今天是:

རེས་མོའི་གསར་འགྱུར།

ཀྲུང་དབྱང་གསུང་སྙན།

མདུན་ཤོག > རེས་མོའི་གསར་འགྱུར། > ཀྲུང་དབྱང་གསུང་སྙན།

ཡུས་ཁྲིན་ཧུའེ་བསང་ཆུ་རྫོང་ཆུ་སྔོན་ཤང་ཤིང་སྒོ་སྡེ་བར་སོང་ནས་ཏང་ཡོན་རྒན་པར་འཚམས་འདྲི་དང་ཡུལ་སྐོར་འཕེལ་རྒྱས་བྱ་བར་རྟོག་ཞིབ་མཛུབ་སྟོན་བྱས་པ།

ཟླ6པའི་ཚེས29ཉིན།“བདུན་གཅིག”ཏང་འཛུགས་དུས་ཆེན་སླེབས་ལ་ཉེ་བའི་སྐབས་སུ།ཞིང་ཆེན་དམངས་ཆེན་རྒྱུན་ཨུ་ཁང་གི་ཀྲུའུ་རེན་གཞོན་པའམ་ཁུལ་ཨུའི་ཧྲུའུ་ཅི་ཡུས་ཁྲིན་ཧུའེ་བསང་ཆུ་རྫོང་ཆུ་སྔོན་ཤང་ཤིང་སྒོ་སྡེ་བར་སོང་ནས་ཏང་ ཡོན་རྒན་པར་འཚམས་འདྲི་དང་།“གཅིག་བཅུ་བརྒྱ་སྟོང་ཁྲི”ལས་གྲྭའི་རིག་གནས་ཡུལ་སྐོར་གྱི་ཚད་ཤིང་སྡེ་བའི་འཛུགས་སྐྲུན་བྱ་བར་རྟོག་ཞིབ་མཛུབ་སྟོན་བྱས།     

ཡུས་ཁྲིན་ཧུའེ་ཆུ་སྔོན་ཤང་ཤིང་སྒོ་སྡེ་བར་སོང་ནས་ཏང་ཡོན་རྒན་པ་ཅའོ་ཏེ་མིང་དང་མཚེ་མ་ཐར་ལ་འཚམས་འདྲི་བྱས་པ་མ་ཟད།ཁོ་ཚོར་ཏང་རྩ་འཛུགས་ཀྱི་ཐུགས་ཁུར་དང་དྲོ་སྐྱིད་བསྐྱལ་ཞིང་དུས་ཆེན་གྱི་སྨོན་འདུན་ཞུས།ཏང་ཡོན་རྒན་པ་གཉིས་ཀྱི་ཁྱིམ་དུ་ཡུས་ཁྲིན་ཧུའེ་ཡིས་ཁོ་ཚོའི་ལུས་པོའི་གནས་ཚུལ་དྲིས་པ་དང་འཚོ་བའི་ཐད་ཀྱི་དཀའ་ངལ་རྒྱུས་ལོན་བྱས། ཡུས་ཁྲིན་ཧུའེ་ཡིས་རིམ་པ་སོ་སོའི་ཏང་རྩ་འཛུགས་ཀྱིས་ཏང་ཡོན་རྒན་པའི་ཚེ་མཇུག་གི་འཚོ་བར་མུ་མཐུད་དུ་སེམས་ཁུར་ དང་དོ་སྣང་བྱེད་པ་དང་། ཆབ་སྲིད་དང་འཚོ་བ། བརྩེ་དུང་བཅས་ཀྱི་ཐད་ནས་གཅེས་སྐྱོང་དང་ལྟ་རྟོག་བྱས་ཏེ་ཧུར་ཐག་གིས་

ཏང་ཡོན་རྒན་པའི་སེམས་ཁྲལ་དང་དཀའ་ངལ་སེལ་རོགས་བྱ་དགོས་ལ། རྒས་དུས་འཚོ་རྟེན་ཡོད་པ་དང་བརྟེན་ས་ཡོད་པ། སྤྲོ་སྐྱིད་གཏོང་ས་ཡོད་པ་བཅས་བྱ་དགོས་ཞེས་བསྟན།     

དེ་རྗེས་ཡུས་ཁྲིན་ཧུའེ་ཡིས་ཤིང་སྒོ་སྡེ་བའི་ཞིང་སྡེ་ཡུལ་སྐོར་འཕེལ་རྒྱས་དང“གཅིག་བཅུ་བརྒྱ་སྟོང་ཁྲི”ལས་གྲྭའི་རིག་གནས་ཡུལ་སྐོར་གྱི་ཚད་ཤིང་སྡེ་བའི་འཛུགས་སྐྲུན་བྱ་བར་ཡུལ་དངོས་ལྟ་ཞིབ་བྱས།ཁོས་ཤིང་སྒོ་སྡེ་བ་ནི་ནང་ས་ནས་ཀན་ལྷོ་བོད་ཁུལ་དུ་སྐྱོད་པའི་བྱང་སྒོ་དང་།ས་སེར་མཐོ་སྒང་ནས་མཚོ་བོད་མཐོ་སྒང་བརྒལ་བའི་སྡེ་བ་དང་པོ་ཡིན་པའི་ཆ་ནས་སྐྱེ་ཁམས་ཐོན་ཁུངས་ཕུན་སུམ་ཚོགས་ཤིང་།ས་ཁམས་གནས་བབ་ལེགས་པ་དང་ཡུལ་སྐོར་འཕེལ་རྒྱས་ཀྱི་མདུན་ལམ་ཆེན་པོ་ཡོད་པས།དེ་ནི་ཚ་གཡོལ་སྤྲོ་གསེང་དང་ནགས་ཚལ་ཡུལ་སྐོར།ལུས་རྩལ་ལུས་སྦྱོང་།སྤྲོ་གསེང་རོལ་རྩེད་བཅས་ཕྱོགས་བསྡུས་རང་བཞིན་གྱི་སྐྱེ་ཁམས་ཡུལ་སྐོར་སྤྲོ་གསེང་ཁུལ་ཞིག་རེད་ཅེས་བསྟན།

ཡུས་ཁྲིན་ཧུའེ་ཡིས་ཡུལ་སྐོར་མཛེས་ལྗོངས་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་ཀྱི་འཛུགས་སྐྲུན་མུ་མཐུད་དུ་འཐུས་ཚང་དུ་གཏོང་བ་དང་།ཡུལ་སྐོར་ཞབས་ཞུའི་ཆུ་ཚད་མཐོར་འདེགས་སུ་བཏང་ནས།ཐུན་མོང་མ་ཡིན་པ་དང་ཁྱད་ཆོས་ལྡན་པའི་རིག་གནས་ཡུལ་སྐོར་གྱི་ཚད་ཤིང་སྡེ་བ་དངོས་སུ་བསྐྲུན་དགོས་ལ། རྒྱུན་སྲིང་ལྷོད་མེད་ཀྱིས་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་དམ་འཛིན་བཟང་པོ་བྱེད་པ་དང་།དོ་དམ་ནན་འཛིན་བྱས་ནས་སྡེ་བའི་སྤྱི་ཡོངས་རྣམ་པའི་ཆུ་ཚད་མཐོར་འདེགས་སུ་གཏོང་དགོས།ཞིང་སྡེའི་ཡུལ་སྐོར་གྱིས་ཞིང་སྡེ་དར་རྒྱས་ལ་སྐུལ་འདེད་ གཏོང་བ་དང་།ཞིང་སྡེ་དར་རྒྱས་ཀྱིས་དབུལ་ཐར་གྱི་ཕན་འབྲས་མངོན་པར་བྱ་དགོས་ཤིང་།ཞིང་སྡེའི་ཡུལ་སྐོར་སྐྱོན་བྲལ་ངང་འཕེལ་རྒྱས་དང་མང་ཚོགས་ཀྱི་ཡོང་འབབ་རྒྱུན་མཐུད་ངང་འཕར་བ་སོགས་མངོན་འགྱུར་བྱུང་ནས།ཤིང་སྒོ་སྡེ་བའི་མང་ཚོགས་དང་དབུལ་ཕོངས་ཁྱིམ་ཚང་ལ་ཞིང་སྡེའི་ཡུལ་སྐོར་གྱི་ཕན་འབྲས་དངོས་ཚོར་དུ་འཇུག་དགོས་ཞེས་བསྟན།   

ཁུལ་ཨུའི་རྒྱུན་ཨུའམ་བསང་ཆུ་རྫོང་ཨུའི་ཧྲུའུ་ཅི་དབྱང་ཞུང་གིས་འཚམས་འདྲི་དང་རྟོག་ཞིབ་བྱེད་པར་འགྲོ་རོགས་བྱས།།


©༢༠༡༧ཀན་ལྷོའི་ཏང་གི་འཛུགས་སྐྲུན་དྲ་བ། ཀྲུང་གུང་ཀན་ལྷོ་ཁུལ་ཨུའི་རྩ་འཛུགས་པུའུ་ཡིས་གཙོ་སྒྲུབ་བྱས་པས་པར་དབང་འདི་གར་དབང་།

སྡོད་གནས། ཀན་ལྷོ་ཁུལ་ཨུའི་གཅིག་གྱུར་གཞུང་ལས་ཐོག་ཁང་གི་དྲུག་ཐོག ཁ་པར། ༠༩༤༡--༨༢༢༢༡༥༩ སྦྲག་ཨང་། ༧༤༧༠༠༠

དྲ་ངོས་རྡེབ་ཚད།མི་ཐེངས། དྲ་ངོས་སྒྲིག་བཟོ། ཧུང་ཏེན་དྲ་རྒྱ།

甘公网安备 62300102000044号