今天是:

གནད་མཐོང་ཆེ་ཤོས།

རྒྱལ་ཡོངས་གནད་མཐོང་ཆེ་ཤོས།

མདུན་ཤོག > གནད་མཐོང་ཆེ་ཤོས། > རྒྱལ་ཡོངས་གནད་མཐོང་ཆེ་ཤོས།

དྲ་རྒྱའི་བདེ་འཇགས་དང་ཆ་འཕྲིན་ཅན་གྱི་གྲོས་ཚོགས་ཐེངས་གཉིས་པ་ཚོགས།

说明: C:\Users\admin\Documents\WeChat Files\wxid_tw0jiwg5m33122\FileStorage\Temp\cd5c67308ee54ba05cc89d97576bdc6b.jpg

ཉེ་ཆར།ཀན་ལྷོ་ཁུལ་ཨུའི་དྲ་རྒྱའི་བདེ་འཇགས་དང་ཆ་འཕྲིན་ཅན་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་གཙོས་སུ་ཚོགས།

说明: C:\Users\admin\Documents\WeChat Files\wxid_tw0jiwg5m33122\FileStorage\Temp\52b59590e36f25c4eda1d23af6aa8807.jpg

说明: C:\Users\admin\Documents\WeChat Files\wxid_tw0jiwg5m33122\FileStorage\Temp\5ee8e8694f5441c3a55ffeaa8075e929.jpg

ཞིང་ཆེན་དམངས་ཆེན་རྒྱུན་ཨུ་ཁང་གི་ཀྲུའུ་རེན་གཞོན་པའམ་ཁུལ་ཨུའི་ཧྲུའུ་ཅི།ཁུལ་དྲ་རྒྱ་དང་ཆ་འཕྲིན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཡུས་ཁྲིན་ཧུའེ་གྲོས་ཚོགས་སུ་ཞུགས་པ་མ་ཟད་གཏམ་བཤད།

说明: C:\Users\admin\Documents\WeChat Files\wxid_tw0jiwg5m33122\FileStorage\Temp\bf709e579a67ecec5c472c0673f23319.jpg

ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲའོ་ལིན་ཡུན་གྱིས་གྲོས་ཚོགས་ཀྱི་གཙོ་འགན་ཁུར།ཁུལ་གྱི་འགོ་ ཁྲིད་པ་ལིའུ་ཡུང་ཀོ་དང་ཧྥུན་ཞའོ་ལིན།མ་ཡུས།ཧྲི་ཧྭ་ཞུང་།རིན་ཆེན་དོན་གྲུབ་དང་ཁུལ་སྲིད་གཞུང་གི་དྲུང་ཡིག་ཆེན་མོ་ལུའུ་དབྱི་བཅས་གྲོས་ཚོགས་སུ་ཞུགས།     

གྲོས་ཚོགས་སུ་ཡིག་ཐོག་ནས2020ལོའི་ཞིང་ཆེན་ཡོངས་ཀྱི་དྲ་རྒྱའི་བདེ་འཇགས་དང་ཆ་འཕྲིན་ཅན་གྱི་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་བརྒྱུད་བསྒྲགས་བྱས་པ་དང་།ཁུལ་ཡོངས་ཀྱི་ལོ་འཁོར་དྲ་རྒྱའི་ཁྱབ་སྤེལ་དཔྱད་བརྗོད་བྱ་བའི་སྔོན་ཐོན་ཐུན་མོང་དང་ཕུལ་བྱུང་མི་སྒེར་ལ་གཟེངས་བསྟོད་བྱས། གཙོས་གྲོང་ཁྱེར་དང་ཐེ་བོ་རྫོང་། ཁུལ་སྤྱི་བདེ་ཅུས། ཁུལ་བདེ་འཇགས་ཅུས་བཅས་ཀྱི་འབྲེལ་ཡོད་འགན་ཁུར་བས་ཉམས་མྱོང་བརྗེ་རེས་ཀྱི་གཏམ་བཤད་པ་དང་།ཁུལ་ཨུའི་དྲ་རྒྱ་དང་ཆ་འཕྲིན་གཞུང་སྒྲུབ་ཁང་གི་བྱ་བའི་སྙན་ཞུར་ཉན།

ཡུས་ཁྲིན་ཧུའེ་ཡིས2021ལོ་ནི་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་འཁོར100ལོན་པ་དང“ལོ་ལྔའི་ འཆར་གཞི་ཨང་བཅུ་བཞི་བའི”འཆར་འགོད་འགོ་བརྩམས་པའི་ལོ་ཡིན།ཁུལ་ཡོངས་ཀྱི་དྲ་རྒྱའི་བདེ་འཇགས་དང་ཆ་འཕྲིན་ཅན་གྱི་བྱ་བ་ཤིན་ཏུ་གལ་ཆེ།ཁུལ་ཡོངས་ཀྱི་རིམ་པ་སོ་སོ་དང་སྡེ་ཁག་སོ་སོས་ཕྱོགས་ཡོངས་དང་ཁྱོན་ཆེན་ལ་དམིགས་ནས་ དུས་རབས་གསར་བའི་དྲ་རྒྱའི་ཆ་འཕྲིན་གནས་བབ་ཀྱི་འགན་འཁྲི་དམ་འཛིན་བྱེད་པ་དང་།ཁུལ་ཡོངས་ཀྱི་གཙོ་གནད་བྱ་བར་དམིགས་པ་གཅིག་གཏད་ཀྱིས་དྲ་རྒྱའི་བདེ་འཇགས་དང་དྲ་ཕྱིའི་བདེ་འཇགས་ཡང་དག་པའི་སྒོ་ནས་ཐག་གཅོད་དང་། སྲིད་གཞུང་དང་ཁེ་ལས། སྤྱི་ཚོགས། དྲ་མང་བཅས་ཀྱིས་མཉམ་ཞུགས་བྱས་པའི་དྲ་རྒྱའི་སྐྱེ་ཁམས་སྒྲིག་བཅོས་བྱས་ནས། ཁུལ་ཡོངས་ཀྱི་དྲ་རྒྱ་དང་ཆ་འཕྲིན་བྱ་གཞག་གསར་བ་མངོན་འགྱུར་བྱེད་པར་སྐུལ་འདེད་གཏོང་དགོས་ཞེས་བསྟན།

 ཁུལ་དྲ་རྒྱ་དང་ཆ་འཕྲིན་ཨུའི་ཀྲུའུ་རེན་དང་ཀྲུའུ་རེན་གཞོན་པ། འབྲེལ་ཡོད་ལས་ཁུངས་ཀྱི་འགན་ཁུར་བ་གཙོ་བོ། རྫོང་སོ་སོ་དང་གྲོང་ཁྱེར་གྱི་ཏང་ཨུའི་ཧྲུའུ་ཅི། དྲིལ་བསྒྲགས་པུའུ་ཡི་པུའུ་ཀྲང་སོགས་གྲོས་ཚོགས་སུ་ཞུགས།།

 


©༢༠༡༧ཀན་ལྷོའི་ཏང་གི་འཛུགས་སྐྲུན་དྲ་བ། ཀྲུང་གུང་ཀན་ལྷོ་ཁུལ་ཨུའི་རྩ་འཛུགས་པུའུ་ཡིས་གཙོ་སྒྲུབ་བྱས་པས་པར་དབང་འདི་གར་དབང་།

སྡོད་གནས། ཀན་ལྷོ་ཁུལ་ཨུའི་གཅིག་གྱུར་གཞུང་ལས་ཐོག་ཁང་གི་དྲུག་ཐོག ཁ་པར། ༠༩༤༡--༨༢༢༢༡༥༩ སྦྲག་ཨང་། ༧༤༧༠༠༠

དྲ་ངོས་རྡེབ་ཚད།མི་ཐེངས། དྲ་ངོས་སྒྲིག་བཟོ། ཧུང་ཏེན་དྲ་རྒྱ།

甘公网安备 62300102000044号