གཏོང་ཡུན་ཧྲིལ་བོ། ལྷུ་ཚིགས་ཁག་བཅས་ལ་དོ་དམ་བྱེད་པའི་ལས་རིམ་ལེགས་སྒྱུར་བྱས། སྒྲིག་ཆས་འཛུགས་སྐྱོང་ལ་འགལ་རྐྱེན་བཟོ་བའི་འགལ་ཟླའི་གནད་དོན་ཐག་གཅོད་བྱ་རྒྱུར་གཞི་ཚུགས་ཏེ་སྟབས་བསྟུན་ནུས་མཐོ་དང་། འགྲན་རྩོད་སྒོ་དབྱེ། གསར་སྐྲུན་སྐུལ་སྤེལ། ཚད་ལྡན་གོ་རིམ་ལྡན་པ་བཅས་ཀྱི་ལས་དོན་ལམ་ལུགས་བཙུགས།།


©༢༠༡༧ཀན་ལྷོའི་ཏང་གི་འཛུགས་སྐྲུན་དྲ་བ། ཀྲུང་གུང་ཀན་ལྷོ་ཁུལ་ཨུའི་རྩ་འཛུགས་པུའུ་ཡིས་གཙོ་སྒྲུབ་བྱས་པས་པར་དབང་འདི་གར་དབང་།

སྡོད་གནས། ཀན་ལྷོ་ཁུལ་ཨུའི་གཅིག་གྱུར་གཞུང་ལས་ཐོག་ཁང་གི་དྲུག་ཐོག ཁ་པར། ༠༩༤༡--༨༢༢༢༡༥༩ སྦྲག་ཨང་། ༧༤༧༠༠༠

དྲ་ངོས་རྡེབ་ཚད།མི་ཐེངས། དྲ་ངོས་སྒྲིག་བཟོ། ཧུང་ཏེན་དྲ་རྒྱ།

甘公网安备 62300102000044号