今天是:

རེས་མོའི་གསར་འགྱུར།

ཉིན་རེའི་གསར་འགྱུར་གལ་ཆེན།

མདུན་ཤོག > རེས་མོའི་གསར་འགྱུར། > ཉིན་རེའི་གསར་འགྱུར་གལ་ཆེན།

ལུའེ་ཀྲེ་ཅུན་ཐེ་བོ་རྫོང་མགོ་བརྒྱད་སྡེ་བའི“བདུན་གཅིག” ཏང་གི་ཉིན་མོའི་བརྗོད་དོན་གཙོ་བོའི་བྱེད་སྒོར་ཞུགས་པ།

ཟླ་6ཚེས་30ཉིན།ཁུལ་ཨུའི་རྒྱུན་ཨུའམ་རྩ་འཛུགས་པུའི་པུའུ་ཀྲང་ལུའེ་ཀྲེ་ཅུན་ཐེ་བོ་རྫོང་ཀའོ་ཅི་སྡེ་བར་བསྐྱོད་དེ་ དབུ་བརྒྱད་ཚོགས་འདུའི་གནས་རྙིང་དུ་སྡེ་བའི་ཏང་ཡོན་དང་མཉམ་དུ་ཏང་དབུ་བརྙེས་ནས་ལོ་99འཁོར་བར་དྲན་གསོ་ཞུ་བའི“གསར་བརྗེའི་གཏམ་རྒྱུད་ཉན་པ་དང་གསར་བརྗེའི་ས་བོན་རྒྱུན་འཛིན་བྱེད་པའི”བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོའི་བྱེད་སྒོར་ཞུགས་པ་རེད།    

བྱེད་སྒོ་སྤེལ་ཡུལ་དུ་ལུའེ་ཀྲེ་ཅུན་གྱིས་དམར་དམག་གི་རྗེས་རབས་པའི་འཐུས་མི་ཏའོ་ཅི་དང་ཏང་ཡོན་རྒན་གྲས་ཀྱི་འཐུས་མི་བློ་མཐུན་ཉི་ཁོང་གིས་གསུངས་པའི་དམར་དམག་རྒྱང་སྐྱོད་དེ་ཐེ་བོ་རྫོང་གི་ལོ་རྒྱུས་དང་མགོ་བརྒྱད་སྡེ་བའི་ཏང་ཀྲི་པུའི་ཧྲུའུ་ཅི་སྡེ་དམངས་ཨུ་ལྷན་གྱི་ཀྲུའུ་རེན་བཀྲ་ཤིས་དོན་གྲུབ་ཀྱིས་བཤད་པའི་མགོ་བརྒྱད་སྡེ་བའི་གནམ་ས་བླ་འོག་བརྗེ་བ་ལྟ་བུའི་འགྱུར་ལྡོག་དང་དེ་བཞིན་སྡེ་བའི་ཏང་ཀྲི་པུས“དམ་འཛིན་བཞི་དང་བཅོས་སྒྲིག་གཉིས”དོན་འཁྱོལ་བྱེད་པའི་བྱེད་ཐབས་གཙོ་བོ་དང་ཕན་འབྲས་ལ་ནན་ཏན་ངང་གསན་པ་རེད།    

བཞུགས་མོལ་བྱེད་སྐབས།ལུའེ་ཀྲེ་ཅུན་གྱིས་ཀྲུང་ཧྭ་མི་རིགས་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དང་ཏང་གི་འོད་སྟོང་འཕྲོ་བའི་ལོ་རྒྱུས་ལམ་བུར་ཕྱིར་མིག་བལྟས་པ་དང་དམར་དམག་རྒྱང་སྐྱོད་ཀྱིས་ཀྲུང་གོའི་གསར་བརྗེ་དང་ཐེ་བོའི་མི་དམངས་ལ་ཐེབས་པའི་ཤུགས་རྐྱེན་ལྷུག་པོར་གླེང་བ་རེད།ཀྲུང་གོའི་གུང་ཁྲན་ཏང་མིའི་ཐོག་མའི་བསམ་འདུན་དང་ལས་འགན་གསལ་འགྲེལ་བྱས་པ་དང་།ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག་ཀྲུང་ཧྭ་མི་རིགས་ཡར་ལངས་པ་དང་ཕྱུག་པོ་ཆགས་པ་ནས་སྟོབས་ཆེར་ཕྱིན་པའི་བར་གྱི་ལོ་རྒྱུས་ཀྱི་མཆོང་སྐྱོད་དང་ཀན་ལྷོའི་ས་ཁུལ་གྱི་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་གླེང་བ་དང་།གཞི་རིམ་ཏང་འཛུགས་སྐྱོང་ལས་དོན་གྱིས་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་ གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་ལག་བསྟར་བྱེད་པའི་དོན་སྙིང་གལ་ཆེན་རྒྱས་བཤད་བྱས་པ་རེད།དེང་སྐབས་སྡེ་བ་རིམ་ པའི་ཏང་རྩ་འཛུགས་དང་ཏང་ཡོན་དཔུང་ཁག་འཛུགས་སྐྱོང་ཁྲོད་གནས་པའི་ཞན་ཆ་དང་གནད་དོན་ལ་དབྱེ་ཞིབ་བྱེད་པ་ དང་།གསར་བརྗེའི་གཏམ་རྒྱུད་ཡག་པོ་ཤོད་པ།གསར་བརྗེའི་གཞི་རྒྱུ་རྒྱུན་འཛིན་ཡག་པོ་བྱེད་ནས།ཏང་ནང་གི་རྩ་འཛུགས་འཚོ་བར་ཧུར་ཐག་གིས་ཞུགས་པ་དང་།སྡེ་དམངས“ཨུ་ལྷན་གཉིས”ཀྱི་ལས་དོན་ལ་རྒྱབ་སྐྱོར་བྱེད་པ།སྡེ་བའི་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་ལ་ཐབས་འདོན་ཇུས་བཏོན་ཏེ་ཁོར་ཡུག་སྲུང་སྐྱོང་དང་། ཕྱུག་འགྱུར་གྱི་ལམ་བུར་ཞུགས་པ། རྒན་བཀུར་ བྱིས་སྐྱོང་།ཁྱིམ་མཚེས་བར་མཛའ་མཐུན་བྱེད་པ་བཅས་ཀྱི་ཁྲོད་ཏང་ཡོན་གྱི་གདོང་ལེན་དཔེ་བཟང་གི་ནུས་པ་འདོན་སྤེལ་བྱེད་དགོས།ཚང་མར་ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་དགོས་པའི་སྐུལ་མ་གཏོང་དགོས།ཡིད་ཆེས་འཛུགས་པ་དང་།བྱང་ཚད་མཐོ་རུ་གཏོང་བ།རྩལ་ནུས་ཆེ་རུ་གཏོང་བ་བཅས་བྱས་ཏེ་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་གྱིས་འཚོ་བ་ཡག་པོ་སྐྱེལ་བ་དང་སྡེ་བ་འཕེལ་རྒྱས་ཡག་པོ་གཏོང་དགོས་ཤིང་། ཐོན་ལས་དར་རྒྱས་དང་། སྐྱེ་ཁམས་སྡོད་འཚམ། ཡུལ་སྲོལ་ཡ་རབས། བཅོས་སྐྱོང་ནུས་ལྡན། འཚོ་བ་འབྱོར་ཕྱུག་བཅས་ཀྱི་རྒྱང་སྐྱོད་ལམ་བུ་གསར་པའི་ཐོག་ཧུར་ཐག་བསྐྱོད་དགོས།

བཞུགས་མོལ་ཚོགས་འདུ་མཇུག་བསྒྲིལ་རྗེས།ལུའེ་ཀྲེ་ཅུན་གྱིས་ཚོགས་ཞུགས་ཏང་ཡོན་ལ་ཏང་དབུ་བརྙེས་ནས་ལོ་99 འཁོར་བར་དྲན་གསོ་ཞུ་བའི་ཆབ་སྲིད་ཀྱི་སྐྱེས་སྐར་ལེགས་སྐྱེས་ཕུལ་ནས་དམར་དམག་གི་རྗེས་རབས་པ་རྡོ་རྗེ་དང་བསམ་བཀྲའི་ཁྱིམ་དུ་འཚམས་འདྲི་གནང་བར་ཕེབས་པ་རེད།ཁོང་ཚོར་འཚམས་དངུལ་སྤྲད་པ་དང་དུས་ཆེན་གྱི་སྨོན་འདུན་བཟང་པོ་ཡང་ཞུས་པ་རེད། ཁོང་ཚོར་ཕ་མེས་ཀྱི་སྙིང་སྟོབས་རྒྱུན་འཛིན་དང་གསར་བརྗེའི་སྲོལ་རྒྱུན་མ་བརྗེད་པ་བྱེད་དགོས་ལ། ཁོང་ཚོས་དཀའ་ངལ་ཁྱད་བསད་དང་།འཚོ་བ་སྐྱིད་པོ་རོལ་བ།བྱ་བ་ཧུར་ཐག་སྒྲུབ་པ་དང་འབད་བརྩོན་ལྷུར་ལེན་བྱེད་པར་བསྔགས་སྐུལ་བྱས།རྒྱང་སྐྱོད་ཀྱི་སྙིང་སྟོབས་མུ་མཐུད་འདོན་སྤེལ་བྱས་ཏེ་རྒྱང་སྐྱོད་ཀྱི་སྙིང་སྟོབས་མི་རབས་ནས་མི་རབས་བར་རྒྱུན་ འཛིན་ཐུབ་པ་བྱེད་དགོས།

  

དེའི་རྗེས་སུ་ལུའེ་ཀྲེ་ཅུན་གྱིས་རྟ་ར་ཞང་ལས་ཁུངས་སུ་དབུ་བརྒྱད་གསར་བརྗེའི་སློབ་གསོའི་ལྟེ་གནས་ལ་ལྟ་སྐོར་བྱས་པ་མ་ཟད།ད་དུང་རྟ་ར་ཞང་ཏང་གི་འཛུགས་སྐྱོང་དཔེ་སྟོན་ལས་དོན་དང“གསར་བརྗེའི་དབུ་བརྒྱད་དང་རྟ་རའི་སྐྱ་རེངས”ཏང་འཛུགས་སྐྱོང་གི་དཔེ་མཚོན་ལས་དོན་ཐད་ཞིབ་ཕྲའི་མཛུབ་ཁྲིད་དང་བསམ་འཆར་བཏོན་པ་རེད།


©༢༠༡༧ཀན་ལྷོའི་ཏང་གི་འཛུགས་སྐྲུན་དྲ་བ། ཀྲུང་གུང་ཀན་ལྷོ་ཁུལ་ཨུའི་རྩ་འཛུགས་པུའུ་ཡིས་གཙོ་སྒྲུབ་བྱས་པས་པར་དབང་འདི་གར་དབང་།

སྡོད་གནས། ཀན་ལྷོ་ཁུལ་ཨུའི་གཅིག་གྱུར་གཞུང་ལས་ཐོག་ཁང་གི་དྲུག་ཐོག ཁ་པར། ༠༩༤༡--༨༢༢༢༡༥༩ སྦྲག་ཨང་། ༧༤༧༠༠༠

དྲ་ངོས་རྡེབ་ཚད།མི་ཐེངས། དྲ་ངོས་སྒྲིག་བཟོ། ཧུང་ཏེན་དྲ་རྒྱ།

甘公网安备 62300102000044号