今天是:

རེས་མོའི་གསར་འགྱུར།

ཀྲུང་དབྱང་གསུང་སྙན།

མདུན་ཤོག > རེས་མོའི་གསར་འགྱུར། > ཀྲུང་དབྱང་གསུང་སྙན།

རྒྱལ་ཡོངས་ཀྱི་ཏོག་གསར་གློ་ཚད་རིམས་ནད་འགོག་བཅོས་ཀྱི་གཟེངས་བསྟོད་ཚོགས་ཆེན་འཚོགས་པ།

རྒྱལ་ཡོངས་ཀྱི་ཏོག་གསར་གློ་ཚད་རིམས་ནད་འགོག་བཅོས་ཀྱི་གཟེངས་བསྟོད་ཚོགས་ཆེན་གཟབ་རྒྱས་ངང་འཚོགས་པ་དང་། ཞི་ཅིན་ཕིང་གིས་རྒྱལ་ཁབ་ཀྱི་བྱས་རྗེས་གཟེངས་རྟགས་དང་རྒྱལ་ཁབ་ཀྱི་གཟི་བརྗིད་མཚན་སྙན་ཐོབ་མཁན་ལ་གཟེངས་རྟགས་གནང་བ་མ་ཟད་གསུང་བཤད་གལ་ཆེན་གནང་བ།

རྒྱལ་ཡོངས་ཀྱི་ཏོག་གསར་གློ་ཚད་རིམས་ནད་འགོག་བཅོས་ཀྱི་གཟེངས་བསྟོད་ཚོགས་ཆེན་དེ་སྤྱི་ཚེས་8ཉིན་གྱི་སྔ་དྲོ་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོར་གཟབ་རྒྱས་ངང་འཚོགས་པ་རེད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་རྒྱལ་ཁབ་ཀྱི་བྱས་རྗེས་གཟེངས་རྟགས་དང་རྒྱལ་ཁབ་ཀྱི་གཟི་བརྗིད་མཚན་སྙན་ ཐོབ་མཁན་ལ་གཟེངས་རྟགས་གནང་བ་མ་ཟད་གསུང་བཤད་གལ་ཆེན་ཡང་གནང་ཡོད་པ་རེད།

 

ལི་ཁེ་ཆང་གིས་ཚོགས་ཆེན་གཙོ་སྐྱོང་གནང་བ་དང་། ལི་ཀྲན་ཧྲུའུ་ཡིས་ཀྲུའུ་ཞིའི་བཀའ་རྒྱ་སྒྲོག་སྦྱང་གནང་བ། ཝང་ཧུའུ་ཉིང་གིས་གཟེངས་རྟགས་གནང་བའི་གཏན་འབེབས་སྒྲོག་སྦྱང་གནང་བ། ཝང་དབྱང་དང་། ཀྲའོ་ལེ་ཅི། ཧན་ཀྲེང་། ཝང་ཆི་ཧྲན་བཅས་ཚོགས་ཆེན་ལ་ཕེབས་ཡོད།

སྔ་དྲོའི་ཆུ་ཚོད་8དང་སྐར་མ་35ཡི་ཐོགརྒྱལ་ཁབ་ཀྱི་བྱས་རྗེས་གཟེངས་རྟགས་དང་རྒྱལ་ཁབ་ཀྱི་གཟི་བརྗིད་མཚན་སྙན་ ཐོབ་མཁན་རྣམས་ལྷན་དུ་གུས་ལུགས་རླངས་འཁོར་ནང་བཞུགས་ཐོག་གསོལ་མགྲོན་ཁང་ནས་རྡོག་ཐོན་གནང་སྟེ།རྒྱལ་ཁབ་ཀྱི་སྐུ་མགྲོན་སྲུང་དམག་རུ་ཁག་གི་ཕེབས་སྐྱོང་འོག་མི་དམངས་ཚོགས་ཁང་ཆེན་མོར་ཕེབས་ཡོད།རྒྱལ་ཁབ་ཀྱི་བྱས་རྗེས་གཟེངས་རྟགས་དང་རྒྱལ་ཁབ་ཀྱི་གཟི་བརྗིད་མཚན་སྙན་ཐོབ་མཁན་རྣམས་ས་གདན་དམར་པོ་བརྒྱུད་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཕེབས་ཡོད། ཏང་དང་རྒྱལ་ཁབ་ཀྱི་བྱས་རྗེས་གཟེངས་རྟགས་དང་གཟི་བརྗིད་མཚན་སྙན་ཐོབ་མཁན་ལ་གཟེངས་རྟགས་གནང་བའི་ལས་དོན་ཨུ་ ཡོན་ལྷན་ཁང་གི་འགོ་ཁྲིད་བློ་མཐུན་གྱིས་དེ་གར་མཉམ་སྡེབ་ཐོག་ཁོང་རྣམས་ལ་ཕེབས་བསུ་ཞུས་ཡོད།

ཚོགས་ཆེན་འགོ་ཚུགས་པ་དང་།ལི་ཁེ་ཆང་གིས་ཚོགས་ཆེན་གཙོ་སྐྱོང་གནང་ཡོད།བཅིངས་འགྲོལ་དམག་གི་དམག་དཔུང་རོལ་ཆ་རུ་ཁག་གིས་བློས་བླངས་དམག་གི་མདུན་སྐྱོད་གླུ་གཞས་དཀྲོལ་གཏོང་གནང་བ་དང་།ཚང་མས་ཡར་བཞེངས་ནས་སྐད་གསང་ མཐོན་པོས་རྒྱལ་གླུ་བླངས་ཡོད་པ་རེད།

རྒྱལ་གླུ་བླངས་ཚར་རྗེས།ཚོགས་རར་འཁོད་པའི་མི་ཚང་མ་ཡར་བཞེངས་ནས་ཏོག་གསར་གློ་ཚད་རིམས་ནད་ལ་འགོག་རྒོལ་བྱེད་པའི་འཐབ་རྩོད་ཁྲོད་སྐུ་གཤེགས་པའི་སྔོན་གཤེགས་དཔའ་བོ་དང་སྤུན་ཟླར་ངག་བསྡམས་ནས་མྱ་ངན་ཞུས་གནང་ཡོད་པ་རེད།

ལི་ཀྲན་ཧྲུའུ་ཡིས་ཞི་ཅིན་ཕིང་གིས་མཚན་བཀོད་གནང་བའི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུའུ་ཞིའི་བཀའ་རྒྱ་སྒྲོག་སྦྱང་ གནང་ཡོད།ཀྲུའུ་ཞིའི་བཀའ་རྒྱའི་ནང་།སྐབས་བཅུ་གསུམ་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ཉེར་གཅིག་གི་གཏན་འབེབས་ལྟར། ཀྲུང་ནན་ཧྲན་ལ་སྤྱི་མཐུན་རྒྱལ་ཁབ་ཀྱི་བྱས་རྗེས་གཟེངས་རྟགས་སྤྲོད་རྒྱུ་དང་།  ཀྲང་པའེ་ལི་དང་།ཀྲང་ཏིང་ཡུས།ཁྲེན་ཝེ་བཅས་ལ་མི་དམངས་དཔའ་བོའི་རྒྱལ་ཁབ་ཀྱི་གཟི་བརྗིད་མཚན་སྙན་སྤྲོད་རྒྱུ་ཡིན་ཞེས་བསྟན་ཡོད།གུས་ལུགས་དམག་མི་བཞི་ཡིས་ཕྱག་ཏུ་སྤྱི་མཐུན་རྒྱལ་ཁབ་ཀྱི་བྱས་རྗེས་གཟེངས་རྟགས་དང་།རྒྱལ་ཁབ་ཀྱི་གཟི་བརྗིད་མཚན་སྙན་གྱི་གཟེངས་རྟགས་བསྣམས་ཏེ་རྔམ་བརྗིད་ཀྱི་གོམ་སྟབས་ཐོག་ནས་མཛད་སྒོའི་ཚོགས་ར་དངོས་སུ་ཕེབས་ཡོད།

མེས་རྒྱལ་གྱི་དཔའ་བོར་གུས་འདུད་ཞུ་ཞེས་པའི་རོལ་མོའི་རྔམ་བརྗིད་ལྡན་པའི་འགྱུར་ཁུག་ཁྲོད་དུ་ཞི་ཅིན་ཕིང་གིས་རྒྱལ་ཁབ་ཀྱི་བྱས་རྗེས་གཟེངས་རྟགས་དང་རྒྱལ་ཁབ་ཀྱི་གཟི་བརྗིད་མཚན་སྙན་ཐོབ་མཁན་ལ་རེ་རེ་བཞིན་གཟེངས་རྟགས་གནང་བ་མ་ཟད་ཁོང་ཚོ་དང་བྱམས་བརྩེའི་ཕྱག་བཏང་ནས་བཀྲ་ཤིས་བདེ་ལེགས་ཞུས་གནང་ཡོད། 

ཝང་ཧུའུ་ཉིང་གིས་ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་།ཀྲུང་དབྱང་དམག་ཨུད་བཅས་ཀྱིས་རྒྱལ་ཡོངས་ཀྱི་ཏོག་གསར་གློ་ཚད་རིམས་ནད་ལ་འགོག་རྒོལ་བྱེད་པའི་སྔོན་ཐོན་མི་སྒེར་དང་སྔོན་ཐོན་མཉམ་སྡེབ་ལ་གཟེངས་བསྟོད་བྱ་རྒྱུའི་སྐོར་གྱི་གཏན་འབེབས་དང་།ཀྲུང་གུང་ཀྲུང་དབྱང་གིས་རྒྱལ་ཡོངས་ཀྱི་ཕུལ་བྱུང་གུང་ཁྲན་ཏང་ཡོན་དང་རྒྱལ་ཡོངས་ཀྱི་སྔོན་ཐོན་གཞི་རིམ་ཏང་རྩ་འཛུགས་ལ་གཟེངས་བསྟོད་བྱ་རྒྱུའི་སྐོར་གྱི་གཏན་འབེབས་སྒྲོག་སྦྱང་གནང་ཡོད་པ་རེད།

ཞི་ཅིན་ཕིང་སོགས་ནས་གཟེངས་བསྟོད་ཐོབ་པའི་མི་སྒེར་དང་མཉམ་སྡེབ་ཀྱི་འཐུས་མིར་བྱ་དགའ་གནང་ཡོད་པ་རེད།

ཚོགས་ར་ཡོངས་སུ་གྲགས་པའི་སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲའི་ཁྲོད་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་ཡོད།  ཁོང་གིས།གློ་བུར་དུ་ཐོན་པའི་ཚབས་ཆེའི་རིམས་ནད་ཀྱི་མདུན་དུ་ཏང་ཀྲུང་དབྱང་གིས་གནས་བབ་ཧྲིལ་པོར་གཅིག་གྱུར་འཆར་འགོད་དང་།འཕྲལ་ཐག་ཆོད་པོས་ཇུས་འགོད་གནང་བ།དམིགས་བསལ་གྱི་བྱ་ཐབས་ཐོག་ནས་དམིགས་བསལ་དོན་དག་ལ་ཁ་གཏད་བཅག་ཡོད།ཀྲུང་གོའི་མི་དམངས་ཀྱིས་ཕྱར་བ་གྲུ་འདེགས་དང་།ཀུན་སེམས་གཅིག་སྒྲིལ་ཐོག་ནས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འགོག་སྲུང་རགས་བརྟན་པོ་བསྐྲུན་པ། རྒྱ་ཆེའི་སྨན་དོན་མི་སྣས་ལུས་ལ་གོས་དཀར་གྱོན་ཏེ་ཉེན་ཁར་མི་འཛེམས་པར་མདུན་སྐྱོད་དང་།  སྲོག་ཉེན་ལ་མི་འཛེམས་པར་ཚེ་སྲོག་བསྐྱབས་པ།ང་ཚོས་གཅིག་གྱུར་འཆར་འགོད་དང་ཕྱོགས་ཡོངས་ལ་ལྟ་རྟོགམཐུན་སྦྱོར་སྐུལ་འདེད་ཀྱིས་དཔལ་འབྱོར་གོང་འཕེལ་བརྟན་པོ་ནས་ལེགས་པའི་ཕྱོགས་སུ་བསྒྱུར་བ།ཐོན་སྐྱེད་དང་འཚོ་བའི་སྒྲིག་ལམ་བརྟན་པོའི་ངང་སླར་ གསོ་བྱས་པ། ཀྲུང་གོས་འཛམ་གླིང་རྒྱལ་ཁབ་ཁག་དང་ལག་གདང་སྦྲེལ་ནས་མཉམ་ལས་དང་། དུས་ངལ་མཉམ་སེལ་བྱས་ཏེ། གོ་ལ་

ཧྲིལ་པོའི་རིམས་འགོག་ཆེད་བློ་རིག་དང་སྟོབས་ཤུགས་ལེགས་སྐྱེས་སུ་ཕུལ་ཡོད་ཅེས་གསུངས་ཡོད།

ཞི་ཅིན་ཕིང་གིས།ཚབས་ཆེའི་རིམས་ནད་ལ་ཁ་གཏད་གཅོག་པའི་ཁྲོད།ཀྲུང་གོའི་མི་དམངས་དང་ཀྲུང་ཧྭ་མི་རིགས་ཀྱིས་ འཐབ་རྩོད་བྱེད་ཕོད་པ་དང་། རྒྱལ་ཁ་ལེན་ཕོད་པའི་ཞུམ་པ་མེད་པའི་སྙིང་སྟོབས་ཐོག་ནས་ཚེ་སྲོག་རྩ་བའི་རྩེ་ལ་འཛིན་པ་དང་། རྒྱལ་ཡོངས་གོང་འོག་སེམས་པ་གཅིག་མཐུན།རང་སྲོག་བློས་གཏོང་ཕོད་པ།ཚན་རིག་ལ་བརྩི་འཇོགལས་དབང་མཉམ་འབྲེལ་བཅས་ཀྱི་རླབས་ཆེའི་རིམས་འགོག་སྙིང་སྟོབས་གཏོད་ཡོད་ཅེས་གསུངས་འདུག

ཞི་ཅིན་ཕིང་གིས།རིམས་འགོག་འཐབ་རྩོད་ཀྱི་རླབས་ཆེའི་ལག་ལེན་དངོས་ལས།ཀྲུང་གོའི་གུང་ཁྲན་ཏང་ལ་ལྡན་པའི་སྲ་ཞིང་བརྟན་པའི་འགོ་ཁྲིད་ཀྱི་ནུས་པ་དེ་ནི་ཆར་རླུང་གི་གེགས་བར་འཕྲད་སྐབས་ཀྲུང་གོའི་མི་དམངས་ཀྱི་བློས་འཁེལ་ཤོས་ཀྱི་སྲོག་ཤིང་ལྟ་བུ་ཡིན་པ་དང་།ཀྲུང་གོའི་མི་དམངས་ལ་ལྡན་པའི་དཔའ་ངར་ཞུམ་མེད་ཀྱི་བློ་སྟོབས་དེ་ནི་མདུན་སྐྱོད་ཀྱི་བགྲོད་ལམ་ཐོག་གི་དཀའ་ངལ་དང་ཉེན་ཁ་མཐའ་དག་ལས་རྣམ་པར་རྒྱལ་བའི་སྟོབས་ཤུགས་ཀྱི་འབྱུང་ཁུངས་ཡིན་པ།ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ལ་ལྡན་པའི་མངོན་གསལ་དོད་པའི་བཟང་ཆ་དེ་ནི་ཉེན་ཁ་དང་འགྲན་སློང་ལ་ཁ་གཏད་གཅོག་པ་དང་རྒྱལ་ཁབ་བཅོས་སྐྱོང་གི་ཕན་ནུས་ཆེ་རུ་གཏོང་བའི་རྩ་བའི་འགན་ལེན་ཡིན་པ།ཀྲུང་གོ་གསར་པ་དབུ་བརྙེས་ཚུན་གསོག་འཇོག་བྱས་པའི་སྲ་ཞིང་བརྟན་པའི་རྒྱལ་སྟོབས་ནི་འགྱུར་བ་སྣ་ཚོགས་ལ་ཁ་གཏད་གཅོག་པའི་གཏིང་ཤུགས་ཟབ་མོ་ཞིག་ཡིན་པ།སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་དང་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ལ་ལྡན་པའི་བསམ་པའི་སྒུལ་ཤུགས་ཆེན་པོ་ནི་ཀུན་སེམས་གཅིག་སྒྲིལ་དང་མི་ དམངས་ཀྱི་སྟོབས་ཤུགས་གཅིག་ཏུ་སྒྲིལ་བའི་སྟོབས་ཤུགས་ཆེན་པོ་ཞིག་ཡིན་པ།མིའི་རིགས་ཀྱི་ལས་དབང་གཅིག་མཐུན་མ་ལག་གཏོད་པའི་ཐད་རྒྱ་ཁྱབ་ཀྱི་འབོད་སྐུལ་ནུས་པ་ལྡན་པ་དེ་ནི་མིའི་རིགས་ཀྱི་ཐུན་མོང་གི་འགྲན་སློང་ལ་ཁ་གཏད་གཅོག་པ་དང་དེ་བས་དར་ རྒྱས་དང་མཛེས་སྡུག་ལྡན་པའི་འཛམ་གླིང་འཛུགས་སྐྲུན་བྱེད་པའི་འགྲོ་ལམ་ཡང་དག་ཅིག་ཡིན་པ་བཅས་སླར་ཡང་ར་སྤྲོད་བྱས་ཡོད་ཅེས་ནན་སྟོན་གནང་ཡོད་པ་རེད།

ཞི་ཅིན་ཕིང་གིས།ང་ཚོས་ལྷོད་གཡེང་སྤུ་ཙམ་མེད་པར་རྒྱུན་ལྡན་ཅན་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་ལ་དམ་འཛིན་ བྱེད་པ་དང་།འབད་བརྩོན་ཆེན་པོས་རིམས་ནད་འགོག་པའི་འཐབ་རྩོད་ལ་ཁྱོན་ཡོངས་ནས་རྒྱལ་ཁ་ཐོབ་པ་བྱེད་དགོས།ང་ཚོས་བརྟན་པོ་དྲུག་གི་ལས་དོན་ཡག་པོ་ཏན་ཏིག་སྒྲུབ་པ་དང་།འགན་ལེན་དྲུག་གི་ལས་འགན་ཁྱོན་ཡོངས་ནས་དོན་འཁྱོལ་ཐུབ་པ་བྱས་ཏེ།  ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཚར་བ་བྱ་རྒྱུར་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་པ་དང་།དབུལ་སྒྲོལ་འགག་གཏོར་གྱི་ཐག་གཅོད་དམག་འཐབ་ཀྱི་དམིགས་ཚད་ལས་འགན་ལེགས་སྒྲུབ་ཡོང་བར་འགན་ལེན་བྱེད་དགོས།ང་ཚོས་བཅོས་སྐྱོང་མ་ལག་གི་ཞན་ཆ་དང་ཉམས་ཞན་ལྷུ་ཚིགས་ཁ་གསབ་གང་མགྱོགས་བྱས་ཏེ།མི་དམངས་ཀྱི་ཚེ་སྲོག་བདེ་འཇགས་དང་གཟུགས་གཞིའི་བདེ་ཐང་ལ་འགན་ལེན་བྱེད་ཆེད་ལམ་ལུགས་ཀྱི་འགན་ལེན་བརྟན་དུ་གཏོང་དགོས།ང་ཚོས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་མ་ལག་གི་འདུ་ཤེས་འཛིན་པ་དང་།རྒྱལ་སྤྱིའི་སྤྱི་ཚོགས་དང་ལག་གདང་སྦྲེལ་ནས་ཉིན་རེ་བཞིན་ཛ་དྲག་ཏུ་འགྲོ་བའི་འཛམ་གླིང་རང་བཞིན་གྱི་འགྲན་རྩོད་ལ་ཁ་གཏད་གཅོག་དགོས། ང་ཚོས་མ་མཐའི་བསམ་བློ་རྒྱུན་འཁྱོངས་བྱེད་པ་དང་།  སེམས་ཁྲལ་གྱི་འདུ་ཤེས་ཆེ་རུ་བཏང་ནས།  མདུན་སྐྱོད་ལམ་བུའི་ཐོག་གི་ཉེན་ཁ་སྣ་ཚོགས་སྔོན་འགོག་དང་སེལ་ཐབས་ནུས་ལྡན་བྱེད་དགོས་ཞེས་གསུངས་ཡོད།

ཞི་ཅིན་ཕིང་གིས་མཇུག་ཏུ།ང་ཚོས་མཐུན་སྒྲིལ་དེ་བས་དམ་ཟབ་བྱས་ཏེ།རླབས་ཆེན་གྱི་རིམས་འགོག་སྙིང་སྟོབས་དར་སྤེལ་ ཤུགས་ཆེན་གཏོང་བ་དང་།སེམས་ཤུགས་གཅིག་ཏུ་སྒྲིལ་བ།བློ་རྩ་བརྟན་པོས་ཡར་རྒྱས་བརྩོན་ལེན་བྱེད་པ།འབད་འཐབ་ཆེན་པོས་སྒོ་ ཀུན་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཚར་བ་བྱེད་པར་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་པ་དང་།དབུལ་སྒྲོལ་འགག་གཏོར་གྱི་ཐག་གཅོད་དམག་འཐབ་ཀྱི་དམིགས་ཚད་ལས་འགན་ལེགས་སྒྲུབ་བྱས་ཏེ།སྒོ་ཀུན་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་རྒྱང་སྐྱོད་ལམ་བུ་གསར་པའི་ཐོག་ལོ་རྒྱུས་ཀྱི་བྱ་གཞག་རླབས་པོ་ཆེ་གསར་པ་གཏོད་དགོས་ཞེས་གསུངས་པ་རེད།

ཚོགས་ཆེན་མ་འཚོགས་གོང་།ཞི་ཅིན་ཕིང་སོགས་འགོ་ཁྲིད་བློ་མཐུན་གྱིས་རྒྱལ་ཁབ་ཀྱི་བྱས་རྗེས་གཟེངས་རྟགས་དང་རྒྱལ་ཁབ་ཀྱི་གཟི་བརྗིད་མཚན་སྙན་ཐོབ་མཁན་དང་།རྒྱལ་ཡོངས་ཀྱི་ཏོག་གསར་གློ་ཚད་རིམས་ནད་འགོག་བཅོས་ཀྱི་སྔོན་ཐོན་མི་སྒེར་དང་སྔོན་ཐོན་ མཉམ་སྡེབ་ཀྱི་འཐུས་མི་སོགས་དང་ཐུག་འཕྲད་གནང་བ་དང་། ཚང་མ་དང་དྲན་རྟེན་སྐུ་པར་ཡང་བསྐྱོན་ཡོད་པ་རེད།

 


©༢༠༡༧ཀན་ལྷོའི་ཏང་གི་འཛུགས་སྐྲུན་དྲ་བ། ཀྲུང་གུང་ཀན་ལྷོ་ཁུལ་ཨུའི་རྩ་འཛུགས་པུའུ་ཡིས་གཙོ་སྒྲུབ་བྱས་པས་པར་དབང་འདི་གར་དབང་།

སྡོད་གནས། ཀན་ལྷོ་ཁུལ་ཨུའི་གཅིག་གྱུར་གཞུང་ལས་ཐོག་ཁང་གི་དྲུག་ཐོག ཁ་པར། ༠༩༤༡--༨༢༢༢༡༥༩ སྦྲག་ཨང་། ༧༤༧༠༠༠

དྲ་ངོས་རྡེབ་ཚད།མི་ཐེངས། དྲ་ངོས་སྒྲིག་བཟོ། ཧུང་ཏེན་དྲ་རྒྱ།

甘公网安备 62300102000044号