今天是:

གཞུང་ལུགས་ཞིབ་འཇུག

གཞུང་ལུགས་བརྩམས་ཆོས།

མདུན་ཤོག > གཞུང་ལུགས་ཞིབ་འཇུག > གཞུང་ལུགས་བརྩམས་ཆོས།

ཀྲུང་གོ་གུང་ཁྲན་ཏང་ཞང་སྡེའི་གཞི་རིམ་རྩ་འཛུགས་ཀྱི་ལས་ཀའི་སྲོལ་ཡིག

ལེའུ་དང་པོ། སྤྱིའི་རྩ་འཛིན།

དོན་ཚན་དང་པོ།ཞང་སྡེའི་ལས་ཀ་ཡིས་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་ཡོངས་ཀྱི་ཁྲོད་འཐབ་ཇུས་ཀྱི་གོ་གནས་གལ་ཆེན་ཟིན་ཡོད་ཅིང་།ཏང་ཡོངས་ཀྱི་ལས་ཀའི་ཁྲོད་ཀྱི་གཙོ་གནད་ཡིན།དུས་རབས་གསར་བའི་ཏང་གི་འཛུགས་སྐྲུན་གྱི་སྤྱིའི་བླང་བྱ་དང་དུས་རབས་གསར་བའི་ཏང་གི་རྩ་འཛུགས་ལམ་ཕྱོགས་ནན་ཏན་གྱིས་ལག་ལེན་མཐའ་འཁྱོངས་བྱ་ཆེད།ཏང་གི་ཞང་སྡེའི་ལས་ཀའི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་ལ་རྒྱུན་འཁྱོངས་དང་ཤུགས་སྣོན་རྒྱག་པ།ཞང་སྡེ་དར་སྤེལ་འཐབ་ཇུས་གཏིང་ཟབ་ཏུ་ལག་བསྟར་བྱེད་པ།ཕྱོགས་ཡོངས་ནས་ཏང་ནན་གྱིས་སྐྱོང་བ་གཞི་རིམ་དུ་རྒྱུན་སྲིང་བ།ཏང་གི་ཞང་སྡེའི་གཞི་རིམ་རྩ་འཛུགས་འཛུགས་སྐྲུན་བྱང་ཚད་མཐོར་འདེགས་བྱེད་པ།དུས་རབས་གསར་བའི་ཞང་སྡེའི་ཕྱོགས་ཡོངས་ཀྱི་དར་སྤེལ་ལ་སྟོབས་དང་ལྡན་པའི་ཆབ་སྲིད་དང་རྩ་འཛུགས་ཀྱི་ཁག་ཐེག་འདོན་ སྤྲོད་བྱེད་པ།ཀྲུང་གོའི་གུང་ཁྲན་ཏང་གི་སྒྲིག་ཡིགགཞིར་བཟུང་ནས་སྲོལ་ཡིག་འདི་གཏན་འབེབས་བཟོས་པ་ཡིན།

དོན་ཚན་གཉིས་པ།ཞང་གྲོང་བརྡལ་ཏང་གི་ཨུ་ཡོན་ལྷན་ཁང(གཤམ་ནས་བསྡུས་མིང་ལ་ཞང་གྲོང་བརྡལ་ཏང་ཨུ་ཟེར)དང་སྡེ་བའི་ཏང་རྩ་འཛུགས(སྡེ་བའི་སྲིད་སྐྱོང་སྡེ་བ་སྟོན)ནི་ཏང་གི་ཞང་སྡེའི་གཞི་རིམ་རྩ་འཛུགས་ཡིན།ཏང་གི་ཞང་སྡེའི་ལས་ཀ་ཡོངས་དང་འཐབ་འཛིང་ནུས་ཤུགས་ཀྱི་རྨང་གཞི་ཡིན།ཞང་གྲོང་བརྡལ་དང་སྡེ་བའི་རྩ་འཛུགས་སྣ་ཚོགས་དང་ལས་ཀ་སྣ་མང་ལ་ཕྱོགས་ཡོངས་ནས་སྣེ་ཁྲིད་བྱེད་པ།ངེས་པར་དུ་ཏང་གི་ཞང་སྡེའི་གཞི་རིམ་རྩ་འཛུགས་ཀྱི་འགོ་ཁྲིད་གོ་གནས་གཡོ་འགུལ་མེད་པར་རྒྱུན་འཁྱོངས་བྱེད་པ།

དོན་ཚན་གསུམ་པ།ཏང་གི་ཞང་སྡེའི་གཞི་རིམ་རྩ་འཛུགས་ཀྱི་ངེས་པར་དུ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དར་ཆ་རླབས་པོ་ཆེ་མཐོན་པོར་བསྒྲེངས་ནས།མར་ཁེ་སི་ལེ་ཉིན་རིང་ལུགས་དང་།མའོ་ཙེ་ཏུང་གི་དགོངས་པ།ཏེང་ཞའོ་ཕིང་གི་གཞུང་ལུགས།“མཚོན་བྱེད་གསུམ”གྱི་དགོངས་པ་གལ་ཆེན།ཚན་རིག་དང་མཐུན་པའི་འཕེལ་རྒྱས་ལྟ་བ།ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་བཅས་ཕྱོགས་སྟོན་དུ་འཛིན་པ་རྒྱུན་འཁྱོངས་བྱས་ཏེ།སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏང་ཀྲུང་དབྱང་དང་ཏང་ཡོངས་ཀྱི་ཁྲོད་སྲོག་ཤིང་གི་གོ་གནས་སྲུང་སྐྱོང་བརྟན་པོ་བྱེད་པ་དང་།ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་གྱུར་གྱི་འགོ་ཁྲིད་གཅིག་སྡུད་སྲུང་སྐྱོབ་མཐའ་གཅིག་ཏུ་བྱེད་དགོས།“འདུ་ཤེས་བཞི”བརྟན་པོ་འཛུགས་པ་དང་།“གདེངས་ཚོད་བཞི”བརྟན་པོར་བཏང་སྟེ།“གོང་བཀུར་བཞི”སྒྲུབ་ཐུབ་པ་བྱ་དགོས།ཏང་གིས་ཏང་སྐྱོང་བ་དང་ཕྱོགས་ཡོངས་ནས་ཏང་ནན་གྱིས་སྐྱོང་བ།རྩ་འཛུགས་ནུས་ཤུགས་མཐོར་འདེགས་སུ་གཏོང་བ་གཙོ་གནད་དུ་བྱེད་པ།ཆབ་སྲིད་བྱེད་ནུས་འབུར་དུ་འདོན་པ།ཧུར་ཐག་གིས་ཏང་གི་འདོད་ཚུལ་དྲིལ་བསྒྲགས་དང་།ཏང་གི་ཐག་གཅོད་ལག་བསྟར།གཞི་རིམ་སྐྱོང་བར་འགོ་ཁྲིད།མང་ཚོགས་ལ་མཐུན་སྒྲིལ་དང་སྐུལ་སློང་།བསྒྱུར་བཅོས་སྒོ་འབྱེད་སྐུལ་འདེད་གཏོང་བའི་སྲ་བརྟན་གྱི་འཐབ་འཛིང་བཙན་རྫོང་བཅས་བྱེད་པ།

       ལེའུ་གཉིས་པ།རྩ་འཛུགས་འཛུགས་པ།

       དོན་ཚན་བཞི་བ།ཞང་གྲོང་བརྡལ་གྱིས་ཏང་གི་གཞི་རིམ་ཨུ་ཡོན་ལྷན་ཁང་འཛུགས་དགོས།ཞང་དང་གྲོང་བརྡལ་ཏང་ཨུའི་སྐབས་རེའི་འགན་ཡུན་ལོ་༥ཡིན་ལ།ཏང་ཡོན་ཚོགས་ཆེན་ནམ་ཏང་ཡོན་འཐུས་མི་ཚོགས་ཆེན་དུ་འདེམས་བསྐོ་བྱས་ནས་བྱུང་བ་ཡིན།

       དོན་ཚན་ལྔ་བ།སྡེ་བ་རྨང་གཞིའི་སྡེ་ཚན་དུ་བྱས་ནས་ཏང་རྩ་འཛུགས་འཛུགས་པ།དངོས་གཞིའི་ཏང་ཡོན་མི༣ཡན་ ཡོད་པའི་སྡེ་བར་ཏང་ཀྲི་པུའུ་འཛུགས་དགོས།མི་༣མི་ལོན་པར་ཐག་ཉེའི་སྡེ་བ་དང་མཉམ་འབྲེལ་གྱིས་ཏང་ཀྲི་པུའུ་ འཛུགས་ཆོགཏང་ཡོན་མི་གྲངས༥༠བརྒལ་བའི་སྡེ་བ་དང་།ཏང་ཡོན་མི་གྲངས༥༠མི་ལོན་ནའང་ལས་ཀའི་དགོས་མགོ་ཡོད་པའི་སྡེ་བར་ཏང་གི་སྤྱིའི་ཀྲི་པུའུ་འཛུགས་ཆོགཏང་ཡོན་མི་གྲངས༡༠༠ཡན་ཡོད་པའི་སྡེ་བར་ལས་ཀའི་དགོས་མཁོ་གཞིགས་ནས།རྫོང་རིམ་པའི་ས་གནས་ཀྱི་ཏང་ཨུ་ཡིས་ཆོག་མཆན་བཀོད་པ་བརྒྱུད།ཏང་གི་གཞི་རིམ་ཨུ་ཡོན་ལྷན་ ཁང་འཛུགས་ཆོག་ཅིང་།འོག་ཏུ་ཏང་ཀྲི་པུའུ་ཁ་ཤས་འཛུགས་ཆོགསྡེ་བའི་ཏང་གི་ཨུ་ཡོན་ལྷན་ཁང་ལ་ཞང་གྲོང་བརྡལ་ཏང་ཨུའི་འགོ་ཁྲིད་ཀྱིས་འགོ་ཁྲིད་བྱེད།

སྡེ་བའི་ཏང་གི་ཨུ་ཡོན་ལྷན་ཁང་དང་།སྤྱིའི་ཀྲི་པུའུ་ཨུ་ཡོན་ལྷན་ཁང་།ཀྲི་པུའུ་ཨུ་ཡོན་ལྷན་ཁང་སྐབས་རེ་རེའི་འགན་ཡུན་ལོ་༥ཡིན་ལ།ཏང་ཡོན་ཚོགས་ཆེན་དུ་འདེམས་བསྐོ་བྱས་ནས་བདམས་ཐོན་བྱུང་བ་ཡིན།ཏང་ཡོན་མི་གྲངས༥༠༠ ཡན་ཡོད་པའི་སྡེ་བའི་བའི་ཏང་གི་ཨུ་ཡོན་ལྷན་ཁང་།ཞང་གྲོང་བརྡལ་ཏང་ཨུ་ཡིས་ཆོག་མཆན་བཀོད་པ་བརྒྱུད།ཏང་ཡོན་འཐུས་མི་ཚོགས་ཆེན་དུ་འདེམས་བསྐོ་བྱས་ནས་བདམས་ཐོན་བྱུང་ཆོག

       དོན་ཚན་དྲུག་པ།རྫོང་ཡན་གྱི་འབྲེལ་ཡོད་སྡེ་ཁག་གི་ཞང་གྲོང་བརྡལ་དུ་སྡོད་པའི་སྡེ་ཚན།ཏང་ཡོན་མི་གྲངས་དང་ ལས་ཀའི་དགོས་མཁོར་གཞིགས་ནས་ཏང་གི་གཞི་རིམ་རྩ་འཛུགས་འཛུགས་དགོས།ཏང་རྩ་འཛུགས་འདི་དག་ཏུ་ཏང་ཀྲུང་དབྱང་གི་གཏན་འབེབས་མི་འདྲ་བ་ཡོད་པ་ལས་གཞན་པ།ཞང་གྲོང་བརྡལ་ཏང་ཨུ་ཡིས་འགོ་ཁྲིད་བྱེད་པ།

       དོན་ཚན་བདུན་པ།ཞང་སྡེའི་དཔལ་འབྱོར་རྩ་འཛུགས་དང་སྤྱི་ཚོགས་རྩ་འཛུགས་ཁྲོད་ཁེར་རྐྱང་དུ་ཏང་རྩ་འཛུགས་ འཛུགས་པའི་ཆ་རྐྱེན་འདང་བར།ཏང་རྩ་འཛུགས་འཛུགས་ཆོགསྤྱིར་བཏང་དུ་གནས་ཡུལ་གྱི་སྡེ་བའི་ཏང་རྩ་འཛུགས་ སམ་ཞང་གྲོང་བརྡལ་ཏང་ཨུ་ཡིས་འགོ་ཁྲིད་བྱེད་དགོས།སྡེ་བ་བརྒལ་བ་དང་ཞང་གྲོང་བརྡལ་བརྒལ་བའི་དཔལ་འབྱོར་རྩ་འཛུགས་དང་སྤྱི་ཚོགས་རྩ་འཛུགས་ཁྲོད་ཏང་རྩ་འཛུགས་འཛུགས་པ།དེ་འཛུགས་པར་ཆོག་མཆན་འགོད་པའི་གོང་ རིམ་ཏང་རྩ་འཛུགས་སམ་ཡང་ན་རྫོང་རིམ་པའི་ཏང་ཨུའི་རྩ་འཛུགས་སྡེ་ཁག་གིས་ཁོངས་གཏོགས་འབྲེལ་བ་གཏན་འཁེལ་བྱེད་དགོས།

སྡེ་བ་གྲོང་ཁུལ་དུ་བསྒྱུར་བ་མཉམ་འགྲོས་སུ་ལེགས་སྒྲིག་བྱེད་པའམ་ཡང་ན་ཏང་རྩ་འཛུགས་འཛུགས་པ།

སྡེ་བ་མན་ཆད་དུ་ཏང་རྩ་འཛུགས་འཛུགས་པའམ་མེད་པར་བཟོ་བ།ངེས་པར་དུ་ཞང་གྲོང་བརྡལ་ཏང་ཨུའམ་ཡང་ན་དེའི་ཡན་གྱི་ཏང་རྩ་འཛུགས་ཀྱིས་ཆོག་མཆན་བཀོད་དགོས།

        དོན་ཚན་བརྒྱད་པ།ཞང་གྲོང་བརྡལ་ཏང་ཨུ་ལ་སྤྱིར་བཏང་ཨུ་ཡོན་༧ནས་༩བར་བསྐོ་བ།དེའི་ཁྲོད་དུ་ཧྲུའུ་ཅི༡དང་ཧྲུའུ་ཅི་གཞོན་པ་༢བསྐོས་ནས།རྩ་འཛུགས་ཨུ་ཡོན་དང་དྲིལ་བསྒྲགས་ཨུ་ཡོན་བསྐོ་དགོས།སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ཏང་ཨུའི་ཨུ་ཡོན་གྱིས་གཅིག་ལྕོགས་སུ་འཁུར་བ།ཏང་ཨུའི་ཨུ་ཡོན་གྱིས་ཞང་གྲོང་བརྡལ་འགོ་ཁྲིད་གོ་གནས་ཀྱི་བཀོད་སྒྲིག་ལྟར།ལུགས་ མཐུན་ལས་བགོ་བྱས་ནས།ལས་ཀ་ཚང་མ་འགན་ལེན་མཁན་ཡོད་པར་ཁག་ཐེག་བྱེད་པ།

སྡེ་བའི་ཏང་གི་ཀྲི་པུའུ་ཨུ་ཡོན་ལྷན་ཁང་དུ་སྤྱིར་བཏང་ཨུ་ཡོན་༣ནས་༥བར་བསྐོ་བ།དེའི་ཁྲོད་དུ་ཧྲུའུ་ཅི་༡དང་། དགོས་བ་ཡོད་དུས་ཧྲུའུ་ཅི་གཞོན་པ་༡བསྐོ་བ།དངོས་གཞིའི་ཏང་ཡོན་མི༧མི་ལོན་པའི་ཀྲི་པུའུ་ལ།ཀྲི་པུའུ་ཨུ་ཡོན་ལྷན་ཁང་མི་འཛུགས་པ།སྡེ་བའི་ཏང་གི་སྤྱིའི་ཀྲི་པུའུ་ཨུ་ཡོན་ལྷན་ཁང་དུ་སྤྱིར་བཏང་ཨུ་ཡོན་༥ནས་༧བར་བསྐོ་བ།ཆེས་ མང་ན་མི༩་མི་བརྒལ་བ། དེའི་ཁྲོད་དུ་ཧྲུའུ་ཅི་༡དང་།ཧྲུའུ་ཅི་གཞོན་པ༡ནས་༢་བར།སྒྲིག་ཁྲིམས་ཞིབ་བཤེར་ཨུ་ལྷན་གྱི་ཧྲུའུ་ཅི་༡བཅས་བསྐོ་བ།

        ལེའུ་གསུམ་པ།  ལས་གནས་འགན་འཁྲི།

དོན་ཚན་དགུ་བ།ཞང་གྲོང་བརྡལ་ཏང་ཨུའི་ལས་འགན་གཙོ་བོ་ནི།

(གཅིག)ཏང་གི་ལམ་ཕྱོགས་བྱེད་ཕྱོགས་སྲིད་ཇུས་དང་།ཏང་ཀྲུང་དབྱང་དང་གོང་རིམ་ཏང་རྩ་འཛུགས།ཞང་གྲོང་བརྡལ་ཏང་ཡོན་འཐུས་མི་ཚོགས་ཆེན(ཏང་ཡོན་ཚོགས་ཆེན)གྱི་གྲོས་ཆོད་དྲིལ་བསྒྲགས་དང་ལག་བསྟར་མཐའ་འཁྱོལ་བྱེད་པ།

(གཉིས།)ཞང་གྲོང་བརྡལ་རང་གི་དཔལ་འབྱོར་འཛུགས་སྐྲུན་དང་།ཆབ་སྲིད་འཛུགས་སྐྲུན།རིག་གནས་འཛུགས་སྐྲུན།སྤྱི་ཚོགས་འཛུགས་སྐྲུན།སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དང་ཏང་གི་འཛུགས་སྐྱོང་།ད་དུང་ཞང་སྡེའི་དར་སྤེལ་ཁྲོད་ཀྱི་གནད་དོན་གལ་ཆེན་གྲོས་བསྡུར་དང་ཐག་གཅོད་བྱེད་པ།ཞང་གྲོང་བརྡལ་སྲིད་དབང་ལས་ཁུངས་སམ་ཡང་ན་ཐུན་མོང་དཔལ་འབྱོར་རྩ་འཛུགས་ཀྱིས་ཐག་གཅོད་དགོས་པའི་དོན་དག་གལ་ཆེན།ཞང་གྲོང་བརྡལ་ཏང་ཨུ་ཡིས་ཞིབ་འཇུག་གྲོས་བསྡུར་བྱས་པ་བརྒྱུད་ནས།ཞང་གྲོང་བརྡལ་སྲིད་དབང་ ལས་ཁུངས་སམ་ཡང་ན་ཐུན་མོང་དཔལ་འབྱོར་རྩ་འཛུགས་ཀྱིས་ཁྲིམས་ལུགས་དང་འབྲེལ་ཡོད་གཏན་འབེབས་ལྟར་ཐག་གཅོད་བྱེད་པ།

(གསུམ།)ཞང་གྲོང་བརྡལ་སྲིད་དབང་ལས་ཁུངས་དང་།ཚོགས་སྤྱིའི་རྩ་འཛུགས།གཞན་པའི་རྩ་འཛུགས་སྣ་ཚོགས་བཅས་ལ་འགོ་ཁྲིད་བྱས་ཏེ།མཛུབ་སྟོན་དང་ཚད་ལྡན་དུ་འགྲོ་བར་ཤུགས་སྣོན་རྒྱག་པ།ལས་ཁུངས་ འདི་དག་དང་རྩ་འཛུགས་ཀྱིས་རྒྱལ་ཁབས་ཀྱི་ཁྲིམས་ལུགས་ཁྲིམས་སྲོལ་དང་རང་རང་གི་སྒྲིག་ཡིག་ལྟར་ལས་འགན་སྒྲུབ་པར་རྒྱབ་སྐྱོར་དང་ཁག་ཐེག་བྱེད་པ།

(བཞི།)ཞང་གྲོང་བརྡལ་ཏང་ཨུའི་རང་ངོས་ཀྱི་འཛུགས་སྐྲུན་དང་སྡེ་བའི་ཏང་རྩ་འཛུགས་ཀྱི་འཛུགས་སྐྲུན།ད་དུང་གཞན་པའི་ཁོངས་གཏོགས་ཀྱི་ཞང་གྲོང་བརྡལ་ཏང་ཨུའི་ཏང་རྩ་འཛུགས་ཀྱི་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པ།ཏང་ཡོན་བསྡུ་ལེན་གྱི་ལས་ཀ་ལེགས་པོར་བཟུང་ནས།ཏང་ཡོན་རུ་ཁག་གི་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པ།ཏང་གི་སྒྲིག་ལམ་སྲུང་སྐྱོང་དང་ལག་བསྟར་བྱས་ཏེ།ཏང་ཡོན་ལས་བྱེད་དང་གཞན་པའི་ལས་བྱེད་མི་སྣ་གང་ཞིག་ཡིན་ནའང་རྒྱལ་ཁབ་ཀྱི་ཁྲིམས་ལུགས་དང་ཁྲིམས་སྲོལ་བརྩི་སྲུང་ནན་མོ་བྱ་ སྒྱུར་ལྟ་སྐུལ་བྱེད་པ།

(ལྔ།)ལས་བྱེད་པ་དོ་དམ་གྱི་དབང་ཚད་ལྟར།ལས་བྱེད་པའི་སློབ་གསོ་དང་།གསོ་སྐྱོང་།བསྐོ་འཐེན།དཔྱད་ཞིབ།ལྟ་སྐུལ་བཅས་ཀྱི་ལས་ཀར་འགན་ལེན་བྱེད་པ།གོང་རིམ་འབྲེལ་ཡོད་ལས་ཁུངས་ཀྱི་ཞང་གྲོང་བརྡལ་དུ་སྡོད་པའི་ལས་བྱེད་པ་དོ་དམ་བྱ་རྒྱུར་རམ་འདེགས་བྱེད་པ།འཇོན་མིར་ཞབས་ཞུ་དང་ནང་འདྲེན་ལས་ཀ་ལེགས་པོར་སྒྲུབ་པ།

(དྲུག)ཞང་གྲོང་བརྡལ་རང་གི་གཞི་རིམ་བདག་སྐྱོང་ལ་འགོ་ཁྲིད་བྱས་ཏེ།སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོའི་ཁྲིམས་སྐྱོང་དང་བསམ་པའི་དཔལ་ཡོན་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱབ་ནས།སྤྱི་ཚོགས་བདེ་འཇགས་ལ་ཕྱོགས་ཡོངས་ནས་བདག་སྐྱོང་བྱ་རྒྱུར་ཤུགས་སྣོན་རྒྱག་པ།སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་།ཡིད་འོང་ཞང་སྡེ་འཛུགས་སྐྲུན།མཛེས་སྡུག་གི་ཞང་སྡེ་འཛུགས་སྐྲུན།དམངས་འཚོ་འགན་ལེན།དབུལ་ཐར་ཕྱུག་འགྱུར།མི་རིགས་ཆོས་ལུགས་བཅས་ཀྱི་ལས་ཀ་ལེགས་པོར་སྒྲུབ་པ།

དོན་ཚན་བཅུ་བ།སྡེ་བའི་ཏང་རྩ་འཛུགས་ཀྱི་ལས་འགན་གཙོ་བོ་ནི།

(གཅིག)ཏང་གི་ལམ་ཕྱོགས་བྱེད་ཕྱོགས་སྲིད་ཇུས་དང་།ཏང་ཀྲུང་དབྱང་དང་གོང་རིམ་ཏང་རྩ་འཛུགས།སྡེ་བ་རང་གི་ཏང་ཡོན་ཚོགས་ཆེན( ཏང་ཡོན་འཐུས་མི་ཚོགས་ཆེན)གྱི་གྲོས་ཆོད་དྲིལ་བསྒྲགས་དང་ལག་བསྟར་མཐའ་འཁྱོལ་བྱེད་པ།

(གཉིས།)རང་སྡེའི་དཔལ་འབྱོར་འཛུགས་སྐྲུན་དང་།ཆབ་སྲིད་ལེགས་སྐྱོང་།རིག་གནས་འཛུགས་སྐྱོང་།སྤྱི་ཚོགས་འཛུགས་སྐྲུན།སྐྱེ་ཁམས་དཔལ་ཡོན་འཛུགས་སྤེལ་།ཏང་འཛུགས་སྐྱོང་ད་དུང་ཞང་སྡེ་དར་སྤེལ་གནད་དོན་གལ་ཆེན་ལ་གྲོས་བསྡུར་དང་ཐག་གཅོད་བྱེད་དགོས་པ་མ་ཟད་དུས་ཐོག་ཏུ་ཞང་གྲོང་བརྡལ་ཨུར་སྙན་ཞུ་འབུལ་བ།སྡེ་དམངས་ཨུ་ཡོན་ལྷན་ཁང་གིས་རེ་འདུན་ཞུ་དགོས་པའི་སྡེ་དམངས་ཚོགས་འདུ་དང་།སྡེ་དམངས་འཐུས་མིའི་ཚོགས་འདུར་ཐག་གཅོད་བྱས་པའི་བྱ་བའམ་ཡང་ན་ཐུན་མོང་དཔལ་འབྱོར་རྩ་འཛུགས་ཀྱིས་ཐག་གཅོད་པའི་དོན་དག་གལ་ཆེན།སྡེ་བའི་ཏང་རྩ་འཛུགས་ཀྱིས་ཞིབ་འཇུག་གྲོས་བསྡུར་བརྒྱུད།སྡེ་དམངས་ཚོགས་འདུ་དང་།སྡེ་དམངས་འཐུས་མིའི་ཚོགས་འདུའམ་ཡང་ན་ཐུན་མོང་དཔལ་འབྱོར་རྩ་འཛུགས་སོགས་ཀྱིས་ཁྲིམས་ལུགས་དང་འབྲེལ་ཡོད་གཏན་འབེབས་ལ་གཞིགས་ནས་ཐག་གཅོད་གནང་དགོས།

(གསུམ།)སྡེ་རིམ་དམངས་གཙོའི་འདེམས་བསྐོ་དང་།དམངས་གཙོའི་འཐབ་ཇུས།དམངས་གཙོའི་དོ་དམ།དམངས་གཙོའི་ལྟ་སྐུལ་བཅས་ལ་འགོ་ཁྲིད་དང་སྐུལ་འདེད་གཏོང་བ།ཞང་སྡེའི་གཞི་རིམ་གྲོས་མོལ་སྐུལ་འདེད་བཏང་ནས།སྡེ་དམངས་ཀྱིས་ཁྲིམས་ལྟར་རང་སྐྱོང་བྱ་འགུལ་སྤེལ་བར་རྒྱབ་སྐྱོར་དང་འགན་ལེན་བྱེད་པ།སྡེ་དམངས་ཨུ་ཡོན་ལྷན་ཁང་དང་ད་དུང་སྡེ་དོན་ལྟ་སྐུལ་ཨུ་ཡོན་ལྷན་ཁང་།སྡེ་བའི་ཐུན་མོང་དཔལ་འབྱོར་རྩ་འཛུགས།ཚོགས་སྤྱིའི་རྩ་འཛུགས་དང་གཞན་པའི་དཔལ་འབྱོར་རྩ་འཛུགས།སྤྱི་ཚོགས་རྩ་འཛུགས་བཅས་ལ་འགོ་ཁྲིད་བྱས་ཏེ།མཛུབ་སྟོན་དང་ཚད་ལྡན་དུ་གཏོང་བར་ཤུགས་སྣོན་རྒྱབ་ནས།རྩ་འཛུགས་འདི་དག་གིས་རྒྱལ་ཁབ་ཀྱི་ཁྲིམས་ལུགས་ཁྲིམས་སྲོལ་ད་དུང་རང་རང་གི་སྒྲིག་ཡིག་ལྟར་ལས་འགན་སྒྲུབ་པར་རྒྱབ་སྐྱོར་དང་ཁག་ཐེག་བྱེད་པ།

(བཞི།)སྡེ་བའི་ཏང་རྩ་འཛུགས་ཀྱི་རང་ངོས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱབ་ཏེ།རྩ་འཛུགས་འཚོ་བ་གཟབ་ནན་དུ་གཏོང་བ།ཏང་ཡོན་ལ་སློབ་གསོ་དང་།དོ་དམ།ལྟ་སྐུལ་དང་ཞབས་ཞུ་སྒྲུབ་པ།ཏང་ནང་ཞུགས་ པར་རེ་འདུན་ཞུས་པའི་ཧུར་བརྩོན་ཅན་ལ་སློབ་གསོ་དང་གསོ་སྦྱོང་བྱེད་པའི་འགན་ཁུར་ནས།ཏང་ཡོན་བསྡུ་ལེན་གྱི་ལས་ཀ་ལེགས་པོར་སྒྲུབ་པ།ཏང་གི་སྒྲིག་ལམ་སྲུང་སྐྱོང་དང་ལག་བསྟར་བྱེད་པ།རུ་སྡེའི་ལས་བྱེད་པ་དང་།དཔལ་འབྱོར་རྩ་འཛུགས།སྤྱི་ཚོགས་རྩ་འཛུགས་བཅས་ཀྱི་འགན་འཁུར་བའི་སློབ་གསོ་དང་།དོ་དམ།ལྟ་ སྐུལ་ལ་ཤུགས་སྣོན་རྒྱབ་ཏེ།སྡེ་རིམ་རྗེས་གྲབས་སྟོབ་ཤུགས་གསོ་སྐྱོང་བྱེད་པ།རང་སྡེའི་འཇོན་བསྡུ་ཤེས་ འདྲེན་སོགས་ཀྱི་ལས་ཀ་ལེགས་པོར་སྒྲུབ་པ།

(ལྔ།)མང་ཚོགས་སྒྲིག་འཛུགས་དང་།མང་ཚོགས་ལ་དྲིལ་བསྒྲགས།མང་ཚོགས་གོང་བུར་སྒྲིལ་བ།མང་ཚོགས་ལ་ཞབས་ཞུ་བཅས་སྒྲུབ་ནས།རྒྱུན་པར་མང་ཚོགས་ཀྱི་སྐྱོན་བརྗོད་དང་བསམ་འཆར་ལ་རྒྱུས་ལོན་བྱས་ཏེ།མང་ཚོགས་ཀྱི་ལུགས་མཐུན་ཁེ་དབང་དང་ཁེ་ཕན་སྲུང་སྐྱོང་བྱེད་པ།མང་ཚོགས་ཀྱི་སློབ་ གསོའི་ཁྲིད་སྟོན་ལ་ཤུགས་སྣོན་རྒྱབ་ཏེ།མང་ཚོགས་ཀྱི་བསམ་བློའི་ཆབ་སྲིད་ཀྱི་ལས་ཀ་ལེགས་པོར་སྒྲུབ་པ།

(དྲུག)རང་སྡེའི་སྤྱི་ཚོགས་བདག་སྐྱོང་ལ་འགོ་ཁྲིད་བྱས་ཏེ།རང་སྡེའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་པའི་དཔལ་ཡོན་འཛུགས་སྤེལ་དང་།ཁྲིམས་སྐྱོང་དྲིལ་བསྒྲགས་སློབ་གསོ།སྤྱི་ཚོགས་བདེ་འཇགས་ཕྱོགས་བསྡུས་སུ་སྐྱོང་བ།སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་།མཛེས་པའི་གྲོང་སྡེ་འཛུགས་སྐྲུན།དམངས་འཚོ་འགན་ལེན།དབུལ་ཐར་ཕྱུག་འགྱུར།མི་རིགས་ཆོས་ལུགས་བཅས་ཀྱི་ལས་ཀ་ལེགས་པོར་སྒྲུབ་པ།

དོན་ཚན་བཅུ་གཅིག་པ།ཏང་ཡོན་མི་གྲངས་ཅུང་མང་བའི་སྡེ་བའི་ཏང་ཀྲི་པུའུ།ཏང་ཚོ་ཆུང་ཁ་ཤས་སུ་དབྱེས་ཆོགཏང་ཚོ་ཆུང་གིས་ཀྲི་པུའུ་ཨུ་ཡོན་ལྷན་ཁང་གི་མགོ་ཁྲིད་འོག་ལས་ཀ་སྒྲུབ་ཏེ།ཏང་ཡོན་གྱི་སློབ་སྦྱོང་དང་རྩ་འཛུགས་འཚོ་བར་ཞུགས་པར་སྒྲིག་འཛུགས་བྱེད་པ།ཏང་ཡོན་གྱི་འགན་འཁྲི་སྒྲུབ་པར་ཞིབ་བཤེར་དང་།དབང་ཆ་སྤྱོད་པ་དང་ཀྲི་པུའུ་ཨུ་ཡོན་ལྷན་ཁང་དང་ཏང་ཡོན་ཚོགས་ཆེན་གྱི་གྲོས་ཆོད་གནས་ཚུལ་ལག་བསྟར་བྱས་ཏེ།ཏང་ཡོན་དང་མང་ཚོགས་ཀྱི་བསམ་འཆར་ཡར་ཞུ་བྱེད་པ།

ལེའུ་བཞི་བ།  དཔལ་འབྱོར་འཛུགས་སྐྲུན།

དོན་ཚན་བཅུ་གཉིས་བ།ཏང་གི་ཞང་སྡེའི་གཞི་རིམ་རྩ་འཛུགས་ཀྱིས་དཔལ་འབྱོར་ལས་ཀའི་འགོ་ཁྲིད་ལ་ཤུགས་སྣོན་རྒྱབ་ཏེ།དཔལ་འབྱོར་འཛུགས་སྐྲུན་ལྟེ་གནས་སུ་འཛིན་པ་རྒྱུན་འཁྱོངས་བྱས་ནས།གསར་གཏོད་དང་།མཐུན་སྦྱོར།ལྗང་མདོགསྒོ་འབྱེད།མཉམ་སྤྱོད་བཅས་ཀྱི་འཕེལ་རྒྱས་འདུ་ཤེས་རྒྱུན་འཁྱོངས་བྱས་ཏེ།ཞང་ལས་ཞང་སྡེ་དེང་རབས་ཅན་མགྱོགས་མྱུར་སྐུལ་འདེད་གཏོང་བ་དང་།ཞང་བའི་ཡོང་འབབ་རྒྱུན་མཐུད་དེ་འཕར་སྣོན་བྱས་ནས།རྒྱུན་ཆད་མེད་པར་མང་ཚོགས་ཀྱི་དགའ་སྐྱིད་ལྡན་པའི་འཚོ་བའི་དགོས་མཁོ་སྐོང་བ། བྱེ་བྲག་གི་འགན་འཁྲི་ནི།

(གཅིག)  སྤྱི་ལ་དབང་བའི་ལམ་ལུགས་གཙོ་བོར་འཛིན་པ་དང་།དབང་བའི་ལམ་ལུགས་སྣ་མང་གི་དཔལ་འབྱོར་མཉམ་དུ་འཕེལ་རྒྱས་གཏོང་བའི་གཞི་རྩའི་དཔལ་འབྱོར་ལམ་ལུགས་རྒྱུན་འཁྱོངས་བྱས་ཏེ།ཞང་སྡེའི་གཞི་རྩའི་བདག་གཉེར་ལམ་ལུགས་སྲ་བརྟན་དང་འཐུས་ཚང་དུ་གཏོང་བ།ཞང་སྡེའི་ས་ཞིང་ཐུན་མོང་ལ་དབང་བར་རྒྱུན་འཁྱོངས་དང་།ཁྱིམ་ཚང་གི་བདག་གཉེར་གྱི་རྨང་གཞིའི་རང་བཞིན་གྱི་གོ་གནས་རྒྱུན་འཁྱོངས།ས་ཞིང་འགན་གཙང་ལེན་གྱི་འབྲེལ་བ་གཏན་འཇགས་ཡོང་བ་རྒྱུན་འཁྱོངས་བྱས་ཏེ།ཐུན་མོང་ཕྱུག་འགྱུར་གྱི་ལམ་བུར་བསྐྱོད་པ།

(གཉིས།) འབྲུ་རིགས་ཐོན་སྐྱེད་གཏན་འཇགས་འཕེལ་རྒྱས་སུ་གཏོང་བ་དང་།བདག་གཉེར་སྣ་མང་འཕེལ་རྒྱས་གཏོང་བ་དང་འབྲུ་རིགས་ཐོན་སྐྱེད་ལ་རྒྱབ་སྐྱོར་དང་སྐུལ་སྤེལ་བྱ་རྒྱུ་ཕན་ཚུན་ཟུང་འབྲེལ་བྱེད་པ།

(གསུམ།)ཞང་སྡེའི་ཐོན་ལས་དར་སྤེལ་ལ་སྐུལ་འདེད་དང་།ཞང་སྡེའི་ཐོན་ལས་དང་པོ་གཉིས་པ་གསུམ་པ་མཉམ་འདྲེས་སུ་སྐུལ་འདེད་བཏང་ནས།ཞིང་བར་ལུགས་དང་མཐུན་པར་ཐོན་ལས་ཕྲེང་བའི་གནས་ཐང་འཕར་བའི་ཡོང་འབབ་ལོངས་སུ་སྤྱོད་དུ་འཇུག་པ།

(བཞི།)སྔོ་ལྗང་རི་ཀླུང་ནི་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་ལ་རྒྱུན་འཁྱོངས་བྱས་ཏེ།ཞིང་ལས་ཞིང་སྡེ་ལྗང་མདོག་འཕེལ་རྒྱས་དང་རྒྱུན་མཐུད་དུ་འཕེལ་རྒྱས་འགྲོ་བ་མངོན་གྱུར་ཡོང་བར་བྱེད་པ།

(ལྔ།)རང་སའི་དཔལ་འབྱོར་འཕེལ་རྒྱས་ཀྱི་འཆར་གཞི་བཟོ་བར་འགོ་ཁྲིད་ནས།ཕྱོགས་སོ་སོའི་སྟོབས་ཤུགས་སྒྲིག་འཛུགས་དང་སྐུལ་སློང་བྱས་ཏེ་འཆར་གཞི་ལག་བསྟར་ཐུབ་པར་ཁག་ཐེག་བྱེད་པ།

(དྲུག)ཏང་ཡོན་དང་མང་ཚོགས་སྒྲིག་འཛུགས་ཀྱིས་ཞིང་ལས་ཚན་རིག་ལག་རྩལ་གྱི་ཤེས་བྱ་སྦྱོང་སྟེ། ཚན་རྩལ་བཀོལ་ནས་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་བ།འཇོན་མི་སྣ་ཚོགས་ཞིང་སྡེའི་གསར་འབྱེད་གསར་གཏོད་དུ་འགུག་པ།

དོན་ཚན་བཅུ་གསུམ་པ།ཏང་གི་ཞིང་སྡེའི་གཞི་རིམ་རྩ་འཛུགས་ཀྱིས་མང་ཚོགས་ལ་སྐུལ་སློང་དང་སྣེ་ཁྲིད་དེ་ནུས་ཤུགས་ཡོད་དགུས་དབུལ་ཐར་འགག་སྒྲོལ་འཐབ་འཁྲུག་ལས་རྒྱལ་བར་བྱས་ཏེ།དུས་ལྟར་དབུལ་ཐར་དམིགས་འབེན་མངོན་འགྱུར་ཡོང་བར་བྱེད་པ།དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དུ་འཕེལ་རྒྱས་གཏོང་བ་དང་ཡང་བསྐྱར་དབུལ་འགྱུར་ལ་སྔོན་འགོག་བྱེད་པ།སྒྲིག་འཛུགས་བྱས་ནས་ཞང་སྡེའི་ཕྱུག་འགྱུར་ཐོན་ལས་འཕེལ་རྒྱས་སུ་གཏོང་བ།ཞིང་བའི་ལས་ཞུགས་ལས་སྐྲུན་སྐུལ་འདེད་གཏོང་བ།ཞིང་བར“ཁུག་མ་ཕྱུག”ལ“ཀླད་པ་ཡང་ཕྱུག”དགོས་པར་སློབ་གསོའི་ཁྲིད་སྟོན་བྱེད་པ།རང་ཉིད་ཀྱི་དཀའ་སྤྱད་ངལ་རྩོལ་ལ་བརྟེན་ནས་བདེ་སྐྱིེད་ལྡན་ཞིང་ཡིད་དུ་འོང་བའི་འཚོ་བ་མངོན་འགྱུར་བྱེད་པ།

དོན་ཚན་བཅུ་བཞི་བ།ཏང་གི་ཞིང་སྡེའི་གཞི་རིམ་རྩ་འཛུགས་ཀྱིས་གནས་དང་བསྟུན་པར་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་རྒྱ་ཆེར་འགྲོ་བར་སྐུལ་འདེད་གཏོང་བ།ཐུན་མོང་དཔལ་འབྱོར་རྩ་འཛུགས་ཀྱིས་ཐུན་མོང་མ་རྩ་དོ་དམ་བྱ་རྒྱུར་འགོ་ཁྲིད་དང་རྒྱབ་སྐྱོར།ཁེ་ཕན་འབྲེལ་བ་མཐུན་སྦྱོར།སྒྲིག་འཛུགས་ཀྱིས་ཐོན་སྐྱེད་ཞབས་ཞུ་དང་ཐུན་མོང་ཐོན་ཁུངས་ལུགས་མཐུན་ངང་གསར་སྤེལ་བྱེད་པ།ཐུན་མོང་མ་རྩའི་གནས་ཐང་སྲུང་འཕར་ལ་ཁག་ཐེག་བྱེད་པ།ཞིང་བའི་ཁེ་ཕན་ལ་ཁག་ཐེག་བྱེད་པ།

     ལེའུ་ལྔ་བ།བསམ་པའི་དཔལ་ཡོན་འཛུགས་སྤེལ།

     དོན་ཚན་ཅོ་ལྔ་བ།ཏང་གི་ཞིང་སྡེའི་གཞི་རིམ་རྩ་འཛུགས་ཀྱིས་མང་ཚོགས་སྒྲིག་འཛུགས་བྱས་ནས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་སློབ་སྦྱོང་དང་།སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་གསོ་སྐྱོང་དང་ལག་ལེན་བྱེད་པ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་དང་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་གྱི་དྲིལ་བསྒྲགས་སློབ་གསོ་སྤེལ་བ།རྒྱལ་གཅེས་རིང་ལུགས་དང་།ཐུན་མོང་རིང་ལུགས།སྤྱི་ཚོགས་རིང་ལུགས་ཀྱི་སློབ་གསོ།ཏང་གི་ལམ་ཕྱོགས་བྱེད་ཕྱོགས་སྲིད་ཇུས་ཀྱི་སློབ་གསོ།བསམ་བློའི་ཀུན་སྤྱོད་དང་དམངས་གཙོ་ཁྲིམས་སྐྱོང་གི་སློབ་གསོ།ཞིང་བས་ཡང་དག་པར་རྒྱལ་ཁབ་དང་།ཚོགས་སྤྱི།རང་སྒེར་གསུམ་བར་གྱི་ཁེ་ཕན་འབྲེལ་བ་ཐག་གཅོད་བྱ་རྒྱུར་ཁྲིད་སྟོན་བྱེད་པ།ཕུགས་བསམ་ལྡན་པ་དང་།ཀུན་སྤྱོད་ལེགས་པ།རིག་གནས་ཡོད་པ།སྒྲིག་ལམས་སྲུང་བ་བཅས་ཀྱི་ཞིང་བ་གསར་གྲས་གསོ་སྐྱོང་བྱེད་པ།ཏང་གི་ཞིང་སྡེའི་གཞི་རིམ་རྩ་འཛུགས་ཀྱིས་མང་ཚོགས་གསོ་སྦྱོང་ལ་ཤུགས་སྣོན་རྒྱག་རྒྱུ།དུས་རབས་གསར་བའི་ཤེས་དཔལ་ལག་བསྟར་ལྟེ་གནས(སོ་དང་ས་ཚིགས)དང་ཞིང་བའི་མཚན་མོའི་སློབ་གྲྭ་སོགས་ཐབས་ལམ་བརྒྱུད་དེ།གཏིང་ཟབ་ཏུ་མང་ཚོགས་ལ་དྲིལ་བསྒྲགས་དང་སློབ་གསོ་གཏོང་བ།ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་དང་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློའི་ཀུན་སྤྱོད་སྤྱད་དེ་ཞིང་བའི་བསམ་བློའི་རིག་གནས་ཀྱི་གཡུལ་ས་དམ་པོར་འཛིན་པ།

     དོན་ཚན་བཅུ་དྲུག་པ།ཏང་གི་ཞིང་སྡེའི་གཞི་རིམ་རྩ་འཛུགས་ཀྱིས་ཞིང་སྡེའི་མི་སྡོད་ཁོར་ཡུག་ལེགས་བསྒྱུར་བྱས་ཏེ།དཔལ་ཡོན་ལྡན་ཞིང་བདེ་ཐང་ཡིན་པའི་འཚོ་བ་སྐྱེལ་ཐབས་དར་སྤེལ་གཏོང་བ།ཞིང་སྡེའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུད་འཛིན་དང་འཕེལ་རྒྱས་གོང་མཐོར་གཏོང་བ།སྲོལ་རྒྱུན་གྲོང་སྡེ་སྲུང་སྐྱོབ་བྱེད་པ།ཞིང་སྡེའི་རིག་གནས་སྒྲིག་བཀོད་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པ།བདེ་ཐང་ཕན་ཁེ་ཅན་གྱི་རིག་གནས་དང་ལུས་རྩལ་བྱེད་སྒོ་སྤེལ་བ།སློབ་གྲྭ་སྒྲུབ་པའི་ཆ་རྐྱེན་ལེགས་པོར་བསྒྱུར་ནས།འོས་འགན་སློབ་གསོ་ཁྱབ་བརྡལ་དུ་གཏོང་བ།དཔལ་ཡོན་ལྡན་པའི་གྲོང་སྡེ་དང་ཡ་རབས་ཚུལ་ལྡན་གྱི་ཁྱིམ་ཚང་གསར་འཛུགས་བྱེད་སྒོ་སྤེལ་བ།བཀས་བཀོད་རྒྱུད་འཛིན་གྱི་རྨོངས་དད་དང་ལུགས་རྙིང་སྲོལ་ངན་རྩ་གཏོར་བྱེད་པ།གོམས་སྲོལ་སྒྱུར་བར་སྐུལ་འདེད་བཏང་ནས།དུས་རབས་ཀྱི་སྲོལ་གསར་དར་སྤེལ་གཏོང་བ།

     དོན་ཚན་བཅུ་བདུན་པ།ཏང་གི་ཞིང་སྡེའི་གཞི་རིམ་རྩ་འཛུགས་ཀྱིས་བསམ་བློའི་ཆབ་སྲིད་ཀྱི་ལས་ཀར་ཤུགས་སྣོན་དང་ལེགས་སུ་གཏོང་བ།ཏང་རྩ་འཛུགས་དང་ཏང་ཡོན་གྱི་སྔོན་ཐོན་མཛད་རྗེས་དྲིལ་བསྒྲགས་དང་།མི་བཟང་དོན་བཟང་དྲིལ་བསྒྲགས།བདེན་བཟང་མཛེས་གསུམ་དར་སྤེལ།དྲང་ནུས་ཁྱབ་སྤེལ།མང་ཚོགས་ཀྱི་བསམ་བློའི་གནས་ཚུལ་ལ་རྒྱུས་ལོན་དང་།དོན་དངོས་ཀྱི་དཀའ་ངལ་སེལ་བར་རོགས་རམ་བྱས་ཏེ།མང་ཚོགས་ཀྱིས་རང་རྟོགས་ཏང་ཁར་ཉན་པ་དང་།ཏང་དྲིན་དྲན་པ།ཏང་རྗེས་སྙེག་པར་ཁྲིད་སྟོན་བྱེད་པ།

     དོན་ཚན་ཅོ་བརྒྱད་པ།ཏང་གི་ཞིང་སྡེའི་གཞི་རིམ་རྩ་འཛུགས་ཀྱིས་ཏང་ཡོན་དང་མང་ཚོགས་ཀྱི་ལྷ་གདོན་མེད་པར་སྨྲ་བའི་དྲིལ་བསྒྲགས་སློབ་གསོར་ཤུགས་སྣོན་རྒྱག་པ།ཏང་ཡོན་དང་མང་ཚོགས་ཀྱིས་རང་རྟོགས་སུ་རུལ་སུངས་རྗེས་ལུས་ཀྱི་རིག་གནས་བསླད་སྐྱོན་འགོག་པར་ཁྲིད་སྟོན་བྱས་ཏེ།ཚན་རིག་བསམ་བློ་དར་སྤེལ་དང་།ཚན་རིག་ཤེས་བྱ་ཁྱབ་བརྡལ་གཏོང་བ།ཞིང་སྡེའི་ཆོས་ལུགས་ལས་ཀ་ལེགས་བསྒྱུར་བྱེད་པ།དད་ལྡན་མང་ཚོགས་ཀྱི་ལས་ཀར་ཤུགས་སྣོན་རྒྱབ་ཏེ།ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་ལ་དོ་དམ་ལེགས་པོར་བྱེད་པ།ཁྲིམས་ལྟར་ཆོས་ལུགས་སྤྱད་དེ་ཞིང་སྡེའི་སྤྱི་བའི་ལས་དོན་ལ་ཐེ་གཏོགས་བྱེད་པར་ བཀག་འགོག་བྱ་རྒྱུ།ཁྲིམས་འགལ་གྱི་ཆོས་ལུགས་བྱེད་སྒོ་དང་ཕྱི་རྒྱལ་གྱི་སུམ་འཛུལ་བྱེད་སྒོར་མཐའ་གཅིག་ཏུ་བཀག་འགོག་བྱ་རྒྱུ།བསམ་པའི་འདུ་ཤེས་སྟེང་ངེས་པར་དུ་ལངས་ཕྱོགས་བརྟན་པ།དར་ཆ་གསལ་སྒྲེང་གིས་ལྟ་སྟངས་ནོར་འཁྲུལ་ཅན་ལ་ངོ་རྒོལ་བྱེད་པ།བྱ་ངན་སྤྱོད་ངན་དང་ཁྲིམས་འགལ་ཉེས་གསོག་གི་སྤྱོད་ཚུལ་ཡོད་ཚད་དང་འཐབ་རྩོད་བྱེད་པ།

       ལེའུ་དྲུག་པ།ཞང་སྡེ་བདག་སྐྱོང་།

དོན་ཚན་བཅུ་དགུ་བ།ཏང་གི་ཞིང་སྡེའི་གཞི་རིམ་རྩ་འཛུགས་ཀྱིས་རྩ་འཛུགས་སྣ་ཚོགས་ཀྱི་གཅིག་གྱུར་འགོ་ཁྲིད་ལ་ཤུགས་སྣོན་རྒྱབ་ཏེ།གསོན་ཤུགས་རབ་འཕེལ་དང་ཆ་མཐུན་རིམས་ལྡན་གྱི་ལེགས་སྐྱོང་ཞང་སྡེ་འཛུགས་སྐྲུན་བྱས་ནས།མཉམ་འཛུགས་མཉམ་སྐྱོང་མཉམ་སྤྱོད་ཀྱི་ཞང་སྡེའི་བདག་སྐྱོང་གནས་བབ་ཆགས་པར་བྱེད་པ།

སྡེ་བའི་ཏང་རྩ་འཛུགས་ཧྲུའུ་ཅི་ཡིས་ཁྲིམས་བཀོད་གོ་རིམ་བརྒྱུད་སྡེ་དམངས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་དང་།སྡེ་རིམ་ཐུན་མོང་དཔལ་འབྱོར་རྩ་འཛུགས།མཉམ་ལས་དཔལ་འབྱོར་རྩ་འཛུགས་སོགས་ཀྱི་འགན་འཁུར་བ་འགན་ལེན་བྱེད་པ།སྡེ་བའི་“ཨུ་གཉིས”ཚན་པའི་ཁོངས་མི་སྣོལ་བའི་སྒོ་ནས་ལས་འགན་འཁུར་བ་དང་།སྡེ་དོན་ལྟ་སྐུལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་སྤྱིེར་བཏང་ཏང་ཡོན་གྱིས་འཁུར་བ།སྡེ་དམངས་ཨུ་ཡོན་ལྷན་ཁང་གི་ཁོངས་མི་མ་ཡིན་བའི་ཏང་རྩ་འཛུགས་ཀྱི་ཁོངས་མིས་གཅིག་ལྕོགས་སུ་འཁུར་ཆོགསྡེ་དམངས་ཨུ་ཡོན་ལྷན་ཁང་གི་ཁོངས་མི་དང་སྡེ་དམངས་འཐུས་མི་ཁྲོད་ཏང་ཡོན་མི་གྲངས་ཀྱིས་སྡུར་ཚད་ཀྱི་མང་ཤོས་ཟིན་དགོས།

སྡེ་རིམ་གྱི་དོན་དག་གལ་ཆེན་ཇུས་འགོད་བྱེད་པར་“གྲོས་བཞི་སྤྱི་སྒྲོག་གཉིས”ལག་ལེན་བྱས་ཏེ།སྡེ་བའི་ཏང་རྩ་འཛུགས་ཀྱིས་གྲོས་འདོན་དང་།སྡེ་བའི་“ཨུ་གཉིས”ཚོགས་འདུར་གྲོས་སྡུར།ཏང་ཡོན་ཚོགས་ཆེན་དུ་གྲོས་ཞིབ།སྡེ་དམངས་ཚོགས་འདུའམ་ཡང་ན་སྡེ་དམངས་འཐུས་ཚོགས་སུ་གྲོས་ཆོད་བཅས་གནང་ནས། གྲོས་ཆོད་སྤྱི་སྒྲོག་དང་ལག་བསྟར་མཇུག་འབྲས་སྤྱི་སྒྲོག་བྱེད་པ།

དོན་ཚན་ཉི་ཤུ་བ།ཏང་གི་ཞིང་སྡེའི་གཞི་རིམ་རྩ་འཛུགས་ཀྱིས་ཏང་རྩ་འཛུགས་ཀྱིས་འགོ་ཁྲིད་བྱས་པའི་རང་སྐྱོང་དང་།ཁྲིམས་སྐྱོང་།སྤྱོད་བཟང་གིས་སྐྱོང་བ་བཅས་ཕན་ཚུན་ཟུང་འབྲེལ་གྱི་ཞིང་སྡེའི་བདག་སྐྱོང་མ་ལག་འཐུས་ཚང་དུ་འཛུགས་དགོས།སྡེ་དམངས་ཏང་སྐྱོང་ལག་ལེན་གཏང་གཟབ་ཏུ་གཏོང་བ།སྡེ་སྲོལ་དམངས་ཆིངས་སྒྲིག་བཟོ་དང་འཐུས་ཚང་དུ་གཏོང་བ།སྡེ་དོན་ལྟ་སྐུལ་ཨུ་ཡོན་ལྷན་ཁང་འཐུས་ཚང་དུ་འཛུགས་པ།སྡེ་རིམ་དམངས་གཙོའི་ལྟ་སྐུལ་ལ་ཤུགས་སྣོན་རྒྱག་པ།དུས་རབས་གསར་བའི“ཧྥེན་ཆོའི་ཉམས་མྱོང” ཁྱབ་བརྡལ་དང་།ཞང་སྡེའི་ཁྲིམས་སྐྱོང་འཛུགས་སྐྱོང་སྐུལ་འདེད།ཞང་སྡེ་སྤྱོད་བཟང་གིས་སྐྱོང་བའི་ཆུ་ཚད་མཐོར་འདེགས་བཅས་བདེ་འཇགས་ཀྱི་ཞང་སྡེ་འཛུགས་སྐྲུན་བྱེད་པ།

ཁྲིམས་ལྟར་ཞང་སྡེའི་ནག་ཚོགས་སྟོབས་ཤུགས་དང་།ཁྱིམ་རྒྱུད་ཀྱི་སྟོབས་ཤུགས་ངན་པ།ཆོས་ལུགས་ཐལ་སྤྱོད་སྟོབས་ཤུགས།སྡེ་བའི་བཙན་བདག་བཅས་ལ་རྡུང་རྡེག་ནན་མོ་བཏང་ནས།དེས་གཞི་རིམ་ལས་བྱེད་པ་དང་གཞི་རིམ་སྲིད་དབང་ལ་སིམ་འཛུལ་བྱེད་པར་ནན་འགོག་བྱེད་པ།ནག་ཚོགས་སྟོབས་ཤུགས་ཀྱི“སྲུང་ གདུགས”ལ་མཐའ་གཅིག་ཏུ་ཉེས་ཆད་གཅོད་པ།

དོན་ཚན་ཉེར་གཅིག་པ།ཏང་གི་ཞིང་སྡེའི་གཞི་རིམ་རྩ་འཛུགས་ཀྱིས་ཞིང་སྡེའི་སྐྱེ་ཁམས་དཔལ་ཡོན་འཛུགས་སྤེལ་ལ་ཤུགས་སྣོན་རྒྱག་པ།ཏང་ཡོན་དང་མང་ཚོགས་སྒྲིག་འཛུགས་ཀྱིས་རི་ཆུ་ནགས་ཞིང་མཚོ་རྩྭ་ སོགས་ཀྱི་མ་ལག་བདག་སྐྱོང་དུ་ཞུགས་སུ་འཇུག་པ།སྦགས་བཙོག་འགོག་བཅོས་ལ་ཤུགས་སྣོན་རྒྱབ་ཏེ།སྐྱེ་ ཁམས་ཁོར་ཡུག་སྲུང་སྐྱོང་དང་།མཛེས་པའི་ཞང་སྡེ་འཛུགས་སྐྲུན་བྱེད་པ།

དོན་ཚན་ཉེར་གཉིས་པ།ཏང་གི་ཞིང་སྡེའི་གཞི་རིམ་རྩ་འཛུགས་ཀྱིས་དམངས་འཚོ་ལེགས་བསྒྱུར་དང་འགན་ལེན་བྱས་ཏེ།ཧུར་ཐག་གིས་བྱིས་པ་མངག་བཅོལ་དང་།སློབ་ཞུགས།ལས་ཞུགས།ནད་བཅོས།རྒན་གསོ། སྡོད་གནས།འགྲོ་འདུགཆུ་འཐུང་བ་སོགས་མང་ཚོགས་ཀྱིས་ཆེས་སེམས་ཁུར་ཆེས་ཐད་ཀར་ཆེས་དངོས་ཡོད་ཀྱི་ཁེ་ཕན་གྱི་གནད་དོན་ཐག་གཅོད་བྱས་ཏེ།དབུལ་ཕོངས་མི་གྲངས་དང་།ཁྱིམ་སྐྱུར་བྱིས་པ་དང་བུད་མེད། རྒན་རབས་པ།དབང་བོ་སྐྱོན་ཅན།“ལྔ་སྐྱོང་ཁྱིམ་ཚང”སོགས་ཀྱི་ཚོགས་སྤྱིའི་གཅེས་སེམས་ཀྱི་ཞབས་ཞུར་ཤུགས་སྣོན་རྒྱག་པ།ཞིང་སྡེའི་སྤྱི་བའི་ཞབས་ཞུའི་ཐོན་ཁུངས་འདོན་སྤྲོད་བྱས་ཏེ།ཞང་གྲོང་བརྡལ་དང་སྡེ་བའི་ཏང་རྩ་འཛུགས་འབྲེལ་ལམ་གཙོ་བོར་བཟུང་ནས་ལག་བསྟར་བྱེད་པ།ཐོན་ཁུངས་ཡོད་པ་དང་ནུས་ཤུགས་ཡོད་པའི་སྒོ་ནས་མང་ཚོགས་ལ་ཞབས་ཞུ་སྒྲུབ་རྒྱུ་འགན་ལེན་བྱེད་པ།

      ལེའུ་བདུན་པ།འགོ་ཁྲིད་ཚན་པ་དང་ལས་པའི་རུ་དཔུང་འཛུགས་སྐྱོང་།

      དོན་ཚན་ཉེར་གསུམ་པ།ཞིང་སྡེའི་གཞི་རིམ་ལས་བྱེད་པས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ནན་ཏན་སློབ་སྦྱོང་དང་བློ་དཀར་བར་ལག་བསྟར་བྱེད་པ།ཏང་གི་གཞི་རྩའི་གཞུང་ལུགས་དང་།གཞི་རྩའི་ལམ་ཕྱོགས།གཞི་རྩའི་ཇུས་གཞི་ཆེན་མོར་སློབ་སྦྱོང་བྱེད་པ།དགོས་ངེས་ཀྱི་ཤེས་བྱའི་ནུས་རྩལ་ལ་སློབ་སྦྱོང་བྱེད་པ།ཞིང་ལས་རྟོགས་ཤིང་།“ཞིང་གསུམ”སྲིད་ཇུས་ཤེས་ལ།ཞིང་སྡེའི་གནས་ཚུལ་ལ་རྒྱུས་མངའ་ཡོད་པ།དོན་དངོས་ཀྱི་གནས་ཚུལ་ཐག་གཅོད་པའི་ནུས་པ་དང་།བྱེད་ཐབས།ཐབས་བཀོད་བཅས་ཡོད་པ།ཞིང་སྡེར་དགའ་བ།ཞིང་སྡེའི་གཞི་རིམ་དུ་གཞི་འཛུགས་པ།ལས་བདེ་བློ་བདེ་སེམས་བདེ།ལེགས་སྐྱེས་སུ་འབུལ་བ་དང་སྡུག་ལས་དོན་ལས་ཐུབ་པ།ཞིང་བར་དགའ་བ།ཞིང་བ་མང་ཚོགས་ལ་བརྩེ་དུང་ཟབ་པ་དང་ནམ་ཡང་སེམས་སུ་འཇོག་པ།ཞིང་བ་མང་ཚོགས་ཀྱི་ཁེ་ཕན་ཨང་དང་བོའི་ སར་འཇོག་པ།ཞིང་བ་མང་ཚོགས་དང་ཕྱོགས་གཅིག་ཏུ་སེམས་པ་དང་མཉམ་གཅིག་ཏུ་སྒྲུབ་པ།ཟམ་མི་ཆད་པར་ཡིད་འོང་གི་འཚོ་བ་གསར་སྐྲུན་བྱེད་པ།རིམ་པ་སོ་སོའི་ཏང་རྩ་འཛུགས་ཀྱིས་ཞིང་སྡེའི་གཞི་རིམ་ལས་བྱེད་པའི་སློབ་གསོའི་གསོ་སྦྱོང་ལ་དང་དོད་དང་ཤུགས་སྣོན་རྒྱབ་ཏེ།ཟམ་མི་ཆད་པར་བྱང་ཚད་མཐོརའདེགས་སུ་གཏོང་བ།རྫོང་རིམ་པའི་ཏང་ཨུ་ཡིས་ལོ་རེར་ཉུང་ནའང་སྡེ་བའི་ཏང་རྩ་འཛུགས་ཀྱི་ཧྲུའུ་ཅི་གསོ་སྦྱོང་ཐེངས༡བྱེད་པ

      དོན་ཚན་ཉེར་བཞི་པ།ཞིང་སྡེའི་གཞི་རིམ་ལས་བྱེད་པའི་རུ་དཔུང་གི་སྤྱོད་ཚུལ་འཛུགས་སྐྱོང་ལ་ཤུགས་ སྣོན་རྒྱག་པ།དངོས་ཐོག་བདེན་རྒྱུན་འཁྱོངས་བྱས་ཏེ།རྫུན་བཟོ་འུད་བསྟོད་བྱེད་མི་ཆོགཁྲིམས་ལྟར་ལས་དོན་སྒྲུབ་ཏེ།ཁྲིམས་འགལ་ལུགས་འགལ་བྱེད་མི་ཆོགདཀའ་སྤྱད་འབད་བརྩོན་རྒྱུན་འཁྱོངས་བྱས་ཏེ།བག་མེད་ལོངས་སྤྱོད་བྱེད་མི་ཆོགགོ་སྐོན་སློབ་གསོ་རྒྱུན་འཁྱོངས་བྱས་ཏེ།བཙན་སྐུལ་བཀའ་འབེབས་བྱེད་མི་ཆོགསྤྱོད་གཙང་སྤྱི་གཞོལ་རྒྱུན་འཁྱོངས་བྱས་ཏེ།དབང་ཆ་སྒེར་སྤྱོད་བྱེད་མི་ཆོགམཐའ་གཅིག་ཏུ་ཕྱི་ཚུལ་རིང་ལུགས་དང་།དཔོན་ཉམས་རིང་ལུགས།སྐྱིད་འདོད་རིང་ལུགས།བག་མེད་རྒྱས་སྤྲོས་ཀྱི་སྤྱོད་ཚུལ་བཅས་ལ་མཐའ་གཅིག་ཏུ་ངོ་བརྒོལ་བྱེད་པ།ཞིང་སྡེའི་གཞི་རིམ་ལས་བྱེད་པའི་དོ་དམ་ལྟ་སྐུལ་གཟབ་ནན་དང་།མང་ཚོགས་ཀྱི་ཁེ་ཕན་ལ་གནོད་སྐྱོན་གཏོང་བའི་སྤྱོད་ཚུལ་མཐའ་གཅིག་ཏུ་ཡོ་བསྲང་བྱས་ཏེ།གཟབ་ནན་གྱིས་མང་ ཚོགས་འགྲམ་གྱི་རུལ་སུངས་གནད་དོན་དག་ཐེར་བྱེད་པ།

      དོན་ཚན་ཉེར་ལྔ་བ།ཞང་གྲོང་བརྡལ་ཏང་ཨུའི་འགོ་ཁྲིད་ཚན་ཁག་ནི་ཕུགས་བསམ་བརྟན་པ་དང་།དམངས་ལ་ཞབས་འདེགས་ཞུ་བ།སྲིེད་བརྩོན་དོན་གཉེར།དོ་ཁུར་ཐུབ་པ།དྲང་འཛིན་གཙང་སྐྱོང་།དངོས་དོན་དང་འབྲེལ་ནས་ལས་ཀ་སྒྲུབ་པར་མཁས་པའི་ཏང་ཡོན་ལས་བྱེད་པའི་གྲུབ་དགོས།ཞང་གྲོང་བརྡལ་ཏང་ཨུའི་ཧྲུའུ་ཅི་ལ་གཞུང་ལུགས་དང་སྲིད་ཇུས་ཀྱི་ཆུ་ཚད་ངེས་ཅན་ཞིག་ལྡན་དགོས་ཤིང་།ཁྲིམས་ལྟར་ལས་དོན་སྒྲུབ་པ་རྒྱུན་འཁྱོངས་དང་།ཅུང་བཟང་བའི་སྒྲིག་འཛུགས་མཐུན་སྦྱོར་གྱི་ནུས་པ།མང་ཚོགས་ཀྱི་ལས་ཀ་སྒྲུབ་པའི་ནུས་པ།ཞིང་སྡེའི་རྙོག་འཛིང་ཅན་གྱི་གནད་དོན་ཐག་གཅོད་ནུས་པ།ཏང་དོན་ལས་ཀ་དང་“ཞིང་གསུམ”ལས་ཀར་ཆ་རྒྱུས་མངའ་བ།འགོ་ཁྲིད་ནས་དངོས་སུ་སྒྲུབ་པ་དང་འཛིན་ཕོད་གཉེར་ཕོད་ཡིན་པ།ཕུལ་བྱུང་སྡེ་བའི་ཏང་རྩ་འཛུགས་ཀྱི་ཧྲུའུ་ཅི་དང་།བདམས་གསེས་སྐོང་འཐེན་སློབ་མ།སྡེ་དཔོན་སློབ་ཆེན་པ།ཞང་གྲོང་བརྡལ་ལས་དོན་སྒྲིག་ཁོངས་མི་སྣའི་ཁྲོད་དུ་ཞང་གྲོང་བརྡལ་འགོ་ཁྲིད་ལས་བྱེད་པ་འདེམས་བསྐོ་བྱ་རྒྱུར་དང་དོན་བྱེད་པ།ཕུལ་བྱུང་ཏང་རྩ་འཛུགས་ཀྱི་ཧྲུའུ་ཅི་ཁྲོད་ཞང་གྲོང་བརྡལ་གྱི་གཞུང་ཞབས་པ་དཔྱད་ཞིབ་བསྡུ་ལེན་དང་།ཞང་གྲོང་བརྡལ་ལས་དོན་སྒྲིག་ཁོངས་མི་སྣ་བསྡུ་བ།ཕུལ་བྱུང་ན་གཞོན་ལས་བྱེད་པ་དང་།བུད་མེད་ལས་བྱེད་པ།གྲངས་ཉུང་མི་རིགས་ལས་བྱེད་པ་གསོ་སྐྱོང་འདེམས་བསྐོར་མཐོང་ཆེན་བྱེད་པ།

      དོན་ཚན་ཉེར་དྲུག་པ།སྡེ་བའི་ཏང་རྩ་འཛུགས་ཀྱི་འགོ་ཁྲིད་ཚན་ཁག་ནི་བསམ་བློའི་ཆབ་སྲིད་ཀྱི་བྱང་ ཚད་མཐོ་བ་དང་།ཀུན་སྤྱོད་སྤྱོད་ལམ་ཡག་པ།ཕྱུག་འགྱུར་སྣེ་ཁྲིད་ཀྱི་ནུས་ཤུགས་ཆེ་བ།མཐུན་སྦྱོར་ནུས་པ་ བཟང་བ།འདྲ་མཉམ་དྲང་བཞགསྤྱོད་གཙང་རང་གཅུན།མང་ཚོགས་ལ་ཞབས་ཞུ་སྒྲུབ་པར་དགའ་མོས་ཡོད་པའི་ཏང་ཡོན་གྱིས་གྲུབ་དགོས།སྡེ་བའི་ཏང་རྩ་འཛུགས་ཀྱི་ཧྲུའུ་ཅི་ལ་སྲིད་ཇུས་ཀྱི་ཆུ་ཚད་ངེས་ཅན་ལྡན་ཞིང་།ཁྲིམས་ལྟར་ལས་དོན་སྒྲུབ་པ་རྒྱུན་འཁྱོངས།མང་ཚོགས་ཀྱི་ལས་ཀ་སྒྲུབ་མཁས་པ།ལེགས་འབུལ་བྱེད་འདོད་པ།མཆོང་ཕོད་འབད་ཕོད།སྡེ་བའི་ཏང་རྩ་འཛུགས་ཀྱི་ཧྲུའུ་ཅི་ལ་རང་སྡེའི་ཕྱུག་འགྱུར་ནུས་ལྡན་དང་།ཕྱི་བསྐྱོད་ཚོང་དོན་གཉེར་བའི་མི་སྣ་ཕྱིར་ལོག་པ།རང་སྡེ་རང་སའི་མཐར་ཕྱིན་སློབ་ཆེན་པ།དམག་ལོག་དམག་མིའི་ཁྲོད་ཀྱི་ཏང་ཡོན་གསོ་སྦྱོང་དང་འདེམས་བསྐོ་བྱེད་པ།སྡེ་བ་སོ་སོས་སྡེ་རིམ་རྗེས་གྲབས་སྟོབས་ཤུགས་གསོག་འཇོག་བྱེད་དགོས།

     སྡེ་བའི་ཏང་རྩ་འཛུགས་ཀྱི་ཧྲུའུ་ཅི་ནི་རྫོང་རིམ་པའི་ཏང་ཨུའི་རྩ་འཛུགས་སྡེ་ཁག་གིས་ཉར་ཚགས་དོ་དམ་བྱེད་པ།

     ལས་ཀའི་དགོས་མཁོར་གཞིགས་ནས།གོང་རིམ་ཏང་རྩ་འཛུགས་ཀྱིས་སྡེ་བའི་ཏང་རྩ་འཛུགས་ལ་ཧྲུའུ་ཅི་དང་པོ་བདམས་མངག་བྱེད་ཆོག

     དོན་ཚན་ཉེར་བདུན་པ།ཏང་གི་ཞིང་སྡེའི་གཞི་རིམ་རྩ་འཛུགས་འགོ་ཁྲིད་ཚན་ཁག་གིས་ཏང་གི་ཆབ་སྲིད་ལམ་ཕྱོགས་ལག་ལེན་བརྟན་པོ་བྱེད་པ།ནམ་ཡང་ཆབ་སྲིད་ལང་ཕྱོགས་དང་།ཆབ་སྲིད་ཁ་ཕྱོགས།ཆབ་སྲིད་རྩ་དོན།ཆབ་སྲིད་ལམ་བུ་རུ་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་དང་ཚད་མཐོ་བའི་གཅིག་གྱུར་སྲུང་འཛིན་བྱེད་པ།ཞིང་སྡེ་སྒྱུར་བཅོས་གཏིང་ཟབ་བྱ་རྒྱུ་སྒྲིག་འཛུགས་སྐུལ་འདེད་བྱེད་པ། ཕྱོགས་སོ་སོའི་ལས་དོན་འཕེལ་རྒྱས་འགྲོ་བར་སྐུལ་སྤེལ་བྱེད་པ།སྤྱི་ཚོགས་ཀྱི་ཆ་མཐུན་བརྟན་བརླིང་སྲུང་ སྐྱོང་བྱེད་པ།མུ་མཐུད་དུ་མང་ཚོགས་ཀྱི་ཐོབ་སྣང་དང་སྐྱིད་སྣང་བདེ་སྣང་བཅས་ཇེ་མཐོ་རུ་གཏོང་བ།

     དོན་ཚན་ཉེར་བརྒྱད་པ།ཏང་གི་ཞིང་སྡེའི་གཞི་རིམ་རྩ་འཛུགས་ཀྱི་འགོ་ཁྲིད་ཚན་ཁག་གིས་ཏང་གི་བསམ་བློའི་ཁ་ཕྱོགས་ལག་བསྟར་མཐའ་འཁྱོངས་བྱེད་དགོས།གནས་ཚུལ་གསལ་འདོན་དང་།ལས་ཀ་བཀོད་སྒྲིགལས་དོན་ཐག་གཅོད་སོགས་ངེས་པར་དུ་དངོས་ཐོག་བདེན་འཚོལ་བྱེད་དགོས། ཡོད་ཚད་དོན་དངོས་ནས་མགོ་བརྩམས་ཤིང་།དྲང་གཏམ་བཤད་པ།དངོས་དོན་སྒྲུབ་པ།དངོས་འབྲས་ལ་བརྩོན་པ་དགོས།

     དོན་ཚན་ཉེར་དགུ་བ།ཏང་གི་ཞིང་སྡེའི་གཞི་རིམ་རྩ་འཛུགས་ཀྱི་འགོ་ཁྲིད་ཚན་ཁག་གིས་དུས་རབས་གསར་བའི་ཏང་གི་རྩ་འཛུགས་ལམ་ཕྱོགས་ལག་བསྟར་མཐའ་འཁྱོངས་དགོས།ཕྱོགས་ཡོངས་ནས་ཞིང་སྡེའི་གཞི་རིམ་རྩ་འཛུགས་མ་ལག་ཇེ་ཚང་དུ་འཛུགས་སྐྱོང་བྱེད་པ།འཐབ་འཛིང་གི་བཙན་རྫོང་ཇེ་བརྟན་དུ་གཏོང་བ།ཏང་ཡོན་སྒྲིག་འཛུགས་བྱེད་པ།འཇོན་མི་གོང་བུར་འགྲིལ་བ་བྱེད་པ། མང་ཚོགས་ལ་སྐུལ་འདེད་གཏོང་བ། དུས་རབས་གསར་བའི་ཞིང་སྡེ་ཕྱོགས་ཡོངས་ནས་དར་སྤེལ་གཏོང་བར་ནུས་ཤུགས་མཉམ་འདོན་བྱེད་པ།

     དོན་ཚན་སུམ་བཅུ་བ།ཏང་གི་ཞིང་སྡེའི་གཞི་རིམ་རྩ་འཛུགས་ཀྱི་འགོ་ཁྲིད་ཚན་ཁག་གིས་ཏང་གི་མང་ཚོགས་ལམ་ཕྱོགས་ལག་བསྟར་མཐའ་འཁྱོངས་བྱེད་དགོས།དོན་དག་གལ་ཆེན་ཐག་གཅོད་བྱེད་དགོས་ཚེ་མང་ཚོགས་དང་གྲོས་མོལ་གནང་ནས།ལས་ཀའི་འགན་འཁྲི་བཀོད་སྒྲིག་བྱ་ཚེ་མང་ཚོགས་ལ་གནས་ལུགས་བཤད་དགོས།ནམ་རྒྱུན་མང་ཚོགས་ཀྱི་བསམ་འཆར་ལ་ཉན་ནས།མུ་མཐུད་དུ་ལས་ཀ་ལེགས་བསྒྱུར་བྱེད་པ།མང་ཚོགས་ཀྱི་ཐོན་སྐྱེད་འཚོ་བར་ཐུགས་ཁུར་གནང་སྟེ།མང་ཚོགས་ཁྲིམས་མཐུན་ཁེ་དབང་སྲུང་བ།མང་ཚོགས་ཀྱི་ཁུར་བུ་དངོས་དོན་གྱིས་ཇེ་ཡང་དུ་གཏོང་བ།

     དོན་ཚན་སོ་གཅིག་པ།ཏང་གི་ཞིང་སྡེའི་གཞི་རིམ་རྩ་འཛུགས་ཀྱི་འགོ་ཁྲིད་ཚན་ཁག་གིས་ཏང་གི་དམངས་གཙོ་གཅིག་སྡུད་ལམ་ལུགས་ལག་བསྟར་རྒྱུན་འཁྱོངས་བྱེད་དགོས།མཉམ་དུ་འགོ་ཁྲིད་དང་མི་སྒེར་ལས་བགོས་ཀྱིས་འགན་འཁུར་བ་ཟུང་དུ་འབྲེལ་བའི་ལམ་ལུགས་ནན་ཏན་གྱིས་ལག་བསྟར་བྱེད་པ།གནད་དོན་གལ་ཆེན་གྱི་ཁོངས་གཏོགས་ཡིན་ཚེ།ངེས་པར་དུ་མཉམ་དུ་གྲོས་བསྡུར་བརྒྱུད་ཐག་གཅོད་བྱེད་དགོས།མི་སྒེར་དང་མི་ཉུང་ཤས་ཀྱི་བཤད་པས་མི་ཆོགཧྲུའུ་ཅི་ལ་དམངས་གཙོའི་སྤྱོད་ཚུལ་ལྡན་དགོས་ལ།ཨུ་ཡོན་སོ་སོའི་བྱེད་ནུས་འདོན་པར་མཁས་ཤིང་།འགན་འཁུར་ཕོད་པ་དགོས།ཧུ་ཡོན་གྱིས་ཧུར་ཐག་གིས་ཐུན་མོང་གི་འགོ་ཁྲིད་དུ་ཞུགས་པ་དང་སྲུང་སྐྱོང་བྱས་ཏེ། རང་འགུལ་གྱིས་ལས་བགོས་ཀྱི་འགན་འཁུར་ལས་ཀ་ལེགས་པོར་སྒྲུབ་པ།

     དོན་ཚན་སོ་གཉིས་པ།ཞིང་གྲོང་བརྡལ་ཏང་ཨུའི་འགོ་ཁྲིད་ཚན་ཁག་གིས་ལོ་རེར་ཉུང་མཐར་དམངས་གཙོའི་འཚོ་བའི་ཚོགས་འདུ་ཐེངས་༡་སྐོང་བ། སྡེ་བའི་ཏང་རྩ་འཛུགས་ཀྱི་འགོ་ཁྲིད་ཚན་ཁག་གིས་ལོ་རེར་ཉུང་མཐར་རྩ་འཛུགས་འཚོ་བའི་ཚོགས་འདུ་ཐེངས་༡སྐོང་ནས།ཏན་ཏིག་ཟབ་ནན་གྱིས་སྐྱོན་བརྗོད་དང་རང་སྐྱོན་རང་བརྗོད་སྤེལ་ཏེ།ཏང་ཡོན་དང་མང་ཚོགས་ཀྱི་ལྟ་སྐུལ་དང་ལེན་བྱེད་དགོས།

     ལེའུ་བརྒྱད་པ།ཏང་ཡོན་རུང་དཔུང་འཛུགས་སྐྱོང་།

     དོན་ཚན་སོ་གསུམ་པ།ཏང་གི་ཞིང་སྡེའི་གཞི་རིམ་རྩ་འཛུགས་ཀྱིས་ཏང་ཡོན་སྒྲིག་འཛུགས་བྱས་ནས་ནན་ཏན་གྱིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་བློ་དཀར་བས་ངང་ལག་བསྟར་བྱས་ཏེ།“སློབ་པ་གཉིས་དང་བྱེད་པ་གཅིག”གི་སློབ་སྦྱོང་སློབ་གསོ་རྒྱུན་རྣམ་ཅན་དང་ལམ་ལུགས་ཅན་སྐུལ་འདེད་གཏོང་བ། ཏན་ཏིག་གིས་ཏང་ནང་ཁུལ་གྱི་བརྗོད་དོན་སློབ་གསོའི་བྱེད་སྒོ་སྤེལ་བ། ཏང་གི་གཞི་རྩའི་གཞུང་ལུགས་དང་།གཞི་རྩའི་ལམ་ཕྱོགས།གཞི་རྩའི་ཐབས་ཇུས་བཅས་ལ་སློབ་སྦྱོང་བྱེད་པ།གནས་བབ་སྲིད་ཇུས་དང་།ཚན་རིག་རིག་གནས། ཚོང་རའི་དཔལ་འབྱོར། ཏང་ནང་ཁུལ་གྱི་ཁྲིམས་སྲོལ་སོགས་ཀྱི་ཤེས་བྱར་སློབ་སྦྱོང་བྱེད་པ།རྫོང་ཞང་རིམ་པ་གཉིས་ཀྱི་ཏང་ཨུ་ཡིས་ཞིང་སྡེའི་ཏང་ཡོན་སློབ་གསོ་གསོ་སྦྱོང་ལ་ཤུགས་སྣོན་རྒྱག་པ།ཞང་གྲོང་བརྡལ་ཏང་གི་སློབ་གྲྭ་དང་ཏང་ཡོན་བྱེད་སྒོ་སྤེལ་ཡུལ་ལེགས་འཛུས་ལེགས་སྤྱོད་བྱས་ཏེ།དེང་རབས་ཆ་འཕྲིན་ལག་རྩལ་བཀོལ་ནས་ཏང་ཡོན་སློབ་གསོ་སྤེལ་བར་དང་དོད་བྱེད་དགོས་ཤིང་། ཞང་གྲོང་བརྡལ་ཏང་ཨུ་ཡིས་ཏང་ཡོན་ཡོངས་རྫོགས་སྐབས་དང་ཁག་དགོས་ནས་ལོ་རེར་ཉུར་མཐར་གཅིག་བསྡུས་ཀྱི་གསོ་ཐེངས་༡་སྤེལ་དགོས།

      དོན་ཚན་སོ་བཞི་བ།ཏང་གི་ཞིང་སྡེའི་གཞི་རིམ་རྩ་འཛུགས་ཀྱིས་ཏང་གི་རྩ་འཛུགས་འཚོ་བ་ཟབ་ནན་ བྱེད་དགོས།“ཚོགས་འདུ་གསུམ་དང་སློབ་ཁྲིད་གཅིག”རྒྱུན་འཁྱོངས་བྱས་ཏེ།སྡེ་བའི་ཏང་རྩ་འཛུགས་ནི་ཏང་ཀྲི་པུའུ་སྡེ་ཚན་དུ་བྱ་དགོས་ཤིང་།ཟླ་རེར་ལྟོས་བཅས་ཉིན་༡་གཏན་འཁེལ་གྱིས་བརྗོད་དོན་གཙོ་བོའི་ཏང་ཉིན་བྱེད་སྒོ་སྤེལ་བ།ཏང་ཡོན་སྒྲིག་འཛུགས་ཀྱིས་ཏང་གི་ཡིག་ཆ་སློབ་པ་དང་ཏང་གི་སློབ་ཁྲིད་འཆད་པ། དམངས་གཙོའི་གྲོས་བསྡུར་དང་དང་བླངས་ཞབས་ཞུ་སྤེལ་བ་སོགས་ལ།ཏིང་གཤིས་སྦྱོང་བརྡར་འབུར་དུ་དོད་དེ།མཐོང་ཆོས་ཅན་དང་རྣམ་པ་ཅན་འགོག་པ།ཏང་ཡོན་འགོ་ཁྲིད་ལས་བྱེད་པས་དུས་ལྟར་གཞི་རིམ་ཏང་ཡོན་ལ་ཏང་གི་བསླབ་ཚན་ཁྲིད་དགོས།

      ཏང་ཀྲི་པུའུ་ཡིས་རྒྱུན་ལྡན་དུ་སེམས་གཏམ་ཁ་བརྡ་སྤེལ་དགོས།

      དོན་ཚན་སོ་ལྔ་བ།ཏང་གི་ཞིང་སྡེའི་གཞི་རིམ་རྩ་འཛུགས་ཀྱིས་ཏང་ཡོན་ལ་དམངས་གཙོའི་དཔྱད་མོལ་ལམ་ལུགས་རྒྱུན་འཁྱོངས་བྱེད་དགོས། ཕུལ་བྱུང་ཏང་ཡོན་ལ།གཟེངས་བསྟོད་དང་བསྔགས་བརྗོད་བྱེད་པ།ཚད་མི་ལོན་པའི་ཏང་ཡོན་ལ།སློབ་གསོ་རོགས་སྐྱོར་གྱི་ཤུགས་རྒྱབ་ཏེ།འབྲེལ་ཡོད་གཏན་འབེབས་གཞིར་བཟུང་ནས།སོ་སོར་དུས་བཅད་བསྒྱུར་བཅོས་དང་།ཏང་ནས་འབུད་པ།ཏང་ནང་ཁུལ་ནས་ཕུད་པ་སོགས་ཀྱི་ཆད་གཅོད་བྱེད་པ།

      དོན་ཚན་སོ་དྲུག་པ།ཏང་གི་ཞིང་སྡེའི་གཞི་རིམ་རྩ་འཛུགས་ཀྱིས་ཏང་ཡོན་གྱིས་ཁས་ལེན་སྒྲུབ་པར་སློབ་གསོ་དང་ལྟ་སྐུལ་བྱས་ཏེ། ཏང་ཡོན་གྱི་ཁེ་དབང་དག་ལ་བརྩི་བཀུར་དང་འགན་ལེན་བྱེད་པ། ཏང་དོན་སྤྱི་ སྒྲོག་སྐུལ་འདེད་བཏང་ནས། ཏང་ཡོན་ལ་ཏང་ནང་ཁུལ་གྱི་ལས་དོན་གྱི་རྒྱུས་ལོན་དང་ཞུགས་ཚད་ཇེ་མང་དུ་གཏོང་བ།

      དོན་ཚན་སོ་བདུན་པ།ཏང་གི་ཞིང་སྡེའི་གཞི་རིམ་རྩ་འཛུགས་ཀྱིས་སྐོར་སྐྱོད་ཏང་ཡོན་གྱི་སློབ་གསོ་དོ་དམ་ཤུགས་སྣོན་དང་ལེགས་བསྒྱུར་བྱེད་དགོས།ཐོན་ཡུལ་ཏང་རྩ་འཛུགས་ཀྱིས་དུས་ཐོག་ཏུ་ཕྱི་ཡོང་ཏང་ཡོན་ཏང་གི་ཀྲི་པུའུ་དང་ཚོ་ཆུང་དུ་འཇུག་དགོས།ཁོ་ཚོ་སྒྲིག་འཛུགས་བྱས་ནས་ཏང་གི་རྩ་འཛུགས་འཚོ་བ་དང་ ཏང་གི་བྱེད་སྒོར་ཞུགས་སུ་འཇུག་དགོས།སླེབས་ཡུལ་ཏང་རྩ་འཛུགས་ཀྱིས་ཕྱིར་བསྐྱོད་ཏང་ཡོན་ལ་རྒྱུན་ལྡན་འབྲེལ་གཏུག་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས། ཕྱིར་སྐྱོད་ཏང་ཡོན་ལྟོས་བཅས་ཀྱིས་གཅིག་བསྡུས་ཡིན་སར་ སྐོར་སྐྱོད་ཏང་ཡོན་གྱི་ཏང་རྩ་འཛུགས་བཙུགས་ཆོག

སྐོར་སྐྱོད་ཏང་ཡོན་གྱིས་ལོ་ཕྱེད་རེར་ཉུང་མཐར་ཐོན་ཡུལ་ཏང་རྩ་འཛུགས་ལ་ཕྱིའི་གནས་ཚུལ་ཐེངས་༡ཡར་ཞུ་བྱེད་པ།

      དོན་ཚན་སོ་བརྒྱད་པ།ཏང་གི་ཞིང་སྡེའི་གཞི་རིམ་རྩ་འཛུགས་ཀྱིས་ཏང་གི་སྒྲིག་ཁྲིམས་ཟབ་ནན་དུ་ལག་བསྟར་བྱེད་དགོས།ནམ་རྒྱུན་ཏང་ཡོན་ལ་སྒྲིག་ཁྲིམས་སྲུང་བའི་སློབ་གསོ་བྱེད་དགོས།ཏང་ཡོན་ཏང་གི་སྒྲིག་ལམ་དང་འགལ་ན།དུས་ཐོག་སློབ་གསོའམ་ཆད་གཅོད་བྱས་ཏེ།གནད་དོན་ཚབ་ཆེན་ཡིན་པ་གོང་རིམ་ཏང་རྩ་འཛུགས་ལ་ཡར་ཞུ་བྱེད་དགོས།ཏང་གིས་སྒྲིག་ལམ་གྱིས་ཆད་པ་ཕོག་པར།སློབ་གསོ་ཤུགས་ཆེ་རུ་བཏང་ནས།དེའི་ནོར་འཁྲུལ་ཡོ་སྲང་བྱ་རྒྱུར་རོགས་སྐྱོར་བྱེད་དགོས།

      དོན་ཚན་སོ་དགུ་བ།ཏང་གི་ཞིང་སྡེའི་གཞི་རིམ་རྩ་འཛུགས་ཀྱིས་སྤྱི་གྲངས་ཚོད་འཛིན་དང་།གྲུབ་ཆ་ཇེ་ལེགས།སྤུས་ཚད་མཐོར་འདེགས།བྱེད་ནུས་འདོན་པ་བཅས་སྤྱིའི་བླང་བྱ་དང་འབྲེལ་ཡོད་གཏན་འབེབས་ལྟར།ཆབ་སྲིད་ཚད་ལྡན་ཆེས་གཙོ་བོར་བཞག་ནས། ཏང་ཡོན་འཕེལ་རྒྱས་གཏོང་བའི་ལས་ཀ་ལེགས་པོར་སྒྲུབ་པ།ན་གཞོན་ཞིང་བ་དང་ཞིང་སྡེའི་ཕྱིར་སྐྱོད་ལས་གཉེར་མི་སྣའི་ཁྲོད་ཏང་ཡོན་འཕེལ་རྒྱས་གཏོང་བར་དང་ དོད་བྱས་ཏེ།བུད་མེད་ཏང་ནང་སྡུད་ལེན་བྱ་རྒྱུར་ཉམས་འཇོག་བྱེད་དགོས།

སྡེ་རིམ་ཏང་རྩ་འཛུགས་ཀྱིས་ཏང་ཡོན་འཕེལ་རྒྱས་གཏོང་བ་ངེས་པར་དུ་ཞང་གྲོང་བརྡལ་ཏང་ཨུ་ཡིས་ཞིབ་མཆན་གནང་བ་བརྒྱུད་དགོས།

     དོན་ཚན་ཞི་བཅུ་བ།ཞིང་སྡེའི་ཏང་ཡོན་གྱིས་སྤྱི་ཚོགས་རིང་ལུགས་དངོས་པོའི་དཔལ་ཡོན་དང་བསམ་པའི་དཔལ་ཡོན་འཛུགས་སྐྲུན་ཁྲོད་གདོང་ཆོང་དཔེ་སྟོན་གྱི་བྱེད་ནུས་འདོན་དགོས།འགོ་ཁྲིད་ནས་ཞིང་སྡེ་དར་སྤེལ་དུ་བརྩོན་ཞིང་།མང་ཚོགས་སྣེ་ཁྲིད་དེ་ཐུན་མོང་མྱུར་འགྱུར་བྱེད་དགོས།ཏང་གི་ཞིང་སྡེའི་གཞི་རིམ་རྩ་འཛུགས་ཀྱིས་སྒྲིག་འཛུགས་བྱས་ནས་ཏང་ཡོན་འབྲེལ་གཏུག་བྱ་བའི་ཞིང་ཁྱིམ་དང་ཏང་ཡོན་ཁྱིམ་ཚང་ལ་སྒོ་བྱང་འགེལ་བ།ཁས་ལེན་ལག་བསྟར།ལས་གནས་སྐྲུན་ནས་འགན་ཁུར་འགེལ་བ་སོགས་ཀྱི་བྱེད་སྒོ་སྤེལ་ཏེ།ཏང་ཡོན་ལ་འོས་འཚམ་གྱི་སྤྱི་ཚོགས་ལས་ཀ་དང་མང་ཚོགས་ལས་ཀ་བགོས་ནས།ཏང་ཡོན་གྱིས་བྱེད་ནུས་འདོན་པར་ཆ་རྐྱེན་སྐྲུན་པ།

      ལེའུ་དགུ་བ།འགོ་ཁྲིད་དང་འགན་ལེན།

      དོན་ཚན་ཞེ་གཅིག་པ།རིམ་པ་སོ་སོའི་ཏང་ཨུ་ལྷག་པར་དུ་རྫོང་རིམ་པའི་ཏང་ཨུ་ཡིས་ཏང་གི་ཞིང་སྡེའི་གཞི་རིམ་རྩ་འཛུགས་འཛུགས་སྐྱོང་ལ་ཚད་མཐོ་བའི་མཐོང་ཆེན་བྱས་ཏེ། ཟབ་ནན་དུ་འགན་འཁྲི་གཙོ་བོ་འཁུར་བ་ལག་བསྟར་བྱེད་པ།ཏང་གི་ཞིང་སྡེའི་གཞི་རིམ་རྩ་འཛུགས་འཛུགས་སྐྱོང་གནས་ཚུལ་གྲོང་ཁྱེར་དང་རྫོང་ཞང་ཏང་ཨུའི་ཧྲུའུ་ཅི་ཡིས་གཞི་རིམ་ཏང་འཛུགས་སྐྱོང་གི་ལས་འགན་གསལ་ཞུ་དཔྱད་མོལ་དཔྱད་ཞིབ་ཀྱི་ནང་དོན་གཙོ་བོར་བཟུང་སྟེ།སྐོར་གཟུགས་མྱུལ་ཞིབ་ལས་ཀའི་ནང་དོན་དུ་འཇུག་པ།འགོ་ཁྲིད་ཚན་ཁག་ལ་ཕྱོགས་བསྡུས་གདེངས་འཇོག་དང་འགོ་ཁྲིད་ལས་བྱེད་པ་བསྐོ་འཐེན་བྱེད་པའི་གཞིར་འཛིན་གཙོ་བོར་ བྱེད་པ།རྫོང་རིམ་པའི་ཏང་ཨུའི་རྩ་འཛུགས་སྡེ་ཁག་གིས་ཧུར་ཐག་གིས་ཏང་གི་ཞིང་སྡེའི་གཞི་རིམ་རྩ་འཛུགས་འཛུགས་སྐྱོང་ལེགས་པོར་འཛིན་པ།

ཏང་གི་ཞིང་སྡེའི་གཞི་རིམ་རྩ་འཛུགས་འཛུགས་སྐྱོང་ལ་མཐོང་ཆེན་བྱས་པ་མི་འདང་བ་དང་ལག་བསྟར་བྱས་པ་མི་ལེགས་པར།དུས་ཐོག་ཏུ་གསལ་འདེབས་དང་ཁ་ཆད་སྐོང་མོལ་བྱེད་དགོས།གནད་དོན་ཚབ་ཆེན་བྱུང་བར།གཟབ་ནན་དུ་འགན་འཁྲི་བདའ་འདེད་དང་རྩད་གཅོད་པ།གནད་དོན་དག་ཐེར་ཡོ་བསྲང་བྱ་རྒྱུར་སྐུལ་འདེད་ལེགས་འཛིན་བྱེད་དགོས།

      དོན་ཚན་ཞེ་གཉིས་པ།རིམ་པ་སོ་སའི་ཏང་ཨུ་ལྷག་པར་དུ་རྫོང་རིམ་པའི་ཏང་ཨུ་ཡིས་ཞིང་འཛིན་སྡེ་སྐུལ་རྒྱུན་འཁྱོངས་བྱེད་དགོས།རྒྱུན་མཐུད་ནས་གཞི་རྩའི་རུ་དཔུང་དང་།གཞི་རྩའི་བྱེད་སྒོ།གཞི་རྩའི་གཡུལ་ས། གཞི་རྩའི་ལམ་ལུགས།གཞི་རྩའི་འགན་ལེན་བཅས་ཤུགས་ཆེར་གཏོང་བ།ནུས་ཆུང་ཉམས་ཞན་གྱི་ཏང་རྩ་ འཛུགས་ལེགས་སྒྲིག་བྱས་ཏེ།ཞང་ཡོངས་སྐུལ་འདེད་དང་རྫོང་ཡོངས་མཐོར་འདེགས་བྱེད་པ།ཞང་གྲོང་བརྡལ་ཏང་ཨུ་ཡིས་སྡེ་རིམ་རྩ་འཛུགས་འཛུགས་སྐྱོང་འཛིན་པའི་ཐད་ཀར་གྱི་འགན་འཁྲི་ཕྱོགས་ཡོངས་ནས་ལག་བསྟར་བྱེད་དགོས།ཞང་གྲོང་བརྡལ་ཏང་ཨུའི་ཧྲུའུ་ཅི་དང་ཏང་ཨུའི་འགོ་ཁྲིད་ཚན་ཁག་གི་ཁོངས་མི་གཞན་པས་སྡེ་འགན་དུད་སྦྲེལ་བྱས་ཏེ།རྒྱུན་པར་སེམས་གནད་ལ་ཕབས་ཏེ་གནས་ཚུལ་རྒྱུས་ལོན་དང་གནད་དོན་ ཞིབ་བཤེར་བྱས་ནས།དུས་ཐོག་ཞིབ་འཇུག་ཐག་གཅོད་བྱེད་དགོས།

      དོན་ཚན་ཞེ་གསུམ་པ།ཞང་གྲོང་བརྡལ་ལས་སྒྲུབ་ལས་ཁུངས་འཛུགས་པ་དང་མི་སྣ་བཀོད་སྒྲིག་ལ།ཞབས་ཞུ་ཇེ་བཟང་དང་།མང་ཚོགས་དང་འབྲེལ་བ་དམ་ཟབ་བྱེད་པ།བདག་སྐྱོང་གཙོ་བོ་འོག་ཏུ་སྤོ་བ་བཅས་ཀྱི་རྩ་ དོན་རྒྱུན་འཁྱོངས་བྱས་ཏེ།འགན་དབང་དོ་མཉམ་དང་།ཚད་མཐོ་ཞིང་མདོར་བསྡུས་ཀྱི་དོ་དམ་ལམ་ལུགས་ བཙུགས་ནས།ཞང་གྲོང་བརྡལ་གྱི་ལས་ཀའི་སྟོབས་ཤུགས་ཁག་ཐེག་བྱེད་པ། ཞང་གྲོང་བརྡལ་གྱིས་ཏང་འཛུགས་སྐྱོང་གི་གཞུང་སྒྲུབ་ཁང་ངམ་ཡང་ན་ཏང་འཛུགས་སྐྱོང་ལས་ཚིགས་འཛུགས་པ།ཆེད་བསྐོས་རྩ་འཛུགས་མི་སྣ་བཀོད་སྒྲིག་གིས་ཏང་དོན་སྟོབས་ཤུགས་ཆེ་རུ་གཏོང་བ།ཞང་གྲོང་བརྡལ་གྱི་ཟ་ཁང་ཆུང་ཆུང་དང་།གསང་སྤྱོད་ཆུང་ཆུང་།ཁྲུས་ཁང་ཆུང་ཆུང་།དཔེ་ཁང་ཆུང་ཆུང་།རིག་རྩལ་བྱེད་སྒོ་སྤེལ་ཡུལ་ཆུང་ཆུང་།འཁོར་རྒྱུག་ཁང་འཛུགས་སྐྲུན་བཅས་ལ་ཤུགས་སྣོན་རྒྱབ་ཏེ།ཞང་གྲོང་བརྡལ་ལས་བྱེད་པའི་ལས་ཀ་དང་འཚོ་བའི་ཆ་རྐྱེན་ལེགས་བསྒྱུར་བྱེད་པ།

      དོན་ཚན་ཞེ་བཞི་བ། རིམ་སོ་སོའི་ཏང་ཨུ་ཡིས་ནོར་སྲིད་འགྲོ་སྒོ་གཙོར་བྱས་པའི་གཏན་འཇགས་ཀྱི་སྡེ་རིམ་རྩ་འཛུགས་འཁོར་སྐྱོད་མ་མངུལ་འགན་ལེན་ལམ་ལུགས་འཐུས་ཚང་དུ་བཏང་ནས།རྒྱུན་ལྡན་འཕར་སྣོན་ཡོང་རྐྱེན་འཛུགས་པ།སྡེ་བའི་ལས་བྱེད་པའི་གཞི་རྩའི་གླ་ཕོགས་ལག་བསྟར་བྱས་ཏེ།འདོན་སྤྲོད་མི་གྲངས་དང་ཚད་ཐིག་འབྲེལ་ཡོད་གཏན་འབེབས་གཞིར་འཛིན་དགོས།དོན་དངོས་གཞིར་བཟུང་ནས་ལུགས་མཐུན་ཐག་གཅོད་བྱས་ཏེ།རྒྱུན་ལྡན་ཡིན་པའི་ལས་བྲལ་སྡེ་བའི་ལས་བྱེད་པའི་འཚོ་བ་ཁ་གསབ་འགན་ལེན་བྱེད་ དགོས། སྡེ་རིམ་རྩ་འཛུགས་ཀྱི་གཞུང་སྒྲུབ་འགྲོ་གྲོན་དང་།མི་དམངས་ཞབས་ཞུའི་འགྲོ་གྲོན།ཏང་ཡོན་བྱེད་སྒོའི་འགྲོ་གྲོན་བཅས་ལག་བསྟར་བྱེད་པ།སྡེ་རིམ་རྩ་འཛུགས་ཀྱི་བྱེད་སྒོ་སྤེལ་ཡུལ་ལེགས་འཛུགས་ལེགས་སྐྱོང་ལེགས་བཀོལ་བྱས་ཏེ།ཐོན་ཁུངས་སྣ་ཚོགས་སྡེབ་སྒྲིག་བཀོལ་སྤྱོད་བྱེད་པ།མཚོན་བྱེད་དང་སྒོ་བྱང་འགེལ་བ་ཚད་ལྡན་དུ་གཏོང་བ། “ཁང་གཅིག་བཀོལ་མང་”གི་ཕྱོགས་བསྡུས་བྱེད་ནུས་བཏོན་ནས།མང་ཚོགས་གོང་བུར་འགྲིལ་བར་ཞབས་ཞུ་དང་།མང་ཚོགས་ལ་སློབ་གསོ་སྣེ་ཁྲིད་བྱེད་དགོས།

      དོན་ཚན་ཞེ་ལྔ་བ།རིམ་པ་སོ་སོའི་ཏང་རྩ་འཛུགས་ཀྱིས་སྤྲོ་སེམས་ལྡན་པས་ངང་ཞིང་སྡེའི་གཞི་རིམ་ལས་བྱེད་པ་དང་ཏང་ཡོན་ལ་ཐུགས་ཁུར་གཅེས་སྐྱོང་གནང་དགོས།ཆབ་སྲིད་སྟེང་གི་སྐུལ་སློང་དང་།ལས་ཀའི་སྟེང་གི་རྒྱབ་སྐྱོར།འཚོ་སྐྱོང་སྟེང་གི་འགན་ལེན།སེམས་ཁམས་སྟེང་གི་གཅེས་སྐྱོང་བཅས་བྱས་ནས།ཕུལ་བྱུང་ཞིང་སྡེའི་གཞི་རིམ་ལས་བྱེད་པའི་སྔོན་ཐོན་དཔེ་མཚོན་དྲིལ་བསྒྲགས་གཟེངས་བསྟོད་བྱས་ཏེ།མིག་དཔེའི་སྟོབས་ཤུགས་མངོན་ནས། འགན་འཁུར་གསར་བ་བྱེད་ནུས་གསར་བར་ཡར་སྐུལ་བྱེད་དགོས།

      ལེའུ་བཅུ་བ། ཟུར་བཀོད།

      དོན་ཚན་ཞེ་དྲུག་པ།ཞིང་ཆེན་དང་རང་སྐྱོང་ཁུལ། ཐད་སྐྱོང་གྲོང་ཁྱེར་ཏང་ཨུ་ཡིས་སྲོལ་ཡིག་འདིར་གཞིགས་ནས།རང་ས་ཁུལ་གྱི་གནས་ཚུལ་དང་ཟུང་འབྲེལ་གྱིས་ལག་བསྟར་བྱེད་ཐབས་བཟོ་བ།

      དོན་ཚན་ཞེ་བདུན་པ།  སྲོལ་ཡིག་འདི་ཀྲུང་དབྱང་རྩ་འཛུགས་པུའུ་ཡིས་གསལ་བཤད་བྱེད་པའི་འགན་འཁུར་བ།

      དོན་ཚན་ཞེ་བརྒྱད་པ།  སྲོལ་ཡིག་འདི་༢༠༡༨ལོའི་ཟླ༡༢བའི་ཚེས་༢༨ནས་ལག་བསྟར་བྱེད་དགོས།༡༩༩༩ལོའི་ཟླ༢བའི་ཚེས་༡༣ཉིན་ཀྲུང་གུང་ཀྲུང་དབྱང་གིས་དཔར་འགྲེམ་བྱས་པའི་ཀྲུང་ཀོའི་གུང་ཁྲན་ཏང་ཞིང་སྡེའི་གཞི་རིམ་རྩ་འཛུགས་ཀྱི་ལས་ཀའི་སྲོལ་ཡིགདུས་མཉམ་དུ་མེད་པར་བཟོ་བ།

 


©༢༠༡༧ཀན་ལྷོའི་ཏང་གི་འཛུགས་སྐྲུན་དྲ་བ། ཀྲུང་གུང་ཀན་ལྷོ་ཁུལ་ཨུའི་རྩ་འཛུགས་པུའུ་ཡིས་གཙོ་སྒྲུབ་བྱས་པས་པར་དབང་འདི་གར་དབང་།

སྡོད་གནས། ཀན་ལྷོ་ཁུལ་ཨུའི་གཅིག་གྱུར་གཞུང་ལས་ཐོག་ཁང་གི་དྲུག་ཐོག ཁ་པར། ༠༩༤༡--༨༢༢༢༡༥༩ སྦྲག་ཨང་། ༧༤༧༠༠༠

དྲ་ངོས་རྡེབ་ཚད།མི་ཐེངས། དྲ་ངོས་སྒྲིག་བཟོ། ཧུང་ཏེན་དྲ་རྒྱ།

甘公网安备 62300102000044号