今天是:

རེས་མོའི་གསར་འགྱུར།

ཀྲུང་དབྱང་གསུང་སྙན།

མདུན་ཤོག > རེས་མོའི་གསར་འགྱུར། > ཀྲུང་དབྱང་གསུང་སྙན།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡིས་ཐུན་མོང་གི་སློབ་སྦྱོང་ཐེངས་ཉེར་གཅིག་པ་བསྡུས་པ་དང་ཞི་ཅིན་ཕིང་གིས་འགོ་འཛིན་མཛད་པར་མ་ཟད་གསུང་བཤད་གནང་།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡིས་ཟླ་དྲུག་པའི་ཚེས་ཉེར་དགུ་ཉིན་གྱི་ཕྱི་དྲོར་དུས་རབས་གསར་བའི་ཏང་གི་རྩ་འཛུགས་ལམ་ཕྱོགས་ལ་སློབ་སྦྱོང་དང་གོ་བ་ཟབ་མོ་ལེན་པ་དང་དེ་ལག་བསྟར་དང་དངོས་འབེབས་བྱེད་པའི་ཐད་ནས་ཐུན་མོང་གི་སློབ་སྦྱོང་ཐེངས་ཉེར་གཅིག་པ་བསྡུས།   

ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སློབ་སྦྱོང་ལ་འགོ་འཛིན་མཛད་པར་མ་ཟད་བསྟན་དོན། རྩ་འཛུགས་འཛུགས་སྐྲུན་ནི་ཏང་གི་འཛུགས་སྐྲུན་གྱི་རྨང་གཞི་གལ་ཆེན་ཡིན།ཏང་གི་རྩ་འཛུགས་ལམ་ཕྱོགས་ཀྱིས་ཏང་གི་ལམ་ཕྱོགས་ལ་ཞབས་འདེགས་ཞུ་བ་ཡིན།ང་ཚོའི་ཏང་གིས་ཡུན་རིང་ལ་སྲིད་སྐྱོང་ཞིང་ཇི་སྲིད་བར་དུ་གསོན་ཤུགས་ཉམས་པ་མེད་པ་དང་།རྒྱལ་ཡོངས་རིགས་སོ་སོའི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བགྲོད་ལམ་དུ་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་དགོས་ལ།ཆེས་གལ་ཆེ་བ་ནི་ཏང་སྔར་ལས་སྟོབས་ཤུགས་ལྡན་པ་ཞིག་ཏུ་འཛུགས་སྐྲུན་བྱེད་རྒྱུ་དེ་ཡིན།དུས་རབས་གསར་བའི་ཏང་གི་རྩ་འཛུགས་ལམ་ཕྱོགས་ཀྱིས་ཏང་གི་རྩ་ འཛུགས་འཛུགས་སྐྲུན་ལ་ཤུགས་སྣོན་པར་ཚན་རིག་དང་མཐུན་པའི་བསྲུང་བྱ་འདོན་སྤྲོད་བྱས་ནས།ཏང་གི་གསར་སྐྲུན་ནུས་ཤུགས་དང་གཅིག་སྡུད་ནུས་ཤུགས། འཐབ་འཛིང་ནུས་ཤུགས་ཇེ་ཆེར་གཏོང་བར་ཁག་ཐེག་གལ་ཆེན་འདོན་སྤྲོད་བྱས། ང་ཚོས་བློ་བརྟན་འགྱུར་མེད་སྒོས་ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་དང་འཐུས་ཚང་དུ་བཏང་སྟེ་མུ་མཐུད་ནས་ཏང་གི་འཛུགས་སྐྲུན་གྱི་རླབས་ཆེན་བཟོ་སྐྲུན་གསར་བར་སྐུལ་འདེད་གཏོང་བ་དང་།དུས་རབས་གསར་བའི་ཏང་གི་རྩ་འཛུགས་ལམ་ཕྱོགས་ལག་ བསྟར་དང་དངོས་འབེབས་བཟང་བོ་བྱས་ནས་མུ་མཐུད་དུ་སྔར་ལས་ཏང་སྔར་ལས་སྟོབས་ལྡན་དུ་འཛུགས་སྐྲུན་བྱེད་དགོས་ ཟེར།

ཀྲུང་དབྱང་རྩ་འཛུགས་པུའུ་ཡི་དྲུང་ཡིག་ཆེན་མོ་ཧུའུ་ཅིན་ཆི་ཡིས་གནད་དོན་དེའི་ཐད་འགྲེལ་བཤད་བྱས་པ་དང་བསམ་འཆར་དང་གྲོས་གཞི་བཏོན།

ཞི་ཅིན་ཕིང་གིས་སློབ་སྦྱོང་ལ་འགོ་འཛིན་མཛད་སྐབས་གསུང་བཤད་གལ་ཆེན་གནང་། ཁོང་གིས་བསྟན་དོན། ཉིན་གཉིས་ཀྱི་རྗེས་སུ་ང་ཚོའི་ཏང་བཙུགས་ནས་ལོ་གོ་དགུ་ལོན་པའི་ཉིན་མོ་ཡིན།ཐེངས་འདིའི་ཀྲུང་དབྱང་ཆབ་སྲིད་ཅུའུ་ ཡིས་ཐུན་མོང་གི་སློབ་སྦྱོང་བཀོད་སྒྲིག་བྱས་པ་ནི་ཏང་གི་འཁྲུངས་སྐར་ལ་རྟེན་འབྲེལ་ཞུ་བའི་བྱ་འགུལ་གལ་ཆེན་ཞིག་ཡིན་པ་དང་།ཏང་ཡོངས་ཀྱིས་དུས་རབས་གསར་བའི་ཏང་གི་རྩ་འཛུགས་ལམ་ཕྱོགས་ལ་ངོས་འཛིན་གསལ་བོ་བྱེད་པར་མ་ཟད་ལག་ བསྟར་དང་དངོས་འབེབས་བྱེད་པར་སྐུལ་འདེད་གཏོང་བའི་ཆེད་ཡིན།ཞི་ཅིན་ཕིང་གིས་ཏང་ཀྲུང་དབྱང་གི་ཚབ་མཛད་དེ་ རྒྱལ་ཡོངས་ཀྱི་རྒྱ་ཆེའི་གུང་ཁྲན་ཏང་ཡོན་རྣམས་ལ་དུས་ཆེན་གྱི་རྟེན་འབྲེལ་ཞུས།

ཞི་ཅིན་ཕིང་གིས་བསྟན་དོན།ཏང་གི་ཚན་རིག་གཞུང་ལུགས་ལ་བརྟེན་ནས་ཏང་ཡོངས་ལ་དྲག་ཆས་སྤྲས་པ་དམ་འཛིན་བྱེད་དགོས།མར་ཁེ་སི་རིང་ལུགས་དང་ལྷག་པར་དུ་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་གཞུང་ལུགས་ཀྱིས་དྲག་ཆས་སྤྲས་པར་ཤུགས་བསྣན་ནས། རིམ་པ་སོ་སོའི་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན། ལས་བྱེད་པ། ལྷག་པར་དུ་འགོ་ཁྲིད་ལས་བྱེད་པས་མར་ཁེ་སི་རིང་ལུགས་གཞུང་ལུགས་ཀྱིས་དྲག་ཆས་སྤྲས་དགོས་པ་དང་། མར་ཁེ་སི་རིང་ལུགས་ཀྱི་གཞུང་ལུགས་ཆུ་ཚད་དང་བཀོལ་སྤྱོད་ནུས་པ་མཐོར་འདེགས་སུ་གཏོང་དགོས་པར་མ་ཟད། མཉམ་དུ་ཏང་གི་གསར་སྐྲུན་རིག་གཞུང་དེ་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་རླབས་ཆེན་ལས་དོན་ལ་སྐུལ་འདེད་གཏོང་བའི་ལག་ལེན་སྟོབས་ཤུགས་སུ་བསྒྱུར་དགོས།རིམ་པ་སོ་སོའི་ཏང་ཨུ་དང་དེའི་རྩ་འཛུགས་ལས་ཁུངས་ཀྱིས་རང་རྟོགས་སྒོས་ཏང་གི་ཚན་རིག་གཞུང་ལུགས་ལ་བརྟེན་ནས་ཏང་གི་རྩ་འཛུགས་འཛུགས་སྐྲུན་ལ་མཛུབ་སྟོན་བྱེད་པ་དང་།དོན་དངོས་ཀྱི་བཅོས་སྒྱུར་གསར་སྐྲུན་གསར་བ་དང་ཟུང་འབྲེལ་བྱས་ཏེ།བྱ་བ་སྣ་ཚོགས་ལ་སྔར་ལས་དུས་རབས་རང་བཞིན་ དང་ཆོས་ཉིད་རང་བཞིན།གསར་སྐྲུན་རང་བཞིན་བཅས་ལྡན་པར་བྱས་ནས།དུས་རབས་གསར་བའི་ཏང་གི་ལོ་རྒྱུས་འགན་འཁྲི་མངོན་འགྱུར་བྱེད་པར་སྟོབས་དང་ལྡན་པའི་རྩ་འཛུགས་ཁག་ཐེག་འདོན་སྤྲོད་བྱེད་དགོས་ཟེར།

ཞི་ཅིན་ཕིང་གིས་བསྟན་དོན།ཏང་གི་རྩ་འཛུགས་ལམ་ལུགས་ཀྱི་འཛུགས་སྐྲུན་དམ་འཛིན་བྱེད་དགོས།ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་ལ།ཏང་ཀྲུང་དབྱང་གིས་སྔ་གཞུག་ཏུ་ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བའི་ཚད་གཞི་འགའ་དང་ཏང་ཙུའུ་བྱ་བའི་སྲོལ་ཡིགས་གནས་ཏང་ཨུའི་བྱ་བའི་སྲོལ་ཡིགཏང་གི་བྱ་བའི་ལས་ཁུངས་ཀྱི་སྲོལ་ཡིགཀྲི་པུའུ་བྱ་བའི་ སྲོལ་ཡིག དེ་མིན་ཞིང་སྡེ་དང་རྒྱལ་དབང་ཁེ་ལས། ལས་ཁུངས། མཐོ་རིམ་སློབ་གྲྭ། གཞི་རིམ་ཏང་རྩ་འཛུགས་ཀྱི་བྱ་བའི་སྲོལ་ཡིག་སོགས་རྩ་འཛུགས་འཛུགས་སྐྲུན་ཕྱོགས་ཀྱི་ཏང་ནང་ཁུལ་གྱི་ཁྲིམས་སྲོལ་རབ་དང་རིམ་པ་གཏན་འཁེལ་བྱས་པ་དང་བཟོ་བཅོས་བྱས།ཏང་གི་སྐབས་བཅུ་དགུ་བའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བས་ཏང་གི་ཐུན་མོང་གཅིག་སྡུད་ཀྱི་རྩ་འཛུགས་ལམ་ལུགས་ཆ་ཚང་དུ་གཏོང་བ་དང་སྲུང་སྐྱོབ་བྱེད་རྒྱུ་དེ་ཏང་གི་འགོ་ཁྲིད་ལམ་ལུགས་མ་ལག་རྒྱུན་འཁྱོངས་དང་ འཐུས་ཚང་དུ་གཏོང་བའི་ནང་དོན་གལ་ཆེན་དུ་བཞག་པ་དང་རྒྱལ་ཁབ་ལམ་ལུགས་དང་རྒྱལ་ཁབ་བཅོས་སྐྱོང་མ་ལག་ཁྲོད་དུ་བཞག ཀྲུང་དབྱང་འབྲེལ་ཡོད་ལས་ཁུངས་དང་རིམ་པ་སོ་སོའི་ཏང་ཨུ་དང་ཏང་རྩ་འཛུགས་ཀྱིས་དོན་དངོས་དང་སྦྲེལ་ཏེ། ཏང་ནང་ཁུལ་གྱི་རྩ་འཛུགས་ཁྲིམས་སྲོལ་དང་ཏང་ཀྲུང་དབྱང་གིས་བཏོན་པའི་བླང་བྱ་དོན་འཁྱོལ་བྱེད་པ་དང་། རྩ་འཛུགས་བཀོད་སྒྲིག་དང་རྩ་འཛུགས་འཚོ་བ། རྩ་འཛུགས་འཁོར་སྐྱོད། རྩ་འཛུགས་དོ་དམ། རྩ་འཛུགས་ལྟ་སྐུལ་སོགས་དང་བཅས་པའི་རྩ་འཛུགས་ལམ་ལུགས་ཀྱི་མ་ལག་འཛུགས་པ་དང་ཆ་ཚང་དུ་གཏོང་དགོས་ལ།ཏང་ཨུ་དང་ཏང་ཙུའུ་ཡིས་ཏང་ཕྱོགས་ཡོངས་ནས་བཅོས་སྐྱོང་ནན་མོ་བྱེད་པའི་གཙོ་གཞིའི་འགན་འཁྲི་དངོས་འབེབས་བྱེད་པའི་ལམ་ལུགས་འཐུང་ཚང་དུ་གཏོང་དགོས་ པར་མ་ཟད། ལག་བསྟར་ནན་མོ་བྱས་ཏེ་མུ་མཐུད་དུ་ཏང་གི་རྩ་འཛུགས་འཛུགས་སྐྲུན་གྱི་ལམ་ལུགས་ཅན་དང་ཚད་ལྡན་ཅན། ཚན་རིག་ཅན་གྱི་ཆུ་ཚད་མཐོར་འདེགས་སུ་གཏོང་དགོས་ཟེར།


©༢༠༡༧ཀན་ལྷོའི་ཏང་གི་འཛུགས་སྐྲུན་དྲ་བ། ཀྲུང་གུང་ཀན་ལྷོ་ཁུལ་ཨུའི་རྩ་འཛུགས་པུའུ་ཡིས་གཙོ་སྒྲུབ་བྱས་པས་པར་དབང་འདི་གར་དབང་།

སྡོད་གནས། ཀན་ལྷོ་ཁུལ་ཨུའི་གཅིག་གྱུར་གཞུང་ལས་ཐོག་ཁང་གི་དྲུག་ཐོག ཁ་པར། ༠༩༤༡--༨༢༢༢༡༥༩ སྦྲག་ཨང་། ༧༤༧༠༠༠

དྲ་ངོས་རྡེབ་ཚད།མི་ཐེངས། དྲ་ངོས་སྒྲིག་བཟོ། ཧུང་ཏེན་དྲ་རྒྱ།

甘公网安备 62300102000044号