今天是:

རེས་མོའི་གསར་འགྱུར།

ཀྲུང་དབྱང་གསུང་སྙན།

མདུན་ཤོག > རེས་མོའི་གསར་འགྱུར། > ཀྲུང་དབྱང་གསུང་སྙན།

ཞི་ཅིན་ཕིང་གིས་གྲོས་ཚོཊ་གལ་ཆེན་ཞིག་གཙོ་སྐྱོང་དང་སྐོང་འཚོཊ་གནང་བ།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་དམངས་གཙོའི་འཚོ་བའི་གྲོས་ཚོགས་སྐོང་ཚོགས་གནང་ནས། ཆབ་སྲིད་འཛུགས་སྐྱོང་བྱ་ཤུགས་ཆེ་རུ་གཏོང་བ་དང་ཆབ་སྲིད་ནུས་པ་ཆེ་རུ་གཏོང་བ།མི་དམངས་ལ་བཅངས་པའི་བརྩེ་སེམས་བརྟན་ སྲུང་བྱེད་པ།ཆབ་སྲིད་ཀྱི་བརྡར་ཤ་གཅོད་ནུས་དང་ཆབ་སྲིད་གོ་བ་ལེན་ནུས།ཆབ་སྲིད་ལག་བསྟར་བྱེད་ནུས་བཅས་ཟམ་མི་ཆད་པ་ཆེ་རུ་གཏོང་དགོས་པའི་ནན་བཤད་གནང་ཡོད།ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གྲོས་ཚོགས་གཙོ་སྐྱོང་གནང་བ་མ་ཟད་གསུངས་བཤད་གལ་ཆེན་ཀྱང་གནང་བ།   

སྤྱི་ཟླ12པའི་ཚེས24ཉིན་ནས25ཉིན་བར་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་དམངས་གཙོའི་འཚོ་བའི་གྲོས་ ཚོགས་སྐོང་ཚོགས་གནང་ཡོད་པ་དང་།བརྗོད་དོན་གཙོ་བོ་ནི་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་ནན་ཏན་བྱེད་པ་དང་།ཆབ་སྲིད་འཛུགས་སྐྱོང་བྱ་ཤུགས་ཆེ་རུ་གཏོང་བ་དང་ཆབ་སྲིད་ནུས་པ་ཆེ་རུ་གཏོང་བ།མི་དམངས་ལ་བཅངས་པའི་བརྩེ་སེམས་བརྟན་སྲུང་བྱེད་པ།ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་ བསྐྲུན་ཟིན་པ་དང་ལོ་བརྒྱ་ཐམ་པ་དང་པོའི་འབད་འཐབ་དམིགས་འབེན་མངོན་འགྱུར་ཡོང་བར་རླབས་ཆེའི་རྒྱལ་ཁ་ལེན་པ་དང་།སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པའི་རྒྱང་སྐྱོང་ལམ་བུ་གསར་བ་ འགོ་འཛུགས་རྒྱུ་དེ་ཡིན།ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་བློ་མཐུན་ཚོས་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ལས་དོན་དང་འབྲེལ་བ་བྱེད་པ་དང་།སྒེར་གྱི་བསམ་བློ་དང་ལས་དོན་གྱི་དོན་དངོས་ཟུང་འབྲེལ་བྱེད་པ།སྣེ་ཁྲིད་ནས་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཏང་ཀྲུང་དབྱང་གི་གཅིག་བསྡུས་གཅིག་གྱུར་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་སྲུང་སྐྱོབ་བྱེད་པའི་སྐོར་གྱི་གཏན་འབེབས་འགའ་ ཤས་ལག་བསྟར་ནན་པོ་བྱེད་པ་དང་འབྲེལ་བ་བྱེད་པ།སྣེ་ཁྲིད་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གལ་ཆེའི་འཛུབ་སྟོན་དང་ ཏང་ཀྲུང་དབྱང་གི་བཀོད་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱེད་པའི་དོན་དངོས་དང་ཟུང་འབྲེལ་བ་བྱེད་པ།སྣེ་ཁྲིད་ ནས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དང་དེའི་ཞིབ་ཕྲའི་ལག་བསྟར་སྲོལ་ཡིགཕྱི་ཚུལ་རིང་ལུགས་མངོན་གསལ་དོད་པའི་གནད་དོན་ཐག་གཅོད་བྱས་ནས།གཞི་རིམ་གྱི་ཁུར་བོ་ཡང་དུ་གཏོང་བ་བཅས་ལག་བསྟར་ནན་པོ་བྱེད་པའི་དོན་དངོས་དང་ཟུང་འབྲེལ་བྱས་ནས།རང་ངོས་ཞིབ་བཤེར་དང་།ཏང་གཤིས་དབྱེ་ཞིབ་བྱས་པ་མ་ཟད།སྐྱོན་བརྗོད་དང་རང་སྐྱོན་རང་བརྗོད་བྱས།ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གྲོས་ཚོགས་གཙོ་སྐྱོང་གནང་བ་མ་ཟད་གསུངས་བཤད་གལ་ཆེན་ཀྱང་གནང་།     

གྲོས་ཚོགས་གོང་།འབྲེལ་ཡོད་ཕྱོགས་ཀྱིས་གྲ་སྒྲིག་བྱས་ཡོད།ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་བློ་མཐུན་ནས་འབྲེལ་ཡོད་འགན་འཁུར་བློ་མཐུན་དང་གླེང་མོལ་གནང་བ་དང་།བརྗོད་དོན་གཙོ་བོར་གཞིགས་ནས་ཞིབ་དཔྱད་བྱས་པ་མ་ཟད་གཏམ་བཤད་དཔྱད་ཡིག་བྲིས་གནང་ཡོད།གྲོས་ཚོགས་ཐོག༼སྤྱི་ལོ་2020ལོར་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ལག་བསྟར་དོན་འཁྱོལ་བྱས་ཚུལ་སྐོར་གྱི་སྙན་ཞུ༽དང༼རྒྱུན་མཐུད་ངང་ཕྱི་ཚུལ་རིང་ལུགས་ཀྱི་གནད་དོན་ཐག་གཅོད་བྱས་ནས་གཞི་རིམ་གྱི་ཁུར་བོ་ཡང་དུ་གཏོང་བའི་ལས་དོན་རྒྱ་ཁྱབ་ཏུ་དང་གཏིང་ཟབ་ངང་སྤེལ་བའི་གནས་ཚུལ་སྐོར་གྱི་སྙན་ཞུ༽ལ་གྲོས་ཞིབ་བྱས།དེའི་རྗེས་སུ་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་བློ་མཐུན་ནས་རིམ་པ་བཞིན་གཏམ་ བཤད་གནང་བ་མ་ཟད།  བླང་བྱ་ལྟར་ལྟ་སྡུར་སྐྱོན་བཤེར་གནང་། 

ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་བློ་མཐུན་གྱི་གཏམ་བཤད་ནང་། གཙོ་གནད་ཁག5དམ་འཛིན་བྱས་པ་དང་མངོན་ཡོད།  དེའང་གཅིག་ནི།སྣེ་ཁྲིད་ནས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་ལག་བསྟར་བྱེད་པ་དང་། ཡང་དག་པའི་ཆབ་སྲིད་ཁ་ཕྱོགས་དམ་འཛིན་བྱེད་པ། ཆབ་སྲིད་ནུས་པ་མཐོ་རུ་གཏོང་བ།  འདུ་ཤེས་བཞི་ཤུགས་ཆེར་གཏོང་བ།བློ་སྤོབས་བཞི་བརྟན་དུ་གཏོང་བ།སྲུང་སྐྱོང་གཉིས་ཐུབ་པ་བཅས་དང་།གཉིས་ནི།སྣེ་ཁྲིད་ ནས་ཏང་གི་ཁྱོན་ཡོངས་འགོ་ཁྲིད་རྒྱུན་འཁྱོངས་བྱེད་པ་དང་ཤུགས་སྣོན་རྒྱག་པ།རིམ་ཁག་ཏང་རྩ་འཛུགས་ཀྱི་ཆབ་སྲིད་ནུས་པ་འདོན་སྤེལ་གང་ལེགས་བྱས་པ།མི་དམངས་མང་ཚོགས་ལ་མཐུན་སྒྲིལ་སྣེ་ཁྲིད་ཀྱིས་ཏང་ཀྲུང་དབྱང་གི་བཀོད་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱས་པ།གསུམ་ནི།སྣེ་ཁྲིད་ནས་འགན་འཁྲི་ལག་བསྟར་ནན་པོ་བྱེད་པ་དང་།འགན་འཁུར་ནས་ལས་དོན་སྒྲུབ་པ། མངོན་གསལ་དོད་པའི་འགན་ཟླ་དང་གནད་དོན་ཐག་གཅོད་ཤུགས་ཆེན་བྱས་པ། ཉེན་ཁ་དང་

འགྲན་རྩོད་སྔོན་འགོག་བྱེད་པ་དང་སེལ་བ། བརྟན་པོ་དྲུག་གི་ལས་དོན་གཅིག་གྱུར་འཆར་འགོད་བྱེད་པ་དང་ཡག་པོ་སྒྲུབ་པ།  འགན་ལེན་དྲུག་གི་ལས་འགན་ཁྱོན་ཡོངས་ནས་དོན་འཁྱོལ་བྱེད་པ།དབུལ་ཐར་མཁྲེགས་གཏོར་སོགས་ལས་དོན་ལ་ནུས་ཤུགས་ཡོད་རྒུས་དམ་འཛིན་ཡག་པོ་བྱས་པ།བཞི་ནི།སྣེ་ཁྲིད་ནས་ཏང་གི་སྐབས་བཅུ་དགུ་བའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་བའི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱེད་པ་དང་།ཀྲུང་དབྱང་གིས་བཏོན་པའི་ལོ་ལྔ་ཚན་གྱི་འཆར་འགོད་བཅུ་བཞི་བའི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གྱི་དམིགས་འབེན་གཙོ་བོ་དང་སྤྱི་ལོ2035ལོའི་རྒྱང་རིང་དམིགས་འབེན་ལ་གཞིགས་ནས།ཚན་རིག་དང་མཐུན་པའི་འཆར་འགོད་ལ་ཤུགས་སྣོན་རྒྱག་པ་དང་།སྤུས་ཚད་མཐོ་བའི་གོང་འཕེལ་ལ་སྐུལ་འདེད་བཏང་བ། ལྔ་ནི། སྣེ་ཁྲིད་ནས་ཁྱོན་ཡོངས་ནས་ཏང་བཅོས་སྐྱོང་ནན་པོ་བྱེད་པའི་འགན་འཁྲི་དོན་འཁྱོལ་བྱེད་པ་དང་།  ཆབ་སྲིད་སྒྲིག་ལམ་དང་ཆབ་སྲིད་སྒྲིལ་སྲོལ་ནན་པོ་སྲུང་བ།དར་ཆ་གསལ་སྟོན་ངང་གཏན་འབེབས་དང་སྒྲིག་ལམ་ལས་འགལ་བའི་སྐད་ཆ་དང་བྱ་སྤྱོད་ལ་སྐྱོན་བརྗོད་དང་ཡོ་བསྲང་བྱས་པ།ལྷོད་གཡེང་མེད་པར་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དང་དེའི་ཞིབ་ཕྲའི་ལག་བསྟར་སྲོལ་ཡིག་དོན་འཁྱོལ་བྱེད་པ།ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱས་པ་བཅས་རེད།  

གྲོས་ཚོགས་ཐོག ལོ་འདིར་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ནས་ཁ་གཏད་ཡག་པོ་བཅག་པ་དང་།དཀའ་ངལ་ཁྱད་བསད་བྱས་ནས་རིམས་ནད་སྔོན་འགོག་དང་ཚོད་འཛིན་དང་དཔལ་འབྱོར་སྤྱི་ཚོགས་གོང་འཕེལ་གྱི་ལས་དོན་ལ་གཅིག་འགྱུར་འཆར་འགོད་བྱས་པ་དང་སྐུལ་འདེད་བཏང་བ།བཅོས་བསྒྱུར་སྒོ་འབྱེད་གཏིང་ཟབ་དང་ཕྱི་ཕྱོགས་གནོན་ཤུགས་ལ་ཁ་གཏད་གཅོག་རྒྱུར་གཅིག་འགྱུར་འཆར་འགོད་བྱས་པ། བརྟན་པོ་དྲུག་གི་ལས་དོན་དམ་འཛིན་ཡག་པོ་བྱེད་པ་དང་། འགན་ལེན་དྲུག་གི་ལས་འགན་དོན་འཁྱོལ་བྱ་རྒྱུར་གཅིག་འགྱུར་འཆར་འགོད་བཅས་བྱས་ནས།ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཟིན་པ་བྱེད་པ་དང་། དབུལ་ཐར་མཁྲེགས་གཏོར་དམག་འཐབ་ལ་རྒྱལ་ཁ་ཕུ་ཐག་ཆོད་པ་བླངས་ཡོད། དཀའ་ཚེགས་ཆེ་བའི་འབད་བརྩོན་བརྒྱུད་རིམས་ནད་སྔོན་འགོག་ཚོད་འཛིན་དང་།འཐབ་ཇུས་རང་བཞིན་གྱི་གྲུབ་འབྲས་གལ་ཆེན་ཐོབ་པ་དང་། དཔལ་འབྱོར་འཕར་སྣོན་འགྲོ་རྒྱུ་སྔོན་ལ་ཆག་པ་དང་དེ་ནས་འཕར་བར་གྱུར་ཡོད། དབུལ་ཐར་མཁྲེགས་གཏོར་ལས་འགན་དུས་བཀག་ལྟར་ལེགས་སྒྲུབ་ཐུབ་པ། ཕྱོགས་ཁག་གི་ལས་དོན་ལ་འཕེལ་རིམ་གསར་བ་ཐོན་ཡོད། སྤྱི་ཚོགས་ཀྱི་གནས་བབ་ཆེན་པོ་བརྟན་ལྷིང་རྒྱུན་འཁྱོངས་ཐུབ་པ།ལོ་ལྔ་ཚན་གྱི་འཆར་འགོད་བཅུ་གསུམ་པ་རྒྱལ་ཁའི་ངང་ལེགས་སྒྲུབ་ཟིན་པ་དང་། ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཟིན་པ་བྱེད་པའི་རླབས་ཆེའི་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་ཡོད། ཉེན་ཁ་དང་འགྲན་རྩོད་ཆེན་པོར་ཁ་གཏད་གཅོག་པ་དང་ལས་དོན་གལ་ཆེན་ལ་སྐུལ་འདེད་གཏོང་བའི་ཁྲོད་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱིས་རང་འགུལ་ངང་རང་ངོས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱབ་པ་དང་།ཏང་ཀྲུང་དབྱང་གི་གཅིག་བསྡུས་གཅིག་འགྱུར་འགོ་ཁྲིད་ཀྱི་ཆབ་སྲིད་བཟང་ཆ་འདོན་སྤེལ་བྱས་ཡོད་ཅེས་ནན་བཤད་གནང་།

གྲོས་ཚོགས་ཐོག བློ་མཐུན་ཞི་ཅིན་ཕིང་གི་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་སྣེ་ཁྲིད་ནས་ལོ་རྒྱུས་ཐོག་མཐོང་དཀོན་པའི་ཉེན་ཁ་དང་འགྲན་རྩོད་ལས་རྣམ་པར་རྒྱལ་བ་དང་། དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བྱ་གཞག་ལ་སྐུལ་འདེད་གཏོང་བའི་ཁྲོད་ཐག་གཅོད་རང་བཞིན་གྱི་ནུས་པ་འདོན་སྤེལ་གནང་། སྤྱི་ལོ2020ལོ་ནི་ཀྲུང་གོ་གསར་བའི་ལོ་རྒྱུས་དང་། ཀྲུང་ཧྭ་མི་རིགས་ཀྱི་ལོ་རྒྱུས་ཙམ་མ་ཟད་མིའི་རིགས་ཀྱི་ལོ་རྒྱུས་ཐོག་སྤྱིར་བཏང་མིན་པའི་ལོ་ཞིག་ཡིན།གློ་བུར་དུ་ཏོག་གསར་གློ་ཚད་རིམས་ནད་ཐོན་པ་དང་ས་ཆ་མང་པོར་ཆུ་ལོག་གི་གནོད་འཚེ་བྱུང་བས་དཔལ་འབྱོར་གོང་འཕེལ་ལ་ཕོག་ཐུག་ཆེན་པོ་འཁེལ་ཡོད།ཕྱི་ཕྱོགས་ཁོར་ཡུག་རྙོག་འཛིང་ཆེ་བ་དང་། ཆབ་སྲིད་དང་། དཔལ་འབྱོར། རིག་གནས། དམག་དོན། སྤྱི་ཚོགས། རྒྱལ་སྤྱི། རང་བྱུང་སོགས་ཁྱབ་ཁོངས་ལ་འགྲན་རྩོད་མང་པོ་འཕྲད་ཡོད། ཚབས་ཆེའི་ཉེན་ཁ་དང་དཀའ་གནད་ཀྱི་མདུན་དུ་ཏང་ཀྲུང་དབྱང་གི་གཟིགས་རྒྱང་རིང་བོ་དང་

དུས་གནས་དཔྱོད་ཞིབ་གནང་ནས་ཏང་ཡོངས་དང་དམག་ཡོངས།རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་བཅས་ཀྱི་སྣེ་ཁྲིད་ནས་དཀའ་ངལ་ཁྱད་བསད་དང་།དཀའ་གནད་འགག་གཏོར་བྱས་ནས་སྤྱིར་བཏང་མིན་པའི་ལོ་འདིར་སྤྱིར་བཏང་མིན་པའི་འོད་སྟོང་བཏོད་ཡོད་པའི་ངོས་འཛིན་གནང་ཡོད།ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་བློ་མཐུན་ཚོས།དོན་དངོས་ཐོག་ནས་སླར་ཡང་ར་སྤྲོད་བྱུང་བར།གལ་ཆེའི་ལོ་རྒྱུས་ཀྱི་འགག་རྩའི་སྐབས་དང་།ཚོད་བགམ་ཆེན་པོའི་མདུན་དུ་འགོ་ཁྲིད་ནུས་པ་ནི་ཆེས་འགག་རྩའི་ཆ་རྐྱེན་ཞིག་ཡིན།ཏང་ཀྲུང་དབྱང་གི་བརྡར་ཤ་གཅོད་ནུས་དང་བཀོད་ཇུས་ནུས་པ།བྱ་སྤྱོད་ནུས་པ་བཅས་ལ་ཐག་གཅོད་རང་བཞིན་གྱི་ནུས་པ་ལྡན་ཡོད།སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏང་ཀྲུང་དབྱང་གི་སྲོག་ཤིང་དང་།ཏང་ཡོངས་ཀྱི་སྲོག་ཤིང་ གནས་བབ་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ་དང་།ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་བསྡུས་གཅིག་འགྱུར་འགོ་ཁྲིད་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱས་པ་ནི་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཟིན་པ་དང་།ཁྱོན་ཡོངས་ནས་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་རྒྱལ་ཁབ་འཛུགས་སྐྲུན་གྱི་རྒྱལ་ཁ་གསར་བ་ལེན་པའི་རྩ་བའི་འགན་ལེན་ཡིན་པའི་ངོས་འཛིན་གནང་ཡོད།ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་བློ་མཐུན་ནས་འདུ་ཤེས་བཞི་ཤུགས་ཆེར་གཏོང་བ་དང་།བློ་སྤོབས་བཞི་བརྟན་དུ་གཏོང་བ།སྲུང་སྐྱོང་གཉིས་ཐུབ་པ་བཅས་ཀྱི་ཐད་སྣེ་ཁྲིད་ཡག་པོ་བྱས་ནས།ཏང་ཀྲུང་དབྱང་འདི་ཉིད་ཐོག་མཐའ་བར་གསུམ་དུ་ཏང་དང་མི་དམངས་ཀྱི་ཡིད་ཆེས་བྱེད་པའི་སྟོབས་ཆེའི་འགོ་ཁྲིད་མཉམ་སྡེབ་ལ་འགྱུར་རྒྱུའི་འགན་ལེན་བྱེད་དགོས་པའི་ངོས་འཛིན་གནང་།

གྲོས་ཚོགས་ཐོག ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་དོན་དངོས་རང་བཞིན་དང་།དུས་རབས་རང་བཞིན།གསར་གཏོད་རང་བཞིན་བཅས་ཀྱི་མངོན་གསལ་དོད་པའི་ཁྱད་ཆོས་ལྡན་པ་དེ་ནི།དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དོན་དངོས་ཧྲིལ་བོའི་ཁྲོད་ནས་ཐོན་པའི་རིགས་གཞུང་གི་ཉིང་བཅུད་དང་།དུས་རབས་གསར་བའི་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་རྒྱུན་ཆད་མེད་པར་མདུན་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བའི་ཚན་རིག་དང་མཐུན་པའི་ཕྱོགས་སྟོན་ཞིག་རེད། ཏང་ཡོངས་ཀྱིས་ཚན་རིག་དང་མཐུན་པའི་རིགས་པའི་གཞུང་ལུགས་དེར་བརྟེན་ནས་བསམ་བློར་དྲག་ཆས་སྤྲོད་པ་དང་། ལག་ལེན་ལ་མཛུབ་ཁྲིད་བྱེད་པ། ལས་ཀར་སྐུལ་འདེད་གཏོང་བ་བཅས་མཐའ་འཁྱོངས་བྱས་ཏེ་བྱ་གཞག་འཕེལ་རྒྱས་གཏོང་བའི་རྣམ་པ་གསར་བ་རྒྱུན་ཆད་ མེད་པར་གཏོད་དགོས། ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་བློ་མཐུན་ཚོས་ངེས་པར་དུ་སློབ་སྦྱོང་བྱེད་ཤེས་པ་དང་། ཁོང་དུ་ཆུད་པ། དོན་འཁྱོལ་བཅས་བྱེད་པའི་ཐད་ཏང་ཡོངས་ལ་མིག་དཔེ་སྟོན་ནས། སློབ་སྦྱོང་ཟམ་མི་ཆད་པར་བྱེད་པ་དང་། ལག་ལེན་ཟམ་མི་ཆད་པར་བྱེད་པ།གོ་བ་ཟམ་མི་ཆད་པར་ལེན་པ།རིགས་པའི་གཞུང་ལུགས་ཀྱི་བྱང་ཚད་དང་ཆབ་སྲིད་ཀྱི་བྱང་ཚད་ཟམ་མི་ ཆད་པར་མཐོ་རུ་གཏོང་བ་བཅས་ཀྱིས་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་དེ་འཇིག་རྟེན་ཤེས་རྟོགས་དང་འཇིག་རྟེན་སྒྱུར་བཀོད་བྱེད་པའི་བསམ་བློའི་མཚོན་ཆ་སྟོབས་ཆེན་ཞིག་ཏུ་འགྱུར་བ་བྱེད་དགོས།ཆབ་སྲིད་ཀྱི་འདུ་ཤེས་འཛིན་ཤུགས་ཆེར་གཏོང་དང་།ཆབ་སྲིད་ཀྱི་གནས་ཚད་རྒྱུན་འཁྱོངས།ཆབ་སྲིད་ཀྱི་ཁ་ཕྱོགས་ཁོང་དུ་ཆུད་པ།ཆབ་སྲིད་ཀྱི་འགན་འཁྲི་འཁུར་བ། ཆབ་སྲིད་ཀྱི་ནུས་པ་ཆེ་རུ་གཏོང་བ། འགྲན་རྩོད་བྱེད་ཕོད་པ་དང་། འགྲན་རྩོད་བྱེད་མཁས་པ། མཁྲེགས་གཏོར་དཀའ་སེལ། གསར་གཏོད་ཡར་བརྩོན་བཅས་བྱས་ནས།ཏང་དང་མི་དམངས་ཀྱི་ཆེད་དུ་ལས་དོན་སྔར་ལས་ལེགས་པ་བསྒྲུབ་དགོས་ཞེས་ནན་སྟོན་བྱས།

གྲོས་ཚོགས་ཐོག  2012ལོའི་ཟླ12པར་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་གྲོས་ཚོགས་ཐོག་ལས་ཀའི་སྤྱོད་ཚུལ་ལེགས་བཅོས་དང་མང་ཚོགས་དང་འབྲེལ་འདྲིས་དམ་ཟབ་བྱ་རྒྱུའི་སྐོར་གྱི་སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ གཏན་འབེབས་དོན་ཚན་བརྒྱད་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་ནས་བཟུང་།རྒྱུན་སྲིང་ལྷོད་མེད་ཀྱིས་འབད་བརྩོན་བྱས་པར་བརྟེན།སྔོན་ཆད་བཀག་འགོག་བྱེད་མི་ཐུབ་པར་ངོས་འཛིན་བྱེད་པའི་བྱ་ངན་སྤྱོད་ངན་ཁག་བཀག་འགོག་ཐུབ་པ་ དང་།ཡུན་རིང་ཐག་གཅོད་བྱེད་བསམ་རུང་ཐག་གཅོད་བྱེད་མ་ཐུབ་པར་ལུས་པའི་གནད་དོན་རྙིང་པ་འགའ་ཐག་གཅོད་ཐུབ་པས།ཏང་སྲོལ་སྲིད་སྲོལ་གྱི་རྣམ་པ་གསར་རྐྱང་དུ་གྱུར་ཡོད།ཏང་ཀྲུང་དབྱང་གིས་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ ལུགས་ཀྱི་མངོན་གསལ་དོད་པའི་གནད་དོན་ཐག་གཅོད་བྱས་ནས་གཞི་རིམ་གྱི་ཁུར་བོ་ཡང་དུ་གཏོང་རྒྱུ་དེ་སྤྱོད་ཚུལ་འཛུགས་སྐྱོང་གི་གཙོ་གནད་ལ་བརྩིས་ཐོགགཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་རྒྱུར་ཤུགས་སྣོན་བརྒྱབ་པ་དང་།གནད་འཕིགས་ཇུས་ འདོན་དང་གཙོ་གནད་གནད་དོན་ལ་དམིགས་ནས་བཅོས་སྒྲིག་བྱེད་པ་བཅས་ཐབས་བཟང་མཉམ་འདོན་བྱས་པས་ཕན་ འབྲས་བཟང་པོ་ཐོན་ཡོད།དེ་དང་ཆབས་ཅིགསྤྱོད་ཚུལ་བཞིའི་གནད་དོན་གྱི་འབྱུང་རྩ་དང་ཁོར་ཡུག་རྦད་དེ་མེད་པ་བཟོ་ཐུབ་མེད་པ་མཐོང་བ་བྱས་ཏེ།གནད་དོན་ཐག་གཅོད་མ་ཐུབ་བར་བློས་གཏོང་མི་བྱེད་པའི་གནས་ཚད་དང་།ཡང་ཡང་དམ་འཛིན་དང་ཐོན་མང་བའི་གནད་དོན་དམ་འཛིན་བྱེད་པ་དང་།གཟེར་འདེབས་ཀྱི་སྙིང་སྟོབས་ལ་བརྟེན་ནས་ཀྲུང་དབྱང་གི་གཏན་ འབེབས་དོན་ཚན་བརྒྱད་དང་དེ་བཞིན་ལག་བསྟར་ཞིབ་སྲོལ་དང་།སྤྱོད་ཚུལ་བཞི་བཅོས་སྒྲིག་བྱ་རྒྱུ་ལག་བསྟར།གཞི་རིམ་གྱི་ ཁུར་བོ་ཡང་དུ་གཏོང་བའི་གཏན་འབེབས་ཁག་དོན་འཁྱོལ་བཅས་བྱས་ནས།ཡུན་རིང་ཕུགས་ཕན་གྱི་ལམ་སྲོལ་འཛུགས་པ་ དང་འཐུས་ཚང་དུ་གཏོང་དགོས།ལྷག་པར་དུ་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་བློ་མཐུན་ཚོས་མུ་མཐུད་འབད་བརྩོན་བྱས་ཏེ་ཏང་ཡོངས་ལ་སྣེ་ཁྲིད་ཡག་པོ་དང་མིག་དཔེ་འདོན་ཐུབ་པ་བྱེད་དགོས་ཞེས་བསྟན།

གྲོས་ཚོགས་ཐོག  སང་ལོ་ནི་ལོ་ལྔ་ཚན་གྱི་འཆར་འགོད་བཅུ་བཞི་བ་ལག་བསྟར་བྱ་རྒྱུ་དང་། སྒོ་ཀུན་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་རྒྱང་སྐྱོད་ལམ་བུ་གསར་བ་གཏོད་པའི་ལོ་དང་པོ་དེ་ ཡིན་ལ་རང་རེའི་ཏང་དབུ་བརྙེས་ནས་ལོ་ངོ100འཁོར་བའི་ལོ་ཞིག་ཀྱང་རེད།ལས་དོན་ཐམས་ཅད་འགོ་ཡག་པོ་ཞིག་འཛུགས་རྒྱུ་དང་གོམ་སྟབས་བརྟན་པོའི་སྤོ་བའི་ཐོག་ནས་སྤེལ་ཏེ།ཕུལ་བྱུང་གི་གྲུབ་འབྲས་ཐོག་ནས་ཏང་དབུ་བརྙེས་ནས་ལོ་ངོ100 འཁོར་བར་རྟེན་འབྲེལ་ཞུ་དགོས།ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་བློ་མཐུན་ཚོས་སྣེ་ཁྲིད་དེ་ཏང་གི་ཚོགས་ཆེན་བཅུ་དགུ་བ་དང་སྐབས་བཅུ་དགུ་བའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་།གསུམ་པ།བཞི་བ།ལྔ་བ་བཅས་ཀྱི་དགོངས་དོན་ སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པ་དང་།ཏང་ཀྲུང་དབྱང་གིས་བཏོན་པའི་ལོ་ལྔ་ཚན་བཅུ་བཞི་བའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་ཚད་གཙོ་བོ་དང་སྤྱི་ལོ2035ལོའི་རྒྱང་རིང་དམིགས་ཚད་དང་ལྟ་སྡུར་བྱེད་པ།སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བརྗོད་དོན་གཙོ་བོར་དམ་པོར་དམིགས་པ། འཕེལ་རྒྱས་ཀྱི་དུས་མཚམས་གསར་བར་གཞི་རྐང་འཛུགས་པ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་ལག་བསྟར་བྱེད་པ།འཕེལ་རྒྱས་ཀྱི་རྣམ་པ་གསར་བ་གཏོད་པ།ཚན་རིག་དང་མཐུན་པའི་ འཆར་འགོད་བྱ་རྒྱུར་ཤུགས་སྣོན་རྒྱག་པ།སྒྱུར་བཅོས་གསར་གཏོད་གཏིང་ཟབ་ཏུ་གཏོང་བ་བཅས་བྱས་ཏེ།ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཁག་ས་ཁུལ་ཁག་དང་།སྡེ་ཚན་ཁགཕྱོགས་ཁག་བཅས་ཀྱི་ལས་དོན་ཁྲོད་ལག་བསྟར་དོན་འཁྱོལ་ཏན་ ཏིག་བྱེད་དགོས་པའི་ངོས་འཛིན་བྱས།

ཞི་ཅིན་ཕིང་གིས་གསུང་བཤད་གནང་སྐབས་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་བློ་མཐུན་རྣམ་པའི་ལྟ་སྡུར་ཞིབ་བཤེར་གྱི་གཏམ་བཤད་ལ་དཔྱད་བརྗོད་གནང་བ་དང་།ཐོབ་པའི་གྲུབ་འབྲས་ལ་ཁས་ལེན་གནང་བ།འབྲེལ་ཡོད་བླང་བྱ་བཏོན་གནང་བ། ཐེངས་འདིའི་གྲོས་ཚོགས་ལ་ཕྱོགས་བསྡོམས་བཅས་གནང་བ་མ་ཟད།ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་གཏན་འབེབས་དང་ལག་བསྟར་ཞིབ་སྲོལ་ལག་བསྟར་དོན་འཁྱོལ་བྱ་རྒྱུའི་ཐད་བླང་བྱ་ཡང་བཏོན་གནང་ནས།ཐེངས་འདིའི་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་དམངས་གཙོའི་འཚོ་བའི་ཚོགས་འདུ་དེ་ཧ་ཅང་ཡག་པོ་འཚོགས་པའི་ངོས་འཛིན་གནང་།དེ་རྗེས་ཚང་མས་ཐོབ་པའི་གྲུབ་ འབྲས་གླེང་བ་དང་།བསམ་བློ་སྤེལ་རེས་གནང་བ།གནད་དོན་རྩད་ཞིབ་གནང་བ།འབད་བརྩོན་བྱེད་ཕྱོགས་བཏོན་གནང་བ་ བཅས་ཀྱིས།ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་མཐུན་སྒྲིལ་ཇེ་ཟབ་ཏུ་འགྲོ་བ་དང་ལས་དོན་བཅོས་སྒྲིག་བྱ་རྒྱུར་ཕན་ཐོགས་ཆེན་པོ་ཐོབ་པའི་ངོས་འཛིན་གནང་།      

ཞི་ཅིན་ཕིང་གིས།རང་རེའི་ཏང་གི་ལོ་བརྒྱའི་འཁྲུངས་སྐར་འཆར་ཉེར་ཡོད།ཏང་འཛུགས་སྐྱོང་གསར་འབྱེད་བྱས་པ་ནས་ཀྲུང་གོ་གསར་བ་དབུ་བརྙེས་རྗེས་ཀྱི་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འཕོ་འགྱུར་བྱུང་བའི་བར་དང་།བཅོས་བསྒྱུར་སྒོ་འབྱེད་ཀྱི་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འཕོ་འགྱུར་བར།དེ་ནས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་ ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ཁག་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་འཐོབ་པ་དང་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་ བྱུང་བ་བཅས་ཀྱི་བར།དེ་ལྟ་བུའི་གྲུབ་འབྲས་འཐོབ་པའི་རྩ་བའི་རྒྱུ་རྐྱེན་ནི་རང་རེའི་ཏང་གིས་སྔ་བར་ཕྱི་གསུམ་དུ་ཀྲུང་གོའི་མི་དམངས་ལ་བདེ་སྐྱིད་བསྐྲུན་རྒྱུ་དང་ཀྲུང་ཧྭ་མི་རིགས་བསྐྱར་དར་ཡོང་བ་བྱེད་པའི་ཐོག་མའི་བསམ་འདུན་དང་ལས་འགན་མཐའ་འཁྱོངས་བྱས་པས་རེད།ང་ཚོའི་ཏང་གིས་ཐོག་མཐའ་བར་གསུམ་དུ་ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་བཅངས་ནས། ཏང་དང་མི་དམངས་ཀྱི་བྱ་གཞག་ཡུན་རིང་རྒྱུན་སྲིང་ལྷོད་མེད་ངང་སྐུལ་འདེད་གཏོང་བ། ངེས་པར་དུ་ཆབ་སྲིད་ཀྱི་འདུ་ཤེས་ཟབ་ཏུ་གཏོང་བ་དང་། ཆབ་སྲིད་ཀྱི་ཐད་ནས་གནད་དོན་ལ་ལྟ་མཁས་པོ་བྱེད་པ། ཆབ་སྲིད་ཀྱི་གནས་བབ་ཧྲིལ་བོར་སྟངས་འཛིན་མཁས་པར་བྱེད་པ། ཆབ་སྲིད་ཀྱི་བརྡར་ཤ་གཅོད་ནུས་དང་།ཆབ་སྲིད་ཀྱི་གོ་བ་ལེན་ནུས། ཆབ་སྲིད་ལག་བསྟར་བྱེད་ནུས་བཅས་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས་ཞེས་ནན་སྟོན་གནང་།  

ཞི་ཅིན་ཕིང་གིས།དར་ཆ་གསལ་སྟོན་ངང་ཆབ་སྲིད་ལ་སྣང་ཆེན་བྱེད་པ་དེ་ནི།མར་ཁེ་སི་རིང་ལུགས་སྲིད་ཏང་གི་མངོན་གསལ་དོད་པའི་ཁྱད་ཆོས་ཤིག་ཡིན་ལ།རང་རེའི་ཏང་གི་སྔ་ཕྱི་བར་གསུམ་གྱི་ཆབ་སྲིད་ཀྱི་བཟང་ཆ་ཞིག་ཀྱང་ཡིན།ཏང་གིས་མི་དམངས་ཀྱི་འགོ་ཁྲིད་དེ་རྒྱལ་སྐྱོང་སྲིད་འཛིན་བྱེད་པར་ཆེས་གལ་ཆེ་ཤོས་ནི་ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་མཐའ་ འཁྱོངས་དང་།རང་རེའི་ཏང་གི་ཆབ་སྲིད་ཀྱི་ངོ་བོ་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱེད་པ།ཐོག་མཐའ་བར་གསུམ་དུ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་ཐོག་མདུན་སྐྱོད་བྱ་རྒྱུ་བཅས་རེད།ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་བློ་མཐུན་ཚོས་གནས་ཚད་འཚོལ་ཞིབ་ཡང་དག་བྱེད་པ་དང་།ཁ་ཕྱོགས་ཡང་དག་འདེམས་པ།གནད་དོན་ལྟེ་བར་དམིགས་པ་བཅས་བྱས་ནས།ཆབ་སྲིད་ཐོག་ནས་གནད་དོན་ལ་ལྟ་ཞིབ་དང་ཐག་གཅོད་བྱེད་མཁས་པར་བྱས་ཏེ།ཆབ་སྲིད་ལ་སྣང་ཆེན་བྱེད་པའི་བླང་བྱ་དེ་ཕྱི་རོལ་གྱི་བླང་བྱ་ནས་ནང་གནས་ཀྱི་རང་འགུལ་དུ་འགྱུར་བ་བྱེད་དགོས་ཞེས་བསྟན་གནང་།

ཞི་ཅིན་ཕིང་གིས། ཆབ་སྲིད་ལ་སྣང་ཆེན་བྱེད་སྐབས་ངེས་པར་དུ་ཆབ་སྲིད་ཀྱི་བརྡར་ཤ་གཅོད་ཤུགས་ཆེ་རུ་གཏོང་དགོས།རང་རེའི་ཏང་གིས་མི་དམངས་ཀྱི་འགོ་ཁྲིད་ནས་གསར་བརྗེ་དང་འཛུགས་སྐྲུན།སྒྱུར་བཅོས་བཅས་བྱེད་པའི་ལོ་རྒྱུས་འཕེལ་རིམ་གྱིས་གནས་ལུགས་ཤིག་ར་སྤྲོད་ཡང་སེ་བྱས་ཡོད་དེ།ཆབ་སྲིད་ཐད་ཀྱི་རང་འགུལ་ནི་ཕན་ཁེ་ཆེ་ཤོས་ཀྱི་རང་ འགུལ་ཞིག་ཡིན་པ་དང་།ཆབ་སྲིད་ཐད་ཀྱི་གཞན་དབང་ནི་ཉེན་ཁ་ཆེ་ཤོས་ཀྱི་གཞན་དབང་ཡིན།ཆབ་སྲིད་ཀྱི་བརྡར་ཤ་གཅོད་ཤུགས་ཆེ་རུ་གཏོང་དགོས་ན།རྒྱལ་ཁབ་ཀྱི་ཆབ་སྲིད་བདེ་འཇགས་གཙོ་བོར་འཇོག་པ་དང་།མི་དམངས་ཀྱིས་གཙོ་གནད་བྱེད་པ།ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་དང་གོང་འཕེལ་གཏོང་རྒྱུས་གཞི་རྩ་བཅས་བྱས་ཏེ།ཚན་རིག་དང་ མཐུན་པའི་ངང་དུས་བབ་ཀྱི་འགྱུར་ལྡོག་ཁོང་དུ་ཆུད་པ་དང་།གནད་ལ་འཕིགས་པའི་སྒོ་ནས་སྣང་ཚུལ་དང་ངོ་བོ་དབྱེ་འབྱེད་ཐུབ་པ།བྱ་སྤྱོད་ཀྱི་བདེན་རྫུན་གསལ་འབྱེད་གསལ་པོ་ཐུབ་པ།ཉེན་ཁ་དང་འགྲན་རྩོད་ལ་ནུས་ལྡན་ངང་འགོག་རྒོལ་བྱེད་པ་བཅས་ཀྱི་ནུས་པ་ཆེ་རུ་གཏོང་དགོས།ཀྲུང་གུང་ཆབ་སྲིད་ཅུད་ཀྱི་བློ་མཐུན་ཚོས་ཏང་དང་རྒྱལ་ཁབ་ཀྱི་ལས་ཀའི་གནས་བབ་ཧྲིལ་པོ་དང་འབྲེལ་བ་ཡོད་པའི་གཞི་རྩའི་རང་བཞིན་དང་།གནས་བབ་ཧྲིལ་བོའི་རང་བཞིན།ཕུགས་རྒྱང་རང་བཞིན་བཅས་ཡོད་པའི་གནད་དོན་ལ་བསམ་གཞིགས་བྱེད་མཁས་པར་བྱས་ཐོགའཐབ་ཇུས་རང་བཞིན་དང་།མ་ལག་རང་བཞིན།རྒྱང་མཐོང་རང་བཞིན་བཅས་ལྡན་པའི་ཞིབ་འཇུག་དང་ཇུས་འགོད་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས།གཙོ་གནད་གནད་དོན་དང་འགག་རྩའི་ལྷུ་ཚིགས་ཐད་རིག་པ་དྭངས་གསལ་དང་མིག་ཟུང་གསལ་བོ་ཡོང་བ་བྱས་ཏེ།སྤྱིར་བཏང་གི་བྱ་དོན་ཁྲོད་ནས་ཆབ་སྲིད་ཀྱི་གནད་དོན་ཤེས་རྟོགས་བྱེད་མཁས་པ་དང་།ཕྱོགས་ལྷུང་རང་བཞིན་དང་མགོ་འབུར་ཙམ་གྱི་གནད་དོན་ནང་ནས་ཆབ་སྲིད་ཀྱི་ཟུར་སྣེ་ཤེས་རྟོགས་བྱེད་མཁས་པ།རྙོག་འཛིང་ཆེ་བའི་འགལ་ཟླའི་འབྲེལ་བའི་ཁྲོད་ནས་ཆབ་སྲིད་ཀྱི་གཏན་ཚིགས་ཁོང་དུ་ཆུད་མཁས་པ་བཅས་བྱེད་དགོས་པ་དང་།ཆབ་སྲིད་ཀྱི་ལངས་ཕྱོགས་མི་འགྱུར་བ་དང་ཆབ་སྲིད་ཀྱི་ཁ་ཕྱོགས་མི་འཁྱོག་པ་རྒྱུན་འཁྱོངས་ བྱེད་དགོས་ཞེས་ནན་སྟོན་གནང་།

ཞི་ཅི་ཕིང་གིས། ཆབ་སྲིད་ལ་སྣང་ཆེན་བྱེད་སྐབས་ངེས་པར་དུ་ཆབ་སྲིད་ཀྱི་གོ་རྟོགས་ནུས་པ་ཆེ་རུ་གཏོང་དགོས། འགོ་ཁྲིད་ལས་བྱེད་པ་དང་ལྷག་པར་དུ་མཐོ་རིམ་འགོ་ཁྲིད་ལས་བྱེད་པས་འཁུར་བ་ནི་ཆབ་སྲིད་ཀྱི་འགན་འཁྲི་ཡིན་པས། ངེས་པར་དུ་ཏང་ཀྲུང་དབྱང་གི་དགོངས་དོན་སློབ་སྦྱོང་གཏིང་ཟབ་བྱས་ནས་གོ་དོན་མཐིལ་རྟོགས་ཐུབ་པ་བྱེད་པ་དང་། ཏང་ཀྲུང་དབྱང་གི་དགོངས་དོན་ཐོག་ནས་དུས་བབ་ལ་དབྱེ་ཞིབ་དང་ལས་ཀར་སྐུལ་འདེད་གཏོང་རྒྱུ་རྒྱུན་འཁྱོངས་བྱས་ཏེ། ཐོག་མཐའ་བར་གསུམ་དུ་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་བ་བྱེད་དགོས།ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་བློ་མཐུན་ནི་ཏང་ཀྲུང་དབྱང་གི་དགོངས་དོན་ལག་བསྟར་དོན་འཁྱོལ་སྒྲིག་འཛུགས་བྱེད་མཁན་གལ་ཆེན་དང་སྐུལ་འདེད་གཏོང་མཁན་གལ་ཆེན་ཞིག་ཡིན་པས། དེ་བས་ཀྱང་ཆབ་སྲིད་ཀྱི་གོ་རྟོགས་ནུས་པ་ཟམ་མི་ཆད་པར་ཆེ་རུ་བཏང་ནས། རྒྱལ་ཁབ་ཀྱི་དོན་ཆེན་སེམས་སུ་གསལ་བོ་ཤེས་པ་བྱེད་པདང་།རང་ཉིད་ཀྱི་འགན་འཁྲིའི་གནས་ཐིག་གསལ་བོ་ཤེས་པ་བྱེད་དགོས་ཞེས་ བསྟན་གནང་།

   ཞི་ཅིང་ཕིང་གིས། ཆབ་སྲིད་ལ་སྣང་ཆེན་བྱེད་སྐབས་ཆབ་སྲིད་ལག་བསྟར་བྱེད་ཤུགས་ཆེ་རུ་གཏོང་དགོས། འགོ་ཁྲིད་ལས་བྱེད་པ་དང་ལྷག་པར་དུ་མཐོ་རིམ་ལས་བྱེད་པས་རྟག་ཏུ་ཏང་ཀྲུང་དབྱང་གི་དགོངས་དོན་དང་ཚད་མཐོའི་གཅིག་མཐུན་ཡོང་བྱེད་པ་དང་།ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་བསྡུས་གཅིག་གྱུར་གྱི་འགོ་ཁྲིད་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ།རྗེས་སུ་མི་ལུས་པ་དང་ཁ་ཕྱོགས་མི་འཁྱོག་པ་བྱེད་པ་བཅས་བྱས་ཏེ།ཆད་ལུས་མེད་པའི་ཐོག་ནས་ཏང་ཀྲུང་དབྱང་གི་ དགོངས་དོན་ལག་བསྟར་དོན་འཁྱོལ་བྱ་རྒྱུར་དམ་འཛིན་བྱེད་དགོས།མ་མཐའི་ཚད་ཐིག་གི་བསམ་བློ་རྒྱུན་འཁྱོངས་བྱེད་པ་དང་།གནད་དོན་གྱི་ཁྲིད་ཕྱོགས་ལས་ཀའི་འགོ་ནས་མཇུག་བར་དོན་འཁྱོལ་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ།ཟུར་བལྟས་ལིང་ཤེས་དང་ཆུ་མ་ཤོར་གོང་ནས་རགས་རྒྱག་དགོས།འགན་འཁྲིའི་འདུ་ཤེས་ཆེ་རུ་བཏང་ནས།སེམས་སུ་འགན་འཁྲི་ཤེས་པ་དང་ལུས་ཀྱིས་འགན་འཁྲི་འཁུར་བ།བྱ་སྤྱོད་ཀྱིས་འགན་འཁྲི་ལག་བསྟར་བཅས་བྱེད་དགོས།གནད་དོན་ལ་ཐད་ཀར་གདོང་གཏད་ཕོད་པ་ དང་།འགལ་ཟླ་ལས་མི་གཡོལ་བ།གནད་དོན་ལ་འགེབས་སྲུང་མི་བྱེད་པ།གནད་དོན་ཐོན་ན་འགན་འཁྲི་འཁུར་ཕོད་པ་བཅས་བྱེད་དགོས་ཞེས་ནན་སྟོན་གནང་།

   ཞི་ཅིན་ཕིང་གིས། ཆབ་སྲིད་ལ་སྣང་ཆེན་བྱེད་སྐབས་ངེས་པར་དུ་རང་གཅུན་ནན་པོ་བྱེད་དགོས། ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་བློ་མཐུན་ནས་ངེས་པར་དུ་རང་ཉིད་ནན་པོ་གཅུན་པ་དང་འགོ་ནས་མཇུག་བར་གཟབ་ནན་བྱེད་པ། དུས་དང་རྣམ་པ་ཀུན་ཏུ་རང་བཀུར་དང་རང་སྐྱོན་རང་བརྟགདོགས་ཟོན།རང་སྐུལ་བཅས་བྱས་ནས།རང་ལ་གཟབ་ནན་དང་ཐོག་མའི་དུས་སུ་གཟབ་ནན།དོན་དག་ཙག་ཙིག་ལ་གཟབ་ནན།གྲོགས་པོར་གཟབ་ནན་བཅས་བྱེད་དགོས།ཚེ་སྲོག་ལ་གཅེས་པ་བཞིན་རང་ཉིད་ཀྱི་ཚུལ་ལྡན་སྤྱོད་ཚུལ་ལ་གཅེས་འཛིན་བྱས་ཏེ།ཉག་ཉོག་མི་འགོས་པའི་མི་ཞིག་བྱེད་དགོས།སྣེ་ཁྲིད་ནས་སྤྱོད་གཙང་ངང་ཁྱིམ་ཚང་སྐྱོང་བ་དང་སྣེ་ཁྲིད་ནས་དམིགས་བསལ་དབང་ཆར་ངོ་རྒོལ་བྱེད་དགོས་ཞེས་བསྟན་གནང་།

   ཞི་ཅིན་ཕིང་གིས། སང་ལོ་ནས་བཟུང་། ཞིང་ཆེན་དང་གྲོང་ཁྱེར། རྫོང། ཤང་བཅས་ཀྱི་འགོ་ཁྲིད་མཉམ་སྡེབ་སྔ་ཕྱིར་གཅིག་བསྡུས་ཐོག་སྐབས་བརྗེ་རྒྱུ་ཡིན།རིམ་ཁག་ཏང་ཨུས་སྐབས་བརྗེ་རྒྱུ་དེ་འཆར་འགོད་ཡག་པོ་དང་སྒྲིག་འཛུགས་ཡག་པོ་བྱེད་པ་དང་། རིམ་བཞིན་འགན་འཁྲི་ནན་པོ་སྤྲད་དེ། གཞུང་དྲང་ཚུལ་ལྡན་ཡོང་བའི་འགན་ལེན་བྱེད་དགོས། འགོ་ཁྲིད་ལས་བྱེད་པ་དང་ལྷག་པར་དུ་མཐོ་རིམ་ལས་བྱེད་པས་རང་དཔེ་གཞན་སྟོན་བྱས་ཏེ།སྣེ་ཁྲིད་ནས་སྐབས་བརྗེ་བའི་སྒྲིག་ལམ་ལ་བརྩི་སྲུང་ཞུ་དགོས།རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པས་ཆབ་སྲིད་སྒྲིག་ལམ་དང་ཆབ་སྲིད་ཀྱི་སྒྲིག་སྲོལ་ལ་བརྩི་སྲུང་ནན་པོ་ཞུ་རྒྱུར་སློབ་གསོ་དང་ཁྲིད་སྟོན་བྱས་ཏེ།རྩ་འཛུགས་མི་དོན་གྱི་སྒྲིག་ལམ་ལ་བརྩི་སྲུང་ནན་པོ་ཞུ་དགོས།འགོ་ཁྲིད་ལས་བྱེད་པར་བསམ་བློའི་སློབ་གསོ་གཏིང་ཟབ་དང་ཞིབ་ཕྲ་བརྒྱབ་སྟེ།འགོ་ཁྲིད་ལས་བྱེད་པས་མི་སྒེར་དང་རྩ་འཛུགས་ཀྱི་འབྲེལ་བ་ཐག་གཅོད་ཡང་དག་བྱ་རྒྱུར་སློབ་གསོ་དང་ཁྲིད་སྟོན་བྱེད་པ་དང་།རང་རྟོགས་ངང་རྩ་འཛུགས་ཀྱི་བཀོད་སྒྲིག་དང་ལེན་དང་དེར་བརྩི་སྲུང་ཞུ་དགོས་ཞེས་ནན་སྟོན་གནང་།

     ཞི་ཅིན་ཕིང་གིས། ཐེངས་འདིའི་དམངས་གཙོའི་འཚོ་བའི་གྲོས་ཚོགས་ཐོག ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་བློ་མཐུན་ནས་ལས་དོན་ཡག་པ་བསྒྲུབ་རྒྱུའི་ཐད་བསམ་འཆར་དང་གྲོས་འགོ་ཡག་པོ་མང་པོ་བཏོན་ཡོད་ཅིང་དེ་དག་གི་ཁྲོད་ནས་ཁག་གཅིག་ཀྲུང་དབྱང་གི་ལས་དོན་དང་འབྲེལ་བ་ཡོད་པ་དང་། ཁག་གཅིག་ཚན་པའི་ལས་དོན་དང་འབྲེལ་བ་ཡོད་པ།ཁག་གཅིག་ས་གནས་ཀྱི་ལས་དོན་དང་འབྲེལ་བ་ཡོད་པ་བཅས་ཡིན་པས།ཚོགས་འདུ་འགྲོལ་རྗེས་ཞིབ་འཇུག་བྱ་རྒྱུར་དམ་འཛིན་བྱེད་པ་ དང་།བྱ་ཐབས་འདོན་པ།ལས་ཀར་ལེགས་སྒྲིག་ཡོང་བ་བཅས་བྱས་ནས།ངེས་པར་དུ་ཕན་ནུས་དངོས་ཐོན་པ་བྱེད་དགོས་ཞེས་བསྟན་གནང་།།


©༢༠༡༧ཀན་ལྷོའི་ཏང་གི་འཛུགས་སྐྲུན་དྲ་བ། ཀྲུང་གུང་ཀན་ལྷོ་ཁུལ་ཨུའི་རྩ་འཛུགས་པུའུ་ཡིས་གཙོ་སྒྲུབ་བྱས་པས་པར་དབང་འདི་གར་དབང་།

སྡོད་གནས། ཀན་ལྷོ་ཁུལ་ཨུའི་གཅིག་གྱུར་གཞུང་ལས་ཐོག་ཁང་གི་དྲུག་ཐོག ཁ་པར། ༠༩༤༡--༨༢༢༢༡༥༩ སྦྲག་ཨང་། ༧༤༧༠༠༠

དྲ་ངོས་རྡེབ་ཚད།མི་ཐེངས། དྲ་ངོས་སྒྲིག་བཟོ། ཧུང་ཏེན་དྲ་རྒྱ།

甘公网安备 62300102000044号