今天是:

རེས་མོའི་གསར་འགྱུར།

ཀྲུང་དབྱང་གསུང་སྙན།

མདུན་ཤོག > རེས་མོའི་གསར་འགྱུར། > ཀྲུང་དབྱང་གསུང་སྙན།

མིའི་རིགས་ཀྱི་ལས་དབང་གཅིག་མཐུན་མ་ལག་མཉམ་དུ་གཏོད་དགོས།

སྤྱི་ལོ2021ལོའི་ཟླ1པོའི་ཚེས1ཉིན་དཔེ་སྐྲུན་བྱས་པའི་ད་ལོའི་བདེན་འཚོལ་དུས་དེབ་འདོན་ཐེངས་དང་པོའི་ཐོག  ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི།ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་སྤྱི་ལོ2017ལོའི་ཟླ1ཚེས18ཉིན་མཉམ་འབྲེལ་རྒྱལ་ཚོགས་རེ་ན་ཝའི་སྤྱི་ཁྱབ་པུའུ་རུ་གནང་བའི་གསུང་བཤད།འགོ་བརྗོད་དུ་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་མ་ལག་མཉམ་དུ་གཏོད་དགོས་ཞེས་འཁོད་པ་དེ་སྤེལ་ཡོད།

   རྩོམ་ཡིག་ནང་། མིའི་རིགས་མིག་སྔར་གོང་འཕེལ་ཆེན་པོ་དང་། འཕོ་འགྱུར་ཆེན་པོ། ལེགས་སྒྲིག་ཆེན་པོ་བཅས་བྱེད་པའི་དུས་མཚམས་སུ་གནས་ཁར།རྒྱུན་ཆད་མེད་པའི་འགྲན་རྩོད་དང་ཉམས་ཉེན་ཉིན་བཞིན་ཇེ་མང་དུ་འགྲོ་བའི་དུས་རབས་སུ་གནས་ཡོད།འཛམ་གླིང་ག་རེ་བྱས་སམ།ང་ཚོས་གང་འདྲ་བྱེད་དགོས་སམ།གནད་དོན་དེ་གཉིས་ནི་འཛམ་གླིང་ཧྲིལ་བོས་བསམ་གཞིགས་བྱེད་པའི་གནད་དོན་གཉིས་རེད་ལ། ང་རང་ནས་ཀྱང་རྒྱུན་དུ་བསམ་གཞིགས་བྱེད་པའི་གནད་དོན་གཉིས་རེད། ཞི་བདེའི་མེ་སྟག་བུ་རབས་ཚ་རྒྱུད་ལ་བརྒྱུད་སྤྲོད་བྱ་རྒྱུ་དང་།གོང་འཕེལ་གྱི་འགུལ་ཤུགས་མཚམས་ཆད་མེད་པར་སྦྲེལ་མཐུད་བྱ་རྒྱུ།ཤེལ་དཔལ་གྱི་བཀྲག་མདངས་སྔར་བས་འཚེར་བ་བྱ་རྒྱུ་བཅས་ནི།རྒྱལ་ཁབ་ཁག་གི་མི་དམངས་ནས་རེ་སྒུག་བྱེད་པ་ཞིག་རེད་ལ།ང་ཚོའི་དུས་རབས་འདིའི་ཆབ་སྲིད་པ་ཚོར་ལྡན་དགོས་ངེས་ཀྱི་འགན་འཁྲི་ཡང་རེད།དེའི་ཐད་ཀྱི་ཀྲུང་གོའི་ཇུས་གཞི་ནི།མིའི་རིགས་ཀྱི་ལས་དབང་གཅིག་མཐུན་མ་ལག་གཏོད་པ་བརྒྱུད་མཉམ་རྒྱལ་མཉམ་སྤྱོད་མངོན་འགྱུར་ཐུབ་པ་བྱ་རྒྱུ་དེ་རེད་ཅེས་ནན་སྟོན་བྱས།

   རྩོམ་ཡིག་ནང་། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་མ་ལག་གཏོད་པར་འགག་རྩ་དེ་བྱ་སྤྱོད་ལ་ཐུག་ཡོད། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་རོགས་ཟླའི་འབྲེལ་བ་དང་། བདེ་འཇགས་ཀྱི་འཁོར་རྒྱ། དཔལ་འབྱོར་གོང་འཕེལ། ཤེས་དཔལ་སྤེལ་རེས། འབྱུང་ཁམས་འཛུགས་སྐྲུན་སོགས་ཀྱི་ཐད་འབད་བརྩོན་བྱ་དགོས། སྤེལ་རེས་གྲོས་མོལ་རྒྱུན་འཁྱོངས་བྱས་ནས། རྒྱུན་མཐུད་ཞི་བདེའི་འཛམ་གླིང་ཞིག་འཛུགས་སྐྱོང་བྱ་དགོས། མཉམ་འཛུགས་མཉམ་སྤྱོད་མཐའ་འཁྱོངས་བྱས་ནས། སྤྱི་ཡོངས་བདེ་འཇགས་ཀྱི་འཛམ་གླིང་ཞིག་འཛུགས་སྐྱོང་བྱ་དགོས། མཉམ་ལས་མཉམ་རྒྱལ་མཐའ་འཁྱོངས་བྱས་ནས། ཐུན་མོང་དར་རྒྱས་ཀྱི་འཛམ་གླིང་ཞིག་འཛུགས་སྐྱོང་བྱ་དགོས། སྤེལ་རེས་དང་དཔྱད་གཞིར་འཛིན་རེས་བྱ་རྒྱུ་མཐའ་འཁྱོངས་བྱས་ནས། སྒོ་དབྱེ་ཁོག་ཡངས་ཀྱི་འཛམ་གླིང་ཞིག་འཛུགས་སྐྱོང་བྱ་དགོས། འབྱུང་འཕྲོད་ཐཱན་ཉུང་མཐའ་འཁྱོངས་བྱས་ནས། དྭངས་གཙང་མཛེས་སྡུག་གི་འཛམ་གླིང་ཞིག་འཛུགས་སྐྲུན་བཅས་བྱ་དགོས་ཞེས་བསྟན།

རྩོམ་ཡིག་ནང་། འཛམ་གླིང་ཡག་པོ་བྱུང་ན་གཞི་ནས་ཀྲུང་གོ་ཡག་པོ་ཡོང་ཐུབ། ཀྲུང་གོ་ཡག་པོ་བྱུང་ན། གཞི་ནས་འཛམ་གླིང་སྔར་བས་ལེགས་པར་འགྱུར་ཐུབ། འབྱུང་འགྱུར་ལ་ཕྱོགས་ནས་བཤད་ན། དང་ཐོག  ཀྲུང་གོས་འཛམ་གླིང་གི་ཞི་བདེར་སྲུང་སྐྱོང་བྱེད་པའི་ཆོད་སེམས་ལ་འགྱུར་བ་གཏོང་མི་སྲིད། གཉིས་ནས། ཀྲུང་གོས་ཐུན་མོང་གོང་འཕེལ་ལ་སྐུལ་འདེད་གཏོང་བའི་ཆོད་སེམས་ལ་འགྱུར་བ་གཏོང་མི་སྲིད།གསུམ་ནས།ཀྲུང་གོས་རོགས་ཟླའི་འབྲེལ་བ་འཛུགས་པའི་ཆོད་སེམས་ལ་ འགྱུར་བ་གཏོང་མི་སྲིད།བཞི་ནས།ཀྲུང་གོས་ཕྱོགས་མང་རིང་ལུགས་ལ་རྒྱབ་སྐྱོར་བྱེད་པའི་ཆོད་སེམས་ལ་འགྱུར་བ་གཏོང་མི་སྲིད་ཅེས་བསྟན།

   རྩོམ་ཡིག་ནང་། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་མ་ལག་ནི་མཛེས་སྡུག་ལྡན་པའི་དམིགས་འབེན་ཞིག་རེད་ལ། མི་རབས་ནས་མི་རབས་བྱས་ཏེ་རྒྱུན་མཐུད་བྱས་ན་གཞི་ནས་མངོན་འགྱུར་ཐུབ་པའི་དམིགས་འབེན་ཞིག་ཀྱང་རེད། ཀྲུང་གོས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱ་ཆེའི་ཁོངས་གཏོགས་ཁག་དང་། རྒྱལ་སྤྱིའི་སྒྲིག་འཛུགས་དང་ཚན་པ་དང་ལྷན་དུ། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་མ་ལག་འཛུགས་སྐྱོང་བྱེད་པའི་རླབས་ཆེའི་འཕེལ་རིམ་ལ་སྐུལ་འདེད་གཏོང་འདོད་ཡོད་ཅེས་བསྟན།།


©༢༠༡༧ཀན་ལྷོའི་ཏང་གི་འཛུགས་སྐྲུན་དྲ་བ། ཀྲུང་གུང་ཀན་ལྷོ་ཁུལ་ཨུའི་རྩ་འཛུགས་པུའུ་ཡིས་གཙོ་སྒྲུབ་བྱས་པས་པར་དབང་འདི་གར་དབང་།

སྡོད་གནས། ཀན་ལྷོ་ཁུལ་ཨུའི་གཅིག་གྱུར་གཞུང་ལས་ཐོག་ཁང་གི་དྲུག་ཐོག ཁ་པར། ༠༩༤༡--༨༢༢༢༡༥༩ སྦྲག་ཨང་། ༧༤༧༠༠༠

དྲ་ངོས་རྡེབ་ཚད།མི་ཐེངས། དྲ་ངོས་སྒྲིག་བཟོ། ཧུང་ཏེན་དྲ་རྒྱ།

甘公网安备 62300102000044号