今天是:

གཞི་རིམ་ཏང་འཛུགས།

གཞི་རིམ་རྩ་འཛུགས་འཛུགས་སྐྲུན།

མདུན་ཤོག > གཞི་རིམ་ཏང་འཛུགས། > གཞི་རིམ་རྩ་འཛུགས་འཛུགས་སྐྲུན།

མཛེས་སྡུག་གི་ཞིང་སྡེའི་བདེ་སྐྱིད་ཀྱི་འཚོ་བ།

ཞིང་སྡེ་ལྗང་མདོག་ཅན་དང་མཛེས་སྡུག་ཅན་དུ་བསྒྱུར་རྒྱུ་ནི་ཞིང་སྡེ་དར་རྒྱས་འཐབ་ཇུས་ཀྱི་སྔོན་འགྲོ་ཡིན་ལ། ཞིང་སྡེ་དར་རྒྱས་འཐབ་ཇུས་ལག་ལེན་བྱེད་པའི་ནང་དོན་གཙོ་བོ་ཡིན། “ལོ་ལྔའི་འཆར་གཞི་ཨང་བཅུ་གསུམ་པའི”རིང་དུ། གཙོས་གྲོང་ཁྱེར་གྱིས་སྐྱེ་ཁམས་དཔལ་ཡོན་གྱི་འབྱོར་འབྲིང་སྡེ་བ་འཛུགས་སྐྲུན་བྱ་རྒྱུ་དེ་དབུལ་ཐར་མཁྲེགས་གཏོར་དང་ཞིང་སྡེ་དར་རྒྱས།སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན།ཐོན་ལས་འཕེལ་རྒྱས།གཏན་འཇགས་སྲུང་སྐྱོང་དང་ཁྱོན་ཡོངས་ནས་འབྱོར་ འབྲིང་སྤྱི་ཚོགས་འཛུགས་གྲུབ་བྱེད་པའི་ཕན་ནུས་ལྡན་པའི་ལས་སྟེགས་སུ་བཟུང་ནས་རྒྱུན་འཁྱོངས་བྱས།

ཉེ་བའི་ལོ་འགར། གཙོས་གྲོང་ཁྱེར་གྱིས་རྒྱུན་ཆད་མེད་པར་བྱ་བའི་ཐབས་ལམ་གསར་གཏོད་དང་བྱ་བའི་ནང་དོན་ཞིབ་མོར་བཏང་ནས།སྐྱེ་ཁམས་དཔལ་ཡོན་གྱི་འབྱོར་འབྲིང་སྡེ་བ་འཛུགས་སྐྲུན་བྱ་རྒྱུ་དེ་སྐྱེ་ཁམས་དཔལ་ཡོན་གྱི་སྣེ་ཤན་པ་འཛུགས་སྐྲུན་དང་ཁོངས་ཡོངས་སུ་ཡུལ་སྐོར་གན་སྙིགས་མེད་པའི་དཔེ་སྟོན་ཁུལ་འཛུགས་སྐྲུན་གྱི་བྱ་བ་གཉིས་དང་དམ་པོར་སྦྲེལ་ནས། ནུས་ཤུགས་ཡོད་རྒུས་ཁྱིམ་ཚང་ནང་དུ“བཅོས་སྒྱུར་བདུན”དང“མི་ཕྱུགས་དབྱེ་འབྱེད” རོང་འབྲོག་སྡེ་བར“སྤྱོད་ཁང་གསར་བརྗེ”དང་འཚོ་བའི་བཙོག་ཆུ་བཅོས་སྐྱོང་སོགས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལས་གཞི་ལག་བསྟར་བྱས་ པས།རོང་འབྲོག་སྡེ་བའི་ཐོན་སྐྱེད་འཚོ་བའི་ཆ་རྐྱེན་ལེགས་བཅོས་ཆེན་པོ་ཐོབ་ཅིང་།རོང་འབྲོག་སྡེ་བའི་འབྱོར་ཕྱུག་གཏན་འཇགས་དང་ཡོང་འབབ་བསྟུད་མར་འཕར་སྣོན་ཡོང་བར་སྐུལ་འདེད་བཏང་།

2019ལོར། གཙོས་གྲོང་ཁྱེར་གྱི་གཞི་ཁྱོན་ཆེས་ཆེ་ལ་རྣམ་གྲངས་ཆེས་མང་བ། གསོ་སྤེལ་ལག་རྩལ་ཆེས་སྔོན་ཐོན་ཡིན་པའི་ཉི་འོད་རིག་ནུས་མེ་ཏོག་ཚོང་ཁང་ཐོག་མ་རྒྱ་ར་འགབ་མའི་སྡེ་བར་བཙུགས།ཉི་འོད་རིག་ནུས་མེ་ཏོག་ཚོང་ཁང་གིས“ཆེད་ལས་མཉམ་ལས་ཁང+སྒེར་གྱིས་སྒྲུབ་འགན་གཙང་ལེན”གྱི་མཉམ་འབྲེལ་གཉེར་སྐྱོང་རྣམ་པ་སྤྱད་ནས།ཡིག་ཚགས་དང་བྱང་བུ་བཟོས་པའི་ཁྱིམ་ཚང11དང་མཉམ་དུ་གཉེར་སྐྱོང་བྱས་པའི་ཁེ་སྤོགས་བགོས་པ་དང་།རྒྱ་ར་འགབ་མའི་སྡེ་བར་ལས་ཞུགས་ལས་གནས 25མཁོ་འདོན་བྱས་ནས་ས་གནས་དེ་གའི་མང་ཚོགས་ཀྱི་ཡོང་འབབ་འཕར་བར་སྐུལ་ཁྲིད་བྱས།

“སྔོན་ཆད་ང་ཚོ་ཚང་མ་ཕྱི་རུ་ཞོར་ལས་ལ་སོང་ནས། ཁྱིམ་ལ་བདག་བྱེད་མི་ཐུབ་ལ་བྱིས་པ་དང་རྒན་རྒོན་ཚང་མར་ལྟ་རྟོག་བྱེད་ཐབས་མེད།ད་ལྟ་ངས་སྡེ་བའི་ནང་གི་མེ་ཏོག་ཚོང་ཁང་དུ་ལས་ཀ་ལས་ནས།མེ་ཏོག་གཉོར་རྒྱུ་སློབ་སྦྱོང་བྱས་ན་ དཀའ་ལས་ཀྱང་མི་མྱོང་། ཁྱིམ་གྱི་སྒོ་འགྲམ་དུ་ལས་ཀ་ལས་ན་ཁྱིམ་ལ་ལྟ་རྟོག་བྱེད་ཐུབ་པའི་ཁར་སྒོར་མོ་ཡང་གསོག་ཐུབ། འཚོ་བ་ཉིན་བཞིན་ཇེ་བཟང་དུ་སོང་བས་ང་རང་གཞི་ནས་ཡིད་ཚིམ་ཡོད”ཅེས་སྡེ་མི་པད་མ་འཚོས་དགའ་སྤྲོའི་ངང་བཤད།

“ལོ་ལྔའི་འཆར་གཞི་ཨང་བཅུ་གསུམ་པའི”སྐབས་སུ། གཙོས་གྲོང་ཁྱེར་གྱིས“རིག་གནས་ཀྱི་སྤུས་ཀ་དང་སྡེ་བ་དང་མཐུན་པའི་ཇུས་འདོན།སྡེ་བ་རེ་ལ་སྤུས་ཀ་རེ།ཁྱད་ཆོས་ཀྱིས་ཀུན་ནས་ཕྱུག་པའི”རྩ་དོན་ལྟར།སྐྱེ་ཁམས་དཔལ་ཡོན་གྱི་ འབྱོར་འབྲིང་སྡེ་བ121འཛུགས་སྐྲུན་བྱས་པ་དང་།བསྡོམས་པས་མ་དངུལ་སྒོར་དུང་ཕྱུར7.63བཏང་ཞིང་རོང་འབྲོག་སྡེ་བའི་ཁྱིམ་ཚང 2682ཀྱི་མི་གྲངས 21082ལ་ཁྱབ་ཡོད། 

གཙོས་གྲོང་ཁྱེར་གྱིས་སྐྱེ་ཁམས་དཔལ་ཡོན་གྱི་འབྱོར་འབྲིང་སྡེ་བ་འཛུགས་རྒྱུ་ནི“ཞིང་གསུམ”བྱ་བའི་གཞི་འཛིན་ས་གཙོ་བོར་བརྩིས་ནས།སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དང་རོང་འབྲོག་སྡེ་བ་ཕྱོགས་བསྡུས་འཛུགས་སྐྲུན་བྱ་རྒྱུ་གཉིས་ཕན་ཚུན་དམ་པོར་སྦྲེལ་བ་དང་།གཅིག་གྱུར་འཆར་འགོད་ཀྱིས་རོང་འབྲོག་སྡེ་བའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱ་རྒྱུ་དེ་སྐྱེ་ཁམས་ཐོན་ལས་གསོ་སྤེལ་དང་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན། སྡེ་བའི་རྣམ་པ་བཅོས་སྐྱོང་།སྤྱི་བའི་ཞབས་ཞུ་འཐུས་སྒོ་ཇེ་ཚང་དང་སྤྱི་ཚོགས་འགན་སྲུང་མཐོར་འདེགས།གཞི་རིམ་རྩ་འཛུགས་འཛུགས་སྐྲུན།བསམ་པའི་དཔལ་ཡོན་འཛུགས་སྐྲུན་གྱི་ རོང་འབྲོག་སྡེ་བ་འཕེལ་རྒྱས་གཏོང་སྟངས་གསར་བར་སྐུལ་སྤེལ་གཏོང་རྒྱུ་དེ།གནད་ཁེལ་དབུལ་སྐྱོར་དང་གནད་ཁེལ་དབུལ་ཐར་ལག་ལེན་བྱེད་པའི་སྒྲོམ་གཞི་གསར་བ་དང་།རོང་འབྲོག་སྡེ་བས་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་གྲུབ་བྱེད་པའི་ལག་ལེན་གསར་བར་གྱུར།  

སྣ་བུག་གྲོང་རྡལ་གྱི་ལས་བྱེད་པ་ཐང་སྒྲོལ་མས“ཉེ་བའི་ལོ་གཉིས་ཀྱི་རིང་དུ།སྐྱེ་ཁམས་དཔལ་ཡོན་གྱི་འབྱོར་འབྲིང་སྡེ་བ་འཛུགས་སྐྲུན་བྱས་པ་དང་བསྟུན་ནས། སྡེ་དམངས་ཀྱི་བསམ་པའི་ཉམས་འགྱུར་ལ་ཡང་འགྱུར་ལྡོག་ཆེན་པོ་བྱུང་འདུག ཁོ་ཚོའི་ལྭ་བ་གྲལ་དག་ཅིང་གཙང་བ་དང་། ཁྱིམ་དར་ཕྱུག་འགྱུར་གཏོང་བའི་ངར་ཤུགས་ཀྱང་ཀུན་ནས་འཛོམས་ཡོད། སྡེ་བ་གང་དུ་སླེབས་ནའང་མཐོང་ཚད་ཚང་མ་བདེ་སྐྱིད་ཀྱི་འཛུམ་མདངས་ཏག་ཏག་རེད”ཅེས་བཤད།

“ལོ་ལྔའི་འཆར་གཞི་ཨང་བཅུ་གསུམ་པ”ལ་ཕྱིར་བལྟས་བྱས་ན། རོང་འབྲོག་སྡེ་བ་དེ་བས་མང་བ་ཞིག་གིས་མཛེས་སྡུག་གི་རྣམ་པ་བཏོད་འདུག་ཅིང་།མཛེས་སྡུག་ལྡན་པའི་སྡོད་ཁང་དེ་གཙོས་གྲོང་ཁྱེར་གྱི་རོང་འབྲོག་སྡེ་བའི་རྣམ་པ་གསར་བ་ཞིག་ཏུ་འགྱུར་བཞིན་ཡོད་ལ།“ཚེག”ལ་ཁྱད་ཆོས་ལྡན་ཞིང“ཐིག”ལ་མཛེས་ལྗོངས་ཡོད་པའི་མཛེས་སྡུག་རྣམ་པར་བཀྲ་བའི་སྐྱེ་ཁམས་དཔལ་ཡོན་གྱི་འབྱོར་འབྲིང་སྡེ་བའི་མཛེས་རིས་ཞིག་གྲུབ་བཞིན་མཆིས།།


©༢༠༡༧ཀན་ལྷོའི་ཏང་གི་འཛུགས་སྐྲུན་དྲ་བ། ཀྲུང་གུང་ཀན་ལྷོ་ཁུལ་ཨུའི་རྩ་འཛུགས་པུའུ་ཡིས་གཙོ་སྒྲུབ་བྱས་པས་པར་དབང་འདི་གར་དབང་།

སྡོད་གནས། ཀན་ལྷོ་ཁུལ་ཨུའི་གཅིག་གྱུར་གཞུང་ལས་ཐོག་ཁང་གི་དྲུག་ཐོག ཁ་པར། ༠༩༤༡--༨༢༢༢༡༥༩ སྦྲག་ཨང་། ༧༤༧༠༠༠

དྲ་ངོས་རྡེབ་ཚད།མི་ཐེངས། དྲ་ངོས་སྒྲིག་བཟོ། ཧུང་ཏེན་དྲ་རྒྱ།

甘公网安备 62300102000044号