今天是:

སྲིད་ཇུས་ཡིག་ཆ།

ཀྲུང་དབྱང་སྲིད་ཇུས།

མདུན་ཤོག > སྲིད་ཇུས་ཡིག་ཆ། > ཀྲུང་དབྱང་སྲིད་ཇུས།

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གཞུང་ལས་པའི་སྲིད་དོན་ཐག་གཅོད་བྱེད་ཕྱོགས་སྐོར་གྱི་བཅའ་ཁྲིམས།

(2020ལོའི་ཟླ་6ཚེས་20ཉིན་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅུ་དགུ་པའི་ཐོག་གྲོས་འཆམ་བྱུང་། )

              ལེའུ་དང་པོ། སྤྱིའི་རྩ་དོན།

དོན་ཚན་དང་པོ། སྲིད་དོན་གྱི་ཆད་པ་ཚད་ལྡན་དུ་གཏོང་བ། སྤྱི་དོན་དབང་ཆ་སྤྱོད་མཁན་གཞུང་ལས་མི་སྣ་ཡོངས་ལ་ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། གཞུང་ལས་པས་ཁྲིམས་ལྟར་འགན་འཁྲི་སྒྲུབ་པ་དང་། དབང་སྤྱོད་དྲང་གཞག སྲིད་དོན་གཙང་སྐྱོང་། ཀུན་སྤྱོད་རྒྱུན་འཁྱོངས་བཅས་བྱེད་པར་སྐུལ་འདེད་གཏོང་དགོས། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ལྟ་ཞིབ་བཅའ་ཁྲིམས་གཞིར་བཟུང་ནས་བཅའ་ཁྲིམས་འདི་བཟོས་པ་ཡིན།

དོན་ཚན་གཉིས་པ། བཅའ་ཁྲིམས་འདི་ལྟ་ཞིབ་ལས་ཁུངས་ཀྱིས་ཁྲིམས་འགལ་གྱི་གཞུང་དོན་སྒྲུབ་མཁན་ལ་སྲིད་དོན་གྱི་ཆད་པ་གཅོད་པའི་བྱེད་སྒོར་སྤྱོད་པ།བཅའ་ཁྲིམས་འདིའི་ལེའུ་གཉིས་པ་དང་ལེའུ་གསུམ་པ་གཞུང་དོན་ལས་སྒྲུབ་པ་ བསྐོ་འཐེན་ལས་ཁུངས་དང་སྡེ་ཚན་གྱིས་ཁྲིམས་འགལ་གྱི་གཞུང་དོན་སྒྲུབ་མཁན་ལ་ཆད་པ་གཅོད་པར་སྤྱོད་པ། ཆད་པ་གཅོད་པའི་གོ་རིམ་དང་རྒྱུ་མཚན་ཞུ་འབུལ་སོགས་ལ་བཅའ་ཁྲིམས་དང་། སྲིད་འཛིན་ཁྲིམས་སྲོལ།རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྡེ་ཁག་གི་སྒྲིག་སྲོལ་དང་རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འབེབས་གཞན་དག་སྤྱོད་པ།བཅའ་ཁྲིམས་འདིའི་ནང་གཞུང་དོན་ལས་སྒྲུབ་པ་ཞེས་པ་ནི་ལྟ་ཞིབ་བྱེད་ཕྱོགས་སྐོར་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཅའ་ཁྲིམསཀྱི་དོན་ཚན་བཅོ་ལྔ་པའི་ནང་གཏན་འབེབས་བྱས་པའི་མི་སྣར་ཟེར།

དོན་ཚན་གསུམ་པ། ལྟ་ཞིབ་ལས་ཁུངས་ཀྱིས་དོ་དམ་དབང་མཚམས་ལྟར། གཞུང་ཞབས་པར་ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཁྲིམས་འགལ་གྱི་གཞུང་ཞབས་པར་སྲིད་དོན་གྱི་ཆད་པ་གཅོད་དགོས།

གཞུང་ལས་མི་སྣ་བསྐོ་འཐེན་ལས་ཁུངས་དང་སྡེ་ཚན་གྱིས་དོ་དམ་དབང་ཚད་ལྟར། གཞུང་ཞབས་པར་སློབ་གསོ་དང་། དོ་དམ། ལྟ་སྐུལ་བཅས་ལ་ཤུགས་སྣོན་རྒྱག་པ་དང་།ཁྲིམས་ལྟར་ཁྲིམས་འགལ་གྱི་གཞུང་ཞབས་པར་ཆད་པ་གཅོད་དགོས།

  ལྟ་ཞིབ་ལས་ཁུངས་ཀྱིས་གཞུང་ལས་མི་སྣ་བསྐོ་འཐེན་ལས་ཁུངས་དང་སྡེ་ཚན་གྱིས་ཆད་པ་གཅོད་དགོས་ཀྱང་མ་སྤྲད་པ། ཡང་ན་ཆད་པ་བཅད་རིགས་ཁྲིམས་འགལ་དང་འོས་འཚམ་མིན་ན། དུས་ཐོག་ཏུ་ལྟ་ཞིབ་བྱ་རྒྱུའི་གྲོས་འགོ་འདོན་དགོས།

དོན་ཚན་བཞི་པ། གཞུང་དོན་སྒྲུབ་མཁན་ལ་སྲིད་དོན་གྱི་ཆད་པ་གཅོད་རྒྱུ་དང་། ཏང་གིས་ལས་བྱེད་པར་དོ་དམ་བྱེད་པའི་རྩ་དོན་རྒྱུན་འཁྱོངས་བྱས་ཏེ། ཐུན་མོང་ཐོག་གྲོས་བསྡུར་བྱས་ནས་ཐག་གཅོད་རྒྱུ། བཅའ་ཁྲིམས་ཀྱི་མདུན་དུ་ཚང་མ་འདྲ་མཉམ་ཡིན་པ་རྒྱུན་འཁྱོངས་དང་། དོན་དངོས་གཞིར་འཛིན་པ། བཅའ་ཁྲིམས་ཚད་གཞིར་བཟུང་སྟེ་སྲིད་དོན་གྱི་ཆད་པ་བཅད་པ་དེ་ཁྲིམས་འགལ་བྱ་སྤྱོད་ཀྱི་ངོ་བོ་དང་། ཉེས་ཚབས། གནོད་འཚེ་ཐེབས་ཚད་བཅས་དང་འཚམ་པ།ཆད་གཅོད་བསླབ་འདོམས་དང་སློབ་གསོ་ཟུང་འབྲེལ་དང་དམ་ལྷོད་ཟུང་འབྲེལ་བྱ་རྒྱུ་མཐའ་འཁྱོངས་བྱེད་དགོས།

དོན་ཚན་ལྔ་པ། གཞུང་ལས་མི་སྣར་སྲིད་དོན་གྱི་ཆད་པ་གཅོད་སྐབས། དོན་དངོས་ཁ་གསལ་དང་། དཔང་རྟགས་ཁུངས་བཙན། ངོ་བོ་གཏན་འཁེལ། ཐག་གཅོད་འོས་འཚམ། གོ་རིམ་ཁྲིམས་མཐུན། འགྲོ་ལུགས་ཆ་ཚང་བ་བཅས་ཡིན་དགོས།

དོན་ཚན་དྲུག་པ། གཞུང་དོན་སྒྲུབ་མཁན་གྱིས་ཁྲིམས་ལྟར་འགན་འཁྲི་སྒྲུབ་པར་བཅའ་ཁྲིམས་ཀྱིས་སྲུང་སྐྱོང་བྱ་རྒྱུ། ཁྲིམས་བཀོད་ཀྱི་དོན་རྐྱེན་གྱི་རྐྱེན་གྱིས་མིན་པ་དང་། ཁྲིམས་བཀོད་ཀྱི་གོ་རིམ་མ་བརྒྱུད་ན། སྲིད་དོན་གྱི་ཆད་པ་འཁུར་མི་དགོས།

ལེའུ་གཉིས་པ། སྲིད་དོན་གྱི་ཆད་པ་གཅོད་པའི་རྣམ་གྲངས་དང་སྤྱད་འཐུས་སྐོར།

དོན་ཚན་བདུན་པ། སྲིད་དོན་ཆད་གཅོད་ཀྱི་རྣམ་གྲངས་ནི།

(གཅིག)ཐ་ཚིག་སྒྲོག་པ་དང་།

(གཉིས། )སྐྱོན་ཐོ་འགོད་པ།

(གསུམ། )སྐྱོན་ཆེན་ཐོ་འགོད།

(བཞི། )རིམ་པ་ཕབ་པ།

(ལྔ། )གོ་གནས་ཕྱིར་འཐེན་བྱ་རྒྱུ།

(དྲུག)ཕྱིར་འབུད་བྱ་རྒྱུ།

དོན་ཚན་བརྒྱད་པ། སྲིད་དོན་ཆད་གཅོད་ཀྱི་དུས་ཡུན་ནི།

(གཅིག)ཐ་ཚིག་སྒྲོག་རྒྱུ་དང་། ཟླ་བ་དྲུག་དང་།

(གཉིས། )སྐྱོན་ཐོ་འགོད་པར་ཟླ་བ་བཅུ་གཉིས་དགོས་པ།

(གསུམ། )སྐྱོན་ཆེན་ཐོ་འགོད་བྱས་ནས་ཟླ་བ་བཅོ་བརྒྱད།

(བཞི། )རིམ་པ་ཕབ་པ་དང་གནས་དབྱུང་གཏོང་བ། ཟླ་བ་ཉི་ཤུ་རྩ་བཞི་བཅས་ཡིན།

སྲིད་དོན་ཆད་གཅོད་ཆོད་དོན་བཞག་པའི་ཉིན་ནས་བཟུང་ནུས་པ་ཐོན་པ་དང་།སྲིད་དོན་ཁྲུའུ་ཡིས་དུས་བགོས་ཀྱིས་ སྲིད་དོན་ཆད་གཅོད་ཆོད་དོན་གྱི་ནུས་པ་ཐོན་པའི་ཉིན་ནས་བརྩི་རྒྱུ།

དོན་ཚན་དགུ་པ། གཞུང་དོན་སྒྲུབ་མི་གཉིས་ཡན་གྱིས་མཉམ་དུ་ཁྲིམས་དང་འགལ་བ། རང་རང་སོ་སོས་ཁྲིམས་འགལ་བྱ་སྤྱོད་སྤེལ་རིང་ཐོན་པའི་ནུས་པ་དང་འཁུར་འོས་པའི་བཅའ་ཁྲིམས་ཀྱི་འགན་འཁྲིར་གཞིགས་ནས་སོ་སོར་སྲིད་དོན་གྱི་ཆད་པ་གཅོད་རྒྱུ།

དོན་ཚན་བཅུ་པ། འབྲེལ་ཡོད་ལས་ཁུངས། སྡེ་ཚན། རྩ་འཛུགས་བཅས་ཀྱིས་ཐུན་མོང་ཐོག་ཆོད་དོན་བཞག་རིགས་ཁྲིམས་དང་འགལ་བའམ་ཁྲིམས་འགལ་བྱ་སྤྱོད་སྤེལ་རིགས།འགན་འཁྲི་ཡོད་པའི་འགོ་ཁྲིད་མི་སྣ་དང་ཐད་ཀར་འགན་འཁྲི་ ཡོད་པའི་མི་སྣའི་ཁྲོད་ཀྱི་གཞུང་ལས་མི་སྣར་ཁྲིམས་ལྟར་སྲིད་དོན་གྱི་ཆད་པ་གཅོད་དགོས།

དོན་ཚན་བཅུ་གཅིག་པ། གཞུང་ལས་པར་གཤམ་གསལ་གནས་ཚུལ་ལས་རིགས་གཅིག་བྱུང་།    

(གཅིག)རང་ཉིད་ལ་སྲིད་དོན་གྱི་ཆད་པ་འཁེལ་དགོས་པའི་ཁྲིམས་འགལ་བྱ་སྤྱོད་རང་འགུལ་ངང་ངོས་ལེན་ཞུས་རིགས་དང་།   

(གཉིས། )བརྟག་དཔྱད་བྱེད་པར་གཞོགས་འདེགས་བྱས་ནས་རང་ཉིད་ཀྱི་ཁྲིམས་འགལ་དོན་དངོས་ཇི་བཞིན་གསལ་བཤད་བྱས་རིགས།   

(གསུམ། )མི་གཞན་གྱི་ཁྲིམས་འགལ་ལུགས་དཀྲུག་གི་སྤྱོད་ངན་ཐེར་འདོན་བྱས་པ་དེ་ཞིབ་བཤེར་གྱིས་འཛོལ་མེད་ཡིན་པའི་ར་འཕྲོད་བྱུང་བ།

(བཞི། )རང་འགུལ་གྱིས་བྱེད་ཐབས་སྤྱད་དེ་གྱོང་གུན་མི་ཡོང་བ་དང་།གྱོང་གུན་སེལ་ཐབས་ནུས་ལྡན་བྱས་པའམ་ཡང་ན་ཤུགས་རྐྱེན་ངན་པ་གཙང་སེལ་བྱས་རིགས།

(ལྔ། )ཐུན་མོང་གི་ཁྲིམས་འགལ་བྱ་སྤྱོད་སྤེལ་རིང་ནུས་པ་ཕལ་པའམ་རམ་འདེགས་ཀྱི་ནུས་པ་ཐོན་རིགས།

(དྲུག)ཁྲིམས་འགལ་གྱི་ཐོབ་ཆ་རང་འགུལ་ངང་གོང་འབུལ་ཞུ་བའམ་ཡང་ན་སྐྱིན་ཚབ་སྤྲོད་པ།    

(བདུན། )བཅའ་ཁྲིམས་དང་ཁྲིམས་སྲོལ་ནང་གཏན་ལ་ཕབ་པའི་ཡང་བཟོས་ཀྱི་ཉེས་ཆད་དམ་ཡང་ན་བཅའ་ཡང་དུ་གཏོང་དགོས་པའི་གནས་ཚུལ་གཞན་དག་བཅས་ཡིན།

དོན་ཚན་བཅུ་གཉིས་པ། གཞུང་དོན་སྒྲུབ་མཁན་གྱི་ཁྲིམས་འགལ་བྱ་སྤྱོད་ཚབས་ཆུང་བ། བཅའ་ཁྲིམས་འདིའི་དོན་ཚན་བཅུ་གཅིག་པའི་ནང་གཏན་འབེབས་བྱས་པའི་གནས་ཚུལ་ལས་རིགས་གཅིག་ཡོད་ན། དེར་གླེང་མོལ་དྲན་སྐུལ་དང་། སྐྱོན་བརྗོད་སློབ་གསོ། ཞིབ་བཤེར་བྱེད་འགན་དཀྲི་བའམ་བསླབ་འདོམས་སྐུལ་ལྕག་བཅས་བྱས་ཆོག སྲིད་དོན་ཆད་པ་མེད་པར་བཟོ་བའམ་ཡང་ན་མི་གཅོད།    གཞུང་དོན་སྒྲུབ་མཁན་གྱིས་གནས་ཚུལ་ངོ་མ་མི་ཤེས་པའི་རྐྱེན་གྱིས་བཙན་ཤེད་ཀྱིས་ཁྲིམས་འགལ་གྱི་བྱེད་སྒོར་ཞུགས་སུ་བཅུག་པ།སྐྱོན་བརྗོད་དང་སློབ་གསོ་བཏང་རྗེས་དངོས་གནས་སྔ་འགྱོད་ཕྱི་འདོམས་ཀྱི་སྤྱོད་ཚུལ་ཡོད་ན།སྲིད་དོན་གྱི་ཆད་པ་ཡང་དུ་གཏོང་བ་དང་མེད་པར་བཟོ་བའམ་ཡང་ན་མི་གཏོང་བ་བཅས་བྱས་ཆོག          

དོན་ཚན་བཅུ་གསུམ་པ།གཞུང་དོན་སྒྲུབ་མཁན་ལ་གཤམ་གསལ་གྱི་གནས་ཚུལ་གྲས་ཤིག་ཡོད་ཚེ་ངེས་པར་དུ་སྲིད་ དོན་ཆད་པ་གཅོད་དགོས་པ་སྟེ།

     (གཅིག)སྲིད་དོན་གྱི་ཆད་པ་གཅོད་པའི་དུས་ཡུན་ནང་ཡང་བསྐྱར་བསམ་བཞིན་དུ་ཁྲིམས་དང་འགལ་བས། སྲིད་དོན་གྱི་ཆད་པ་འཁེལ་དགོས་པ་དང་།

    (གཉིས། )མི་གཞན་གྱིས་དཔང་རྟགས་ཐེར་འདོན་དང་འདོན་སྤྲོད་བྱེད་པར་བཀག་འགོག་བྱས་རིགས།

    (གསུམ། )ཁ་མཐུན་ངོས་ལེན་ནམ་ཡང་ན་དཔང་རྟགས་རྫུན་བཟོ་དང་། སྦས་སྐུང་། རྩ་བརླག་གཏོང་བ་བཅས་བྱས་རིགས།

    (བཞི། )གྱོད་མཐུན་མི་སྣ་འགེབས་སྲུང་བྱེད་པ།

    (ལྔ། )སྐྱེ་བོ་གཞན་ལ་བཙན་ཤེད་དང་ངན་སྐུལ་བྱས་ནས་ཁྲིམས་འགལ་གྱི་བྱ་སྤྱོད་སྤེལ་དུ་བཅུག་རིགས།

    (དྲུག)ཁྲིམས་འགལ་གྱི་ཐོབ་ཆ་གོང་འབུལ་མི་བྱེད་པའམ་ཡང་ན་སྐྱིན་ཚབ་འཇལ་སྤྲོད་མི་བྱེད་པ།

    (བདུན། )བཅའ་ཁྲིམས་དང་ཁྲིམས་སྲོལ་ནང་གཏན་ལ་ཕབ་པའི་ཉེས་ཚབས་ལྕི་བ་གཞན་དག་བཅས་ཡིན།

     དོན་ཚན་བཅུ་བཞི་པ། གཞུང་དོན་སྒྲུབ་མཁན་གྱིས་བྱས་ཉེས་བསགས་ནས་གཤམ་གསལ་གྱི་གནས་ཚུལ་ལས་རིགས་གཅིག་ཡོད་ན་ཕྱིར་འབུད་བྱ་རྒྱུ་སྟེ

    (གཅིག)ཤེས་བཞིན་དུ་བྱས་ཉེས་བསགས་པའི་རྐྱེན་གྱིས་རྩིས་སྤྲོད་དོ་དམ་དང་བཙན་ཉར་ལས་སྐུལ་ལམ་ཡང་ན་དུས་བཙོན་ཡན་གྱི་ཉེས་ཆད་(ཁྲིམས་ཆད་ཕྱིར་འགྱངས་བྱ་རྒྱུ་ཁྱབ་བསྒྲགས་བྱས་པ་ཚུད་)གཅོད་པ་དང་།

    (གཉིས། )ལས་འཛོལ་གྱི་བྱས་ཉེས་བསགས་པའི་དབང་གིས་དུས་བཙོན་གྱི་ཁྲིམས་ཆད་བཅད་ཀྱང་ཁྲིམས་ཆད་འཁུར་ཡུན་ལོ་གསུམ་ལས་བརྒལ་རིགས།  

    (གསུམ། )བྱས་ཉེས་བསགས་པའི་རྐྱེན་གྱིས་ཉེས་ཆད་རྐྱང་པ་བཅད་པའམ་ཆབ་སྲིད་ཀྱི་ཁེ་དབང་འཕྲོག་པའི་ཉེས་ཆད་ཆབས་སྦྲགས་སུ་བཅད་པའི་རིགས་བཅས་ཡིན།   ལས་འཛོལ་ཤོར་བའི་རྐྱེན་གྱིས་རྩིས་སྤྲོད་དོ་དམ་དང་བཙན་ཉར་ལས་བསྐུལ་ལམ་ཡང་ན་དུས་བཙོན་ལོ་གསུམ་མན་གྱི་ཉེས་ཆད་བཅད་རིགས། སྤྱིར་བཏང་དུ་ཕྱིར་

འབུད་བྱ་དགོས། གྱོད་དོན་གྱི་གནས་ཚུལ་དམིགས་བསལ་ཡིན་ཞིང་།གནས་དབྱུང་བཏང་ན་དེ་བས་འོས་འཚམ་ཡིན་རིགས་ཕྱིར་འབུད་མ་བྱས་ན་ཆོགའོན་ཀྱང་རང་ལས་རིམ་པ་གཅིག་གིསམཐོ་བའི་ལས་ཁུངས་ལ་ཆོག་མཆན་ཞུ་དགོས།  གཞུང་དོན་སྒྲུབ་མཁན་གྱིས་བྱས་ཉེས་བསགས་པའི་རྐྱེན་གྱིས་དངུལ་ཆད་གཅོད་རྒྱུ།ཡང་ན་བྱས་ཉེས་ཀྱི་གནས་ཚུལ་ཚབས་ཆུང་ཞིང་། མི་དམངས་ཞིབ་དཔྱོད་ཁང་གིས་བཅའ་ཁྲིམས་ལྟར་ཁྲིམས་སྦྱོར་མི་བྱ་རྒྱུའི་ཐག་བཅད་པའམ་མི་དམངས་ཁྲིམས་ཁང་གིས་བཅའ་ཁྲིམས་ལྟར་ཉེས་དོན་གྱི་ཁྲིམས་ཆད་གཅོད་མི་དགོས་པའི་རིགས། གནས་དབྱུང་གཏོང་རྒྱུ། ཤུགས་རྐྱེན་ངན་པ་བཟོས་ན་ཕྱིར་འབུད་བྱེད་དགོས།

      དོན་ཚན་བཅོ་ལྔ་པ། གཞུང་དོན་སྒྲུབ་མཁན་ལ་ཁྲིམས་འགལ་བྱ་སྤྱོད་གཉིས་ཡན་ཡོད་ན། སྲིད་དོན་ཆད་གཅོད་སོ་སོར་གཏན་འཁེལ་བྱེད་དགོས།སྲིད་དོན་གྱི་ཆད་པ་རིགས་གཉིས་ཡན་གཅོད་དགོས་རིགས་ལ་དེའི་ནང་ནས་ཆེས་ལྕི་བའི་སྲིད་དོན་གྱི་ཆད་པ་གཅོད་རྒྱུ་དང་།གནས་དབྱུང་གཏོང་དགོས་རིགས་ལ་དེ་དང་འདྲ་བའི་སྲིད་

དོན་གྱི་ཆད་པ་མང་པོ་གཅོད་དགོས།སྲིད་དོན་ཁྲུའུ་གཅིག་ལ་དུས་བགོས་ཡན་དང་།སྲིད་དོན་ཁྲུའུ་མང་པོ་ཞིག་ལ་དུས་བགོས་པ་དང་གཤམ་ལ་སྲིད་དོན་ཁྲུའུ་ལ་དུས་བགོས་གཏན་འཁེལ་བྱས་ཆོག་མོད། འོན་ཀྱང་དུས་ཡུན་རིང་ཤོས་ལ་ཟླ་བ་བཞི་བཅུ་ཞེ་བརྒྱད་ལས་བརྒལ་མི་ཆོག

     དོན་ཚན་བཅུ་དྲུག་པ། གཞུང་ལས་མི་སྣའི་ཁྲིམས་འགལ་བྱ་སྤྱོད་གཅིག་མཚུངས་ལ་ལྟ་ཞིབ་ལས་ཁུངས་དང་གཞུང་ལས་མི་སྣ་བསྐོ་འཐེན་ལས་ཁུངས་དང་སྡེ་ཚན་གྱིས་སྲིད་དོན་གྱི་ཆད་པ་དང་ཆད་པ་བསྐྱར་མ་བཅད་མི་ཆོག

     དོན་ཚན་བཅུ་བདུན་པ།གཞུང་དོན་སྒྲུབ་མཁན་གྱིས་ཁྲིམས་འགལ་གྱི་བྱ་སྤྱོད་སྤེལ་ཚེ་འབྲེལ་ཡོད་ལས་ཁུངས་ཀྱིས་ གཏན་འབེབས་ལྟར་རྩ་འཛུགས་ཐོག་ནས་ཐག་གཅོད་བྱས་རིགས་ལ་ལྟ་ཞིབ་ལས་ཁུངས་ཀྱིས་དུས་མཚུངས་སུ་སྲིད་དོན་གྱི་ ཆད་པ་བཅད་ཆོག

     དོན་ཚན་བཅོ་བརྒྱད་པ། འགོ་ཁྲིད་ཀྱི་ལས་གནས་འཛིན་མཁན་གཞུང་ལས་མི་སྣར་ཁྲིམས་འགལ་གྱི་བྱ་སྤྱོད་བྱུང་ཚེ། གནས་དབྱུང་བཏང་བ་དང་། ཕྱིར་འཐེན་བྱས་པ། ཡང་ན་འགོ་ཁྲིད་ཀྱི་གོ་གནས་དགོངས་ཞུ་བྱས་པ་ཡིན་ན། ལྟ་ཞིབ་ལས་ཁུངས་ཀྱིས་དུས་མཚུངས་སུ་སྲིད་དོན་གྱི་ཆད་པ་བཅད་ཆོག

     དོན་ཚན་བཅུ་དགུ་པ། གཞུང་ལས་པ་དང་དེ་བཞིན་གཞུང་ལས་པའི་སྐོར་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཅའ་ཁྲིམས་དཔྱད་གཞིར་བཟུང་སྟེ་དོ་དམ་བྱེད་པའི་མི་སྣས་སྲིད་དོན་ལ་ཆད་པ་གཅོད་པའི་དུས་ཡུན་ནང་། གོ་གནས་དང་། གོ་རིམ། ཐོབ་ཐང་རིམ་པ། རིམ་པ་བཅས་སྤར་མི་ཆོག དེའི་ནང་སྐྱོན་ཐོ་འགོད་

པ་དང་། སྐྱོན་ཆེན་ཐོ་འགོད། རིམ་པ་འབེབས་པ། གནས་དབྱུང་གཏོང་བ་བཅས་བྱས་རིགས་ལ་གླ་ཕོགས་ཀྱི་གདང་རིམ་སྤར་མི་ཆོག གནས་དབྱུང་བཏང་བ། གཏན་འབེབས་ལྟར་གོ་གནས་དང་། གོ་རིམ། ཐོབ་ཐང་རིམ་པ། རིམ་པ་བཅས་གཅོག་རྒྱུ་དང་ཆབས་ཅིག་ཏུ་གླ་ཕོགས་དང་ཐོབ་ཐང་ཡང་གཅོག་རྒྱུ།

     དོན་ཚན་ཉི་ཤུ་པ། བཅའ་ཁྲིམས་དང་ཁྲིམས་སྲོལ་གྱིས་དབང་བསྐུར་བའམ་ཡང་ན་རྒྱལ་ཁབ་ལས་ཁུངས་ཀྱིས་བཅའ་ཁྲིམས་ལྟར་སྤྱི་པའི་ལས་དོན་དོ་དམ་མངགས་བཅོལ་བྱས་པའི་རྩ་འཛུགས་ནང་གཞུང་དོན་སྒྲུབ་མཁན་གྱིས། དེ་བཞིན་གཞུང་གཉེར་གྱི་སློབ་གསོ་དང་། ཚན་རིག་ཞིབ་འཇུགརིག་གནས། སྨན་བཅོས་འཕྲོད་བསྟེན། ལུས་

རྩལ་སོགས་སྡེ་ཚན་གྱི་དོ་དམ་ལས་ཀ་བྱེད་མཁན་མི་སྣ། སྲིད་དོན་ཆད་པ་གཅོད་པའི་དུས་ཡུན་ནང་གོ་གནས་དང་། ལས་གནས། ལས་བྱེད་པ་བཅས་ཀྱི་རིམ་པ་དང་གོ་མིང་སྤར་མི་ཆོག དེའི་ནང་སྐྱོན་ཐོ་འགོད་པ་དང་། སྐྱོན་ཆེན་ཐོ་འགོད། རིམ་པ་འབེབས་པ། གནས་དབྱུང་གཏོང་བ་བཅས་བྱས་རིགས་ལ་གླ་ཕོགས་ཀྱི་ཐོབ་ཐང་རིམ་པ་སྤར་

མི་ཆོག གནས་དབྱུང་བཏང་བ་ཡིན་ན། གོ་གནས་དང་ལས་གནས་སམ་ལས་བཟོ་པའི་རིམ་པ་བཅས་དམའ་རུ་གཏོང་རྒྱུ་དང་། དུས་མཚུངས་སུ་གླ་ཕོགས་ཀྱི་ཐོབ་ཐང་ཡང་གཅོག་རྒྱུ།

      དོན་ཚན་ཉེར་གཅིག་པ། གཞུང་དབང་ཁེ་ལས་ཀྱི་དོ་དམ་མི་སྣས་སྲིད་དོན་གྱི་ཆད་པ་བཅད་རིང་དུ་གོ་གནས་དང་། ལས་གནས་ཀྱི་རིམ་པ། གོ་མིང་བཅས་སྤར་མི་ཆོག དེའི་ནང་སྐྱོན་ཐོ་འགོད་པ་དང་། སྐྱོན་ཆེན་ཐོ་འགོད། རིམ་པ་འབེབས་པ། གནས་དབྱུང་གཏོང་བ་བཅས་བྱས་རིགས་ལ་གླ་ཕོགས་ཀྱི་ཐོབ་ཐང་རིམ་པ་སྤར་མི་ཆོག 

གནས་དབྱུང་བཏང་བ་ཡིན་ན།གོ་གནས་སམ་ལས་གནས་ཀྱི་རིམ་པ་དམའ་རུ་གཏོང་རྒྱུ་དང་།དུས་མཚུངས་སུ་གླ་ཕོགས་ཀྱི་ཐོབ་ཐང་དམའ་རུ་གཏོང་རྒྱུ།

       དོན་ཚན་ཉེར་གཉིས་པ།གཞི་རིམ་གྱི་མང་ཚོགས་རང་བཞིན་གྱི་རང་སྐྱོང་རྩ་འཛུགས་ནང་དོ་དམ་བྱེད་མཁན་མི་སྣར་ཁྲིམས་འགལ་གྱི་བྱ་སྤྱོད་བྱུང་ན། ལྟ་ཞིབ་ལས་ཁུངས་ཀྱིས་དེར་ཐ་ཚིག་སྒྲོག་པ་དང་། སྐྱོན་ཐོ་འགོད་པ། སྐྱོན་ཆེན་ཐོ་འགོད་བཅས་བྱས་ཆོག    

       གཞི་རིམ་མང་ཚོགས་རང་བཞིན་གྱི་རང་སྐྱོང་རྩ་འཛུགས་ནང་དོ་དམ་བྱེད་མཁན་མི་སྣར་སྲིད་དོན་གྱི་ཆད་པ་ཕོག་ཚེ།རྫོང་རིམ་པའམ་ཡང་ན་ཤང་གྲོང་མི་དམངས་སྲིད་གཞུང་གིས་ཞིབ་ཕྲའི་གནས་ཚུལ་ལ་གཞིགས་ནས་ཁ་གསབ་དང་བྱ་ དགའི་དངུལ་ཉུང་སྤྲོད་དམ་ཡང་ན་འཐེན་སྤྲོད་བྱེད་དགོས།

        དོན་ཚན་ཉེར་གསུམ་པ། ལྟ་ཞིབ་བྱེད་ཕྱོགས་སྐོར་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཅའ་ཁྲིམས་ནང་འཁོད་དོན་ཚན་བཅོ་ལྔ་པའི་ཡང་གསེས་དོན་ཚན་དྲུག་པར་གཏན་འབེབས་བྱས་པའི་མི་སྣར་ཁྲིམས་འགལ་གྱི་བྱ་སྤྱོད་ བྱུང་ན། ལྟ་ཞིབ་ལས་ཁུངས་ཀྱིས་དེར་ཐ་ཚིག་སྒྲོག་པ་དང་། སྐྱོན་ཐོ་འགོད་པ། སྐྱོན་ཆེན་ཐོ་

འགོད་བཅས་བྱས་ཆོག ཉེས་ཚབས་ཆེ་རིགས་ལ་གནས་སའི་སྡེ་ཚན་གྱིས་ཐད་ཀར་སྤྲོད་པའམ་ཡང་ན་ལྟ་ཞིབ་ལས་ཁུངས་ཀྱིས་འབྲེལ་ཡོད་ལས་ཁུངས་དང་སྡེ་ཚན་ལ་གླ་ཕོགས་ཀྱི་ཐོབ་ཐང་དམའ་རུ་གཏོང་བ་དང་། ལས་གནས་འཕོ་བ། མི་དོན་གྱི་འབྲེལ་བ་མེད་པར་བཟོ་བའམ་ཡང་ན་ངལ་རྩོལ་གྱི་འབྲེལ་བ་མེད་པ་བཟོ་བ་སོགས་ཀྱི་གྲོས་

འགོ་འདོན་པའི་ཐག་གཅོད་བྱེད་དགོས།ལྟ་ཞིབ་བྱེད་ཕྱོགས་སྐོར་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཅའ་ཁྲིམས་ཀྱི་དོན་ཚན་བཅོ་ལྔ་པའི་ཡང་གསེས་དོན་ཚན་གཉིས་པའི་ནང་གཏན་འབེབས་བྱས་པའི་མི་སྣ། གཞུང་ཞབས་པ་དང་། གཞུང་ལས་པའི་སྐོར་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཅའ་

ཁྲིམས་དཔྱད་གཞིར་འཛིན་པའི་དོ་དམ་མི་སྣ་དང་།བྱ་ལས་སྡེ་ཚན་གྱི་ལས་བྱེད་མི་སྣའམ་ཡང་ན་གཞུང་དབང་ཁེ་ལས་ཀྱི་མི་སྣའི་གོ་གནས་འཁུར་མེད་ན།དེའི་ཁྲིམས་འགལ་གྱི་བྱ་སྤྱོད་གོང་གསལ་ནང་གསེས་དོན་ཚན་གྱི་གཏན་འབེབས་ལྟར་ཐག་གཅོད་བྱ་རྒྱུ།

         དོན་ཚན་ཉེར་བཞི་པ། གཞུང་ལས་པ་ཕྱིར་འབུད་བཏང་། ཡང་ན་བཅའ་ཁྲིམས་འདིའི་དོན་ཚན་ཉེར་གསུམ་པའི་གཏན་འབེབས་ལྟར་མི་དོན་གྱི་འབྲེལ་བའམ་ངལ་རྩོལ་གྱི་འབྲེལ་བ་མེད་པར་བཟོས་པའི་ཐག་གཅོད་བྱས་རིགས།གཞུང་ཞབས་པར་བསྡུས་མི་ཆོག་པ་དང་དེ་བཞིན་གཞུང་ལས་པའི་སྐོར་གྱི་ཀྲུང་ཧྭ་མི་དམངས་སྤྱི་

མཐུན་རྒྱལ་ཁབ་ཀྱི་བཅའ་ཁྲིམས་ལ་གཞིགས་ནས་དོ་དམ་བྱེད་པའི་མི་སྣར་བསྡུས་མི་ཆོག

        དོན་ཚན་ཉེར་ལྔ་པ།གཞུང་དོན་སྒྲུབ་མཁན་གྱིས་ཁྲིམས་འགལ་ངང་ཐོབ་པའི་རྒྱུ་ནོར་དང་ཁྲིམས་འགལ་བྱེད་སྤྱོད་ལ་སྤྱོད་པའི་མི་སྒེར་གྱི་རྒྱུ་ནོར་ལ་བཅའ་ཁྲིམས་ལྟར་ལས་ཁུངས་གཞན་དག་གིས་གཞུང་བཞེས་དང་བདའ་འདེད་དམ་སྐྱིན་ཚབ་སྤྲོད་འཇལ་བྱེད་དུ་འཇུག་དགོས་རིགས་ཕུད།ལྟ་ཞིབ་ལས་ཁུངས་ཀྱིས་གཞུང་བཞེས་གཏོང་བ་དང་བདའ་འདེད་གཏོང་རྒྱུའམ་སྐྱིན་ཚབ་སྤྲོད་འཇལ་བྱེད་དུ་འཇུག་རྒྱུ།དེ་སྔའི་བདག་པོའམ་ཡང་ན་བདག་མཁན་ལ་ཕྱིར་སློག་བྱེད་དགོས་རིགས་ཁྲིམས་ ལུགས་ལྟར་ཕྱིར་སློག་བྱེད་དགོས། རྒྱལ་ཁབ་ཀྱི་རྒྱུ་ནོར་ཁོངས་སུ་གཏོགས་པའམ་ཕྱིར་སློག་མི་དགོས་པ། ཕྱིར་སློག་ཐབས་བྲལ་བ་བཅས་ཡིན་ན་རྒྱལ་མཛོད་ལ་འབུལ་དགོས།ཁྲིམས་འགལ་གྱི་བྱ་སྤྱོད་སྤེལ་བའི་རྐྱེན་གྱིས་གཞུང་ལས་མི་སྣར་གོ་གནས་དང་། འགན་རིམ། ཐོབ་ཐང་རིམ་པ། རིམ་པ། ལས་གནས། ལས་བཟོ་པའི་རིམ་པ། གོ་མིང་། ཐོབ་ཐང་། ཐོབ་ཐང་། སློབ་གཉེར་བརྒྱུད་རིམ། བསླབ་གནས། མཚན་སྙན། བྱ་དགའ་སོགས་ཀྱི་ཁེ་ཕན་གཞན་དག་ཐོབ་རིགས། ལྟ་ཞིབ་ལས་ཁུངས་ཀྱིས་འབྲེལ་ཡོད་ལས་ཁུངས་དང་། སྡེ་ཚན། རྩ་འཛུགས་བཅས་ལ་གཏན་འབེབས་ལྟར་ཡོ་བསྲང་བྱ་རྒྱུའི་གྲོས་འགོ་འདོན་དགོས།

         དོན་ཚན་ཉེར་དྲུག་པ། ཕྱིར་འབུད་བྱས་པའི་གཞུང་ལས་མི་སྣ་སྲིད་དོན་གྱི་ཆད་པ་བཅད་དོན་གོ་ཆོད་ཉིན་ནས་བཟུང་དེ་ཉིད་གནས་སའི་ལས་ཁུངས་དང་སྡེ་ཚན་དང་མི་དོན་འབྲེལ་བའམ་ངལ་རྩོལ་གྱི་འབྲེལ་བ་ཕྱིར་འཐེན་བྱ་དགོས།

         གཞུང་དོན་སྒྲུབ་མཁན་ལ་ཕྱིར་འབུད་ཕུད་པའི་སྲིད་དོན་གྱི་ཆད་པ་གཅོད་རྒྱུ།སྲིད་དོན་གྱི་ཆད་པ་གཅོད་པའི་རིང་ལ་སྔ་འགྱོད་ཕྱི་འདོམས་ཀྱི་སྤྱོད་ཚུལ་ཡོད་པ་མ་ཟད།སྲིད་དོན་གྱི་ཆད་པ་གཅོད་དགོས་པའི་ཁྲིམས་འགལ་གྱི་བྱ་སྤྱོད་ཡང་བསྐྱར་བྱུང་མེད། སྲིད་དོན་ཆད་གཅོད་ཀྱི་དུས་བཅད་ཐིམ་རྗེས་རང་འགུལ་གྱིས་མེད་པར་བཟོས་ཏེ། གོ་གནས་དང་། གོ་རིམ། ཐོབ་ཐང་། རིམ་པ། ལས་གནས། ལས་བྱེད་པའི་རིམ་པ། གོ་མིང་། གླ་ཕོགས་ཐོབ་ཐང་བཅས་སྤར་བར་སྔར་གྱི་སྲིད་དོན་ཆད་གཅོད་ཀྱི་ཤུགས་རྐྱེན་མི་ཐེབས་པར་བྱེད་དགོས།འོན་ཀྱང་རིམ་པ་འབེབས་པའམ་གནས་དབྱུང་གཏོང་མི་དགོས་པ་བཟོས་ན་དེ་སྔའི་གོ་གནས་དང་། གོ་གནས། ཐོབ་ཐང་། རིམ་པ། ལས་གནས། ལས་བྱེད་མི་སྣ་བཅས་ཀྱི་རིམ་པ་དང་། གོ་མིང་། གླ་ཕོགས་ཀྱི་ཐོབ་ཐང་བཅས་བསྐྱར་གསོ་མི་བྱ་རྒྱུ།

          དོན་ཚན་ཉེར་བདུན་པ།ལས་འཁྱུར་ངལ་གསོ་བྱས་ཟིན་པའི་གཞུང་དོན་ལས་སྒྲུབ་པ་ལས་འཁྱུར་ངལ་གསོ་མ་བྱས་གོང་ངམ་ལས་འཁྱུར་ངལ་གསོ་བྱས་རྗེས་ཁྲིམས་འགལ་གྱི་བྱ་སྤྱོད་བྱུང་ན། སྲིད་དོན་གྱི་ཆད་པ་མི་གཅོད། འོན་ཀྱང་དེའི་གྱོད་དོན་ཐོ་འགོད་བརྟག་དཔྱད་བྱས་ཆོག ཁྲིམས་ལྟར་རིམ་འབེབས་དང་། གནས་དབྱུང་། ཕྱིར་འབུད་བཅས་བྱ་དགོས་རིགས། གཏན་འབེབས་ལྟར་དེའི་ལོངས་སྤྱོད་ཐོབ་ཐང་བབ་མཐུན་གྱིས་ལེགས་སྒྲིག་བྱ་དགོས་པ་དང་།ཁྲིམས་འགལ་གྱིས་ཐོབ་པའི་རྒྱུ་དངོས་དང་ཁྲིམས་འགལ་བྱ་སྤྱོད་ལ་སྤྱོད་པའི་མི་སྒེར་གྱི་རྒྱུ་དངོས་བཅའ་ཁྲིམས་འདིའི་དོན་ཚན་ཉེར་ལྔ་པའི་གཏན་འབེབས་ལྟར་ཐག་གཅོད་བྱ་དགོས།

  ལས་གནས་ལས་བྲལ་བའམ་ཤི་བའི་གཞུང་དོན་སྒྲུབ་མཁན་གྱིས་འགན་འཁྲི་སྒྲུབ་རིང་ཁྲིམས་འགལ་གྱི་བྱ་སྤྱོད་ཡོད་ན། གོང་གསལ་ནང་གསེས་དོན་ཚན་གྱི་གཏན་འབེབས་ལྟར་ཐག་གཅོད་བྱ་རྒྱུ།

ལེའུ་གསུམ་པ། ཁྲིམས་འགལ་བྱ་སྤྱོད་དང་དེར་སྤྱད་འཐུས་པའི་སྲིད་དོན་ཆད་གཅོད།

དོན་ཚན་ཉེར་བརྒྱད་པ། གཤམ་གསལ་གྱི་བྱ་སྤྱོད་ལས་རིགས་གཅིག་ཡོད་ན། སྐྱོན་ཐོ་འགོད་པའམ་ཡང་ན་སྐྱོན་ཆེན་ཐོ་འགོད་བྱ་རྒྱུ་དང་།ཉེས་ཚབས་ཆེ་ཙམ་ཡིན་པར་རིམ་པ་འབེབས་པའམ་གནས་དབྱུང་གཏོང་རྒྱུ།ཉེས་ཚབས་ཆེ་རིགས་ཕྱིར་འབུད་བྱ་རྒྱུ་སྟེ།

(གཅིག)རྩ་ཁྲིམས་ཀྱི་དབང་གྲགས་དང་།ཀྲུང་གོའི་གུང་ཁྲན་ཏང་གི་འགོ་ཁྲིད།རྒྱལ་ཁབ་ཀྱི་མཚན་སྙན་བཅས་ལ་གནོད་པའི་གཏམ་གླེང་སྤེལ་རིགས་དང་།

(གཉིས། )རྩ་ཁྲིམས་དང་། ཀྲུང་གོའི་གུང་ཁྲན་ཏང་གི་འགོ་ཁྲིད། རྒྱལ་ཁབ་ཀྱི་འདུ་ཚོགས་དང་། ཁྲོམ་སྐོར། རྔམ་སྟོན་སོགས་ཀྱི་བྱེད་སྒོར་ཞུགས་པ།    

(གསུམ། )ཀྲུང་གོའི་གུང་ཁྲན་ཏང་དང་རྒྱལ་ཁབ་ཀྱི་ལམ་ཕྱོགས་དང་བྱེད་ཕྱོགས་སྲིད་ཇུས་དང་ཐབས་ཇུས་བཀོད་སྒྲིག་གལ་ཆེན་བཅས་ལག་བསྟར་མི་བྱེད་པའམ་ཡང་ན་རྣམ་པ་འགྱུར་བའི་སྒོ་ནས་ལག་བསྟར་མི་བྱེད་པ།

(བཞི། )ཁྲིམས་འགལ་གྱི་རྩ་འཛུགས་དང་། ཁྲིམས་འགལ་གྱི་བྱེད་སྒོར་ཞུགས་པ།    

(ལྔ། )མི་རིགས་ཀྱི་འབྲེལ་བར་དཀྲུག་ཤིང་རྒྱག་པ་དང་གཏོར་བཤིག་གཏོང་བའམ་ཡང་ན་མི་རིགས་ཁ་ཕྲལ་གཏོངབའི་བྱེད་སྒོའི་ནང་ཞུགས་པ།

           (དྲུག)ཆོས་ལུགས་བྱེད་སྒོ་བེད་སྤྱད་དེ་མི་རིགས་མཐུན་སྒྲིལ་དང་སྤྱི་ཚོགས་བརྟན་ལྷིང་ལ་གཏོར་བཤིག་གཏོང་བ།

           (བདུན། )ཕྱི་འབྲེལ་འགྲོ་འོང་བྱེད་རིང་རྒྱལ་ཁབ་ཀྱི་མཚན་སྙན་དང་ཁེ་ཕན་ལ་གནོད་འཚེ་བཏང་རིགས་བཅས་ཡིན།

      གོང་གི་དོན་ཚན་བཞི་པ། ལྔ་པ། དྲུག་པ་བཅས་ཀྱི་བྱ་སྤྱོད་ལས་རིགས་གཅིག་བྱུང་། ཇུས་འགོད་པ་དང་།སྒྲིག་འཛུགས་པ། རྐང་འཛིན་པ་བཅས་ཕྱིར་འབུད་བྱ་རྒྱུ།

རྩ་ཁྲིམས་གཏན་འབེབས་བྱེད་པར་ངོ་རྒོལ་བྱེད་པའི་རྒྱལ་ཁབ་ཀྱི་སློབ་སྟོན་བསམ་བློ་མངོན་གསལ་དུ་སྤེལ་བ། ཀྲུང་གོའི་གུང་ཁྲན་ཏང་གི་འགོ་ཁྲིད་ལ་ངོ་རྒོལ་དང་། སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ལ་ངོ་རྒོལ། བསྒྱུར་བཅོས་སྒོ་འབྱེད་ལ་ངོ་རྒོལ་བྱེད་པའི་རྩོམ་ཡིག་དང་། གཏམ་བཤད། བསྒྲགས་གཏམ། གསལ་བསྒྲགས་སོགས་ཀྱི་རིགས་ཕྱིར་འབུད་བྱ་རྒྱུ།

དོན་ཚན་ཉེར་དགུ་པ། གཏན་འབེབས་ལྟར་དོན་དག་གལ་ཆེན་དགོངས་སྐོར་ཞུ་བ་དང་སྙན་སེང་མ་ཞུས་པ། ཉེས་ཚབས་ཆེ་ཙམ་ཡིན་པར་ཐ་ཚིག་སྒྲོག་པ་དང་། སྐྱོན་ཐོ་འགོད་པ། སྐྱོན་ཆེན་ཐོ་འགོད་བཅས་བྱ་རྒྱུ་དང་། ཉེས་ཚབས་ཆེ་རིགས་ལ་རིམ་པ་འབེབས་པའམ་གནས་དབྱུང་གཏོང་རྒྱུ།

མི་སྒེར་གྱི་འབྲེལ་ཡོད་དོན་དག་སྙན་ཞུའི་གཏན་འབེབས་དང་འགལ་ནས་སྙན་སེང་མི་ཞུ་བ་དང་། ཉེས་ཚབས་ཆེ་ཙམ་ཡིན་པར་ཐ་ཚིག་སྒྲོག་པ་དང་། སྐྱོན་ཐོ་འགོད་པ། སྐྱོན་ཆེན་ཐོ་འགོད་བཅས་བྱ་རྒྱུ།

རང་ཉིད་ཀྱི་ཡིག་ཚགས་དཔྱད་ཡིག་གཡོ་བཅོས་དང་རྫུན་བཟོ་བྱས་རིགས་ལ། སྐྱོན་ཐོ་འགོད་པའམ་ཡང་ན་སྐྱོན་ཆེན་ཐོ་འགོད། ཉེས་ཚབས་ཆེ་རིགས་ལ་རིམ་པ་འབེབས་པའམ་གནས་དབྱུང་གཏོང་རྒྱུ།

དོན་ཚན་སུམ་ཅུ་པ། གཤམ་གསལ་གྱི་བྱ་སྤྱོད་ལས་རིགས་གཅིག་ཡོད་ན།ཐ་ཚིག་སྒྲོག་པ་དང་སྐྱོན་ཐོ་འགོད་པའམ་ཡང་ན་སྐྱོན་ཆེན་ཐོ་འགོད་བཅས་བྱ་རྒྱུ་དང་། ཉེས་ཚབས་ཆེ་རིགས་ལ་རིམ་པ་འབེབས་པའམ་གནས་དབྱུང་གཏོང་རྒྱུ་སྟེ།

(གཅིག)དམངས་གཙོ་གཅིག་སྡུད་ལམ་ལུགས་ཀྱི་རྩ་དོན་དང་འགལ། མི་སྒེར་རམ་ཡང་ན་མི་ཉུང་ཤས་ཀྱིས་གལ་ཆེའི་དོན་གནད་ཐག་གཅོད་བྱེད་པའམ་ཡང་ན་མཉམ་སྡེབ་ཀྱི་གལ་ཆེའི་གཏན་འབེབས་ལག་བསྟར་མི་བྱེད་པ་དང་རང་དགར་འགྱུར་ལྡོག་གཏོང་བ།       

(གཉིས། )གོང་རིམ་གྱིས་ཁྲིམས་ལྟར་བཞག་པའི་ཆོད་དོན་དང་བཀའ་རྒྱ་ལག་བསྟར་མི་བྱེད་པའམ་ཡང་ན་རྣམ་པ་བསྒྱུར་ནས་ལག་བསྟར་མི་བྱེད་པ་དང་། ལག་བསྟར་ནར་འགྱངས་བྱས་པ།

དོན་ཚན་སོ་གཅིག་པ། གཏན་འབེབས་དང་འགལ་ཏེ་རྒྱལ་མཚམས་སྒྲོལ་འཐུས་ལག་ཁྱེར་བསྒྲུབས་རིགས་ལ། སྐྱོན་ཐོ་འགོད་པའམ་ཡང་ན་སྐྱོན་ཆེན་ཐོ་འགོད་བྱ་རྒྱུ་དང་།ཉེས་ཚབས་ཆེ་རིགས་ལ་རིམ་པ་འབེབས་པའམ་གནས་དབྱུང་གཏོང་རྒྱུ།གཏན་འབེབས་དང་འགལ་ནས་ཕྱི་རྒྱལ་གྱི་རྒྱལ་ཁོངས་ཐོབ་པའམ་མངའ་ཁོངས་ཕྱིར་གཏན་ཡུན་བཅའ་སྡོད་ཀྱི་ཐོབ་ཐང་དང་། ཡུན་རིང་བཅའ་སྡོད་ཀྱི་བཀའ་འཁྲོལ་ཐོབ་པ། གནས་དབྱུང་གཏོང་རྒྱུའམ་ཡང་ན་ཕྱིར་འབུད་བྱ།

  དོན་ཚན་སོ་གཉིས་པ། གཤམ་གསལ་གྱི་བྱ་སྤྱོད་ལས་རིགས་གཅིག་ཡོད་ན། ཐ་ཚིག་སྒྲོག་པ་དང་སྐྱོན་ཐོ་འགོད་པའམ་ཡང་ན་སྐྱོན་ཆེན་ཐོ་འགོད་བཅས་བྱ་རྒྱུ་དང་། ཉེས་ཚབས་ཆེ་ཙམ་ཡིན་པར་རིམ་པ་འབེབས་པའམ་གནས་དབྱུང་གཏོང་རྒྱུ། ཉེས་ཚབས་ཆེ་རིགས་ཕྱིར་འབུད་བྱ་རྒྱུ་སྟེ།

(གཅིག)འདེམས་སྒྲུག་བསྐོ་སྤྱོད་དང་། བསྡུ་སྤྱོད། གདན་ཞུ། དཔྱད་ཞིབ། གོ་གནས་སྤར་བ། དཔྱད་འདེམས་སོགས་ལས་བྱེད་པའི་མི་དོན་ལས་ཀའི་ཁྲོད་འབྲེལ་ཡོད་གཏན་འབེབས་དང་འགལ་རིགས་དང་།  

(གཉིས། )མི་བདེན་རྫུན་སྒྲིག་བྱས་ནས་གོ་གནས་དང་། གོ་རིམ། ཐོབ་ཐང་། རིམ་པ། ལས་གནས། ལས་བཟོ་པའི་རིམ་

པ་དང་། གོ་མིང་། ཐོབ་ཐང་། ཐོབ་ཐང་། སློབ་གཉེར་བརྒྱུད་རིམ། བསླབ་གནས། མཚན་སྙན། བྱ་དགའ་བཅས་སམ་ཁེ་ཕན་གཞན་དག་གཡོ་ལེན་བྱས་རིགས།

(གསུམ། )ཁྲིམས་ལྟར་སྐྱོན་བརྗོད་དང་། རྒྱུ་མཚན་ཞུ་འབུལ། ཞུ་གཏུགཐེར་འདོན་སོགས་ཀྱི་ཁེ་དབང་སྤྱོད་པའི་བྱ་སྤྱོད་ལ་འགོག་གནོན་ནམ་རྡུང་རྡེག་འཁོན་སློག་བྱས་རིགས།    

(བཞི། )སྙོན་འཛུགས་ཞུ་གཏུག་དང་མ་ཉེས་ཁག་གཡོགས་བྱས་ནས་མི་གཞན་གྱི་མིང་གྲགས་ལ་གནོད་འཚེ་གཏོང་བའམ་ཡང་ན་འགན་འཁྲི་བདའ་འདེད་གཏོང་བ་སོགས་ཀྱི་ཤུགས་རྐྱེན་ངན་པ་བཟོ་རིགས།

(ལྔ། )དྲག་ཤུགས་དང་། འཇིགས་སྐུལ། ལྐོག་རྔན་སྤྲོད་པ། མགོ་སྐོར་གཏོང་བ་སོགས་ཀྱི་བྱེད་ཐབས་ལ་བརྟེན་ནས་འདེམས་བསྐོ་གཏོར་བཤིག་བཏང་རིགས་བཅས་ཡིན།

དོན་ཚན་སོ་གསུམ་པ། གཤམ་གསལ་གྱི་བྱ་སྤྱོད་ལས་རིགས་གཅིག་ཡོད་ན། ཐ་ཚིག་སྒྲོག་པ་དང་སྐྱོན་ཐོ་འགོད་པའམ་ཡང་ན་སྐྱོན་ཆེན་ཐོ་འགོད་བཅས་བྱ་རྒྱུ་དང་། ཉེས་ཚབས་ཆེ་ཙམ་ཡིན་པར་རིམ་པ་འབེབས་པའམ་གནས་དབྱུང་གཏོང་རྒྱུ། ཉེས་ཚབས་ཆེ་རིགས་ཕྱིར་འབུད་བྱ་རྒྱུ་སྟེ།

(གཅིག)ལྐོག་ཟ་རྔན་སྤྲོད་བྱས་རིགས་དང་།

            (གཉིས། )འགན་དབང་དང་གོ་གནས་ཀྱི་ཤུགས་རྐྱེན་ལ་བརྟེན་ནས་རང་ཉིད་དམ་མི་གཞན་ལ་སྒེར་ཕན་བསྒྲུབས་པ།    

            (གསུམ། )དམིགས་བསལ་གྱི་འབྲེལ་བ་ཐུག་སའི་སྐྱེ་བོས་སོ་སོའི་འགན་དབང་ངམ་གོ་གནས་ཀྱི་ཤུགས་རྐྱེན་ལ་བརྟེན་ནས་སྒེར་ཕན་སྒྲུབ་རིགས།གཏན་འབེབས་ལྟར་དམིགས་བསལ་གྱི་འབྲེལ་བ་ཡོད་པའི་སྐྱེ་བོས་སྒྲིག་འགལ་གྱིས་ལས་འགན་འཁུར་བ་དང་། ལས་འགན་གཅིག་ལྕོགས་སུ་འཁུར་བའམ་ཡང་ན་གཉེར་སྐྱོང་བྱེད་སྒོ་སྤེལ་བ་བཅས་ཡོ་བསྲང་མི་བྱེད་པ། གོ་གནས་ལེགས་སྒྲིག་བྱེད་པར་མི་ཉན་ན། གོ་གནས་ཕྱིར་འཐེན་བྱ་རྒྱུ།

དོན་ཚན་སོ་བཞི་པ། གཞུང་དབང་སྤྱོད་པར་གནོད་པའི་འབུལ་རྟེན། འབུལ་རྟེན་དངུལ། རིན་ལྡན་དངུལ་འཛིན་སོགས་ཀྱི་རྒྱུ་ནོར་ལེན་རིགས། ཐ་ཚིག་སྒྲོག་པ་དང་སྐྱོན་ཐོ་འགོད་པའམ་ཡང་ན་སྐྱོན་ཆེན་ཐོ་འགོད་བྱེད་པ། ཉེས་ཚབས་ཆེ་ཙམ་ཡིན་པར་རིམ་པ་འབེབས་པའམ་གནས་དབྱུང་གཏོང་རྒྱུ། ཉེས་ཚབས་ཆེ་རིགས་ཕྱིར་འབུད་བྱ་རྒྱུ།   

གཞུང་ཞབས་མི་སྣ་དང་དམིགས་བསལ་གྱི་འབྲེལ་བ་ཡོད་པའི་མིར་སྤྱི་པའི་དབང་ཆ་དྲང་གཞག་སྤྱོད་པར་ཤུགས་ རྐྱེན་ཐེབས་སྲིད་པའི་ལག་རྟགས་དང་། འབུལ་རྟེན་དངུལ། རིན་ལྡན་དངུལ་འཛིན་སོགས་ཀྱི་རྒྱུ་ནོར་འབུལ་སྤྲོད་བྱེད་རིགས། ཡང་ན་སྤྱི་པའི་དབང་ཆ་དྲང་གཞག་སྤྱོད་པར་ཤུགས་རྐྱེན་ཐེབས་སྲིད་པའི་གསོལ་སྟོན་དང་། ཡུལ་སྐོར། ལུས་སྦྱོང་། རོལ་རྩེད་སོགས་ཀྱི་བྱེད་སྒོའི་བཀོད་སྒྲིག་དང་ལེན་དང་མཁོ་འདོན་བྱས་པ། ཉེས་ཚབས་ཆེ་ཙམ་ཡིན་པར་ཐ་ཚིག་སྒྲོག་པ་དང་། སྐྱོན་ཐོ་འགོད་པ། སྐྱོན་ཆེན་ཐོ་འགོད་བཅས་བྱ་རྒྱུ་དང་། ཉེས་ཚབས་ཆེ་རིགས་ལ་རིམ་པ་འབེབས་པའམ་གནས་དབྱུང་གཏོང་རྒྱུ།

དོན་ཚན་སོ་ལྔ་པ། གཤམ་གསལ་གྱི་བྱ་སྤྱོད་ལས་རིགས་གཅིག་ཡོད་ཅིང་། ཉེས་ཚབས་ཆེ་ཙམ་ཡིན་པར་ཐ་ཚིག་སྒྲོག་པ་དང་སྐྱོན་ཐོ་འགོད་པའམ་ཡང་ན་སྐྱོན་ཆེན་ཐོ་འགོད་བཅས་བྱ་རྒྱུ་དང་།ཉེས་ཚབས་ཆེ་རིགས་ལ་རིམ་པ་འབེབས་པའམ་གནས་དབྱུང་གཏོང་རྒྱུ་སྟེ།

(གཅིག)གཏན་འབེབས་དང་འགལ་ཏེ་གླ་ཕོགས་སམ་ཕོགས་སྣོན་དང་། ཁ་གསབ། བྱ་དགའི་དངུལ་བཅས་གཏན་འབེབས་དང་འགྲེམ་གཏོང་བྱས་རིགས་དང་།

(གཉིས། )གཏན་འབེབས་དང་འགལ་ཏེ་གཞུང་དོན་སྣེ་ལེན་དང་། གཞུང་དོན་འགྲིམ་འགྲུལ། གྲོས་ཚོགས་ཀྱི་བྱེད་སྒོ། གཞུང་ལས་ཁང་དང་དེ་བཞིན་ལས་ཀ་དང་འཚོ་བའི་འགན་སྲུང་སོགས་ཐད་ཀྱི་ཚད་གཞི་དང་ཁྱབ་ཁོངས་ལས་བརྒལ་རིགས།

            (གསུམ། )གཏན་འབེབས་དང་འགལ་ཏེ་གཞུང་དངུལ་སྤྱད་དེ་འཛད་སྤྱོད་བྱས་རིགས་བཅས་ཡིན།

དོན་ཚན་སོ་དྲུག་པ། གཏན་འབེབས་དང་འགལ་ཏེ་ཁེ་གཉེར་རང་བཞིན་གྱི་བྱེད་སྒོ་སྤེལ་བའམ་དེའི་ནང་ཞུགས་པ། ཡང་ན་གཏན་འབེབས་དང་འགལ་ཏེ་ལས་འགན་གཅིག་ལྕོགས་སུ་འཁུར་བ་དང་ཐོབ་ཆ་བླངས་ན།ཐ་ཚིག་སྒྲོག་པ་དང་སྐྱོན་ཐོ་འགོད་པའམ་ཡང་ན་སྐྱོན་ཆེན་ཐོ་འགོད་བཅས་བྱ་རྒྱུ་དང་།ཉེས་ཚབས་ཆེ་ཙམ་ཡིན་པར་རིམ་པ་འབེབས་པའམ་གནས་ དབྱུང་གཏོང་རྒྱུ། ཉེས་ཚབས་ཆེ་རིགས་ཕྱིར་འབུད་བྱ་རྒྱུ།

དོན་ཚན་སོ་བདུན་པ།རུས་རྒྱུད་དམ་ནག་སྤྱོད་སྟོབས་ཤུགས་སོགས་ལ་བརྟེན་ནས་མང་ཚོགས་ལ་བརྙས་བཅོས་གཉའ་གནོན་བྱས།ཡང་ན་ནག་སྤྱོད་སྟོབས་ཤུགས་ཀྱི་བྱ་སྤྱོད་རྒྱ་ཡན་དུ་གཏོང་བ་དང་འགེབས་སྲུང་བྱས་རིགས་གནས་དབྱུང་གཏོང་རྒྱུ་དང་། ཉེས་ཚབས་ཆེ་རིགས་ཕྱིར་འབུད་བྱ་རྒྱུ།

དོན་ཚན་སོ་བརྒྱད་པ། གཤམ་གསལ་གྱི་བྱ་སྤྱོད་ལས་རིགས་གཅིག་ཡོད་ཅིང་། ཉེས་ཚབས་ཆེ་ཙམ་ཡིན་པར་ཐ་ཚིག་སྒྲོག་པ་དང་སྐྱོན་ཐོ་འགོད་པའམ་ཡང་ན་སྐྱོན་ཆེན་ཐོ་འགོད་བཅས་བྱ་རྒྱུ་དང་།ཉེས་ཚབས་ཆེ་རིགས་ལ་རིམ་པ་འབེབས་པའམ་གནས་དབྱུང་གཏོང་རྒྱུ་སྟེ།

           (གཅིག)གཏན་འབེབས་དང་འགལ་ནས་ཞབས་ཞུ་དོ་དམ་བྱ་ཡུལ་ནས་རྒྱུ་ནོར་བསྡུ་ལེན་དང་ཆ་གསེས་རྒྱག་པ་དང་།    

           (གཉིས། )དོ་དམ་དང་ཞབས་ཞུའི་བྱེད་སྒོ་སྤེལ་རིང་བསམ་བཞིན་དུ་རྙོག་དྲ་བཟོ་བ་དང་བཟའ་འཁྱེར་བཀག་ལེན་བྱེད་རིགས།

(གསུམ། )དོ་དམ་ཞབས་ཞུའི་བྱེད་སྒོའི་ཁྲོད་རྣམ་འགྱུར་ངན་པ། ངན་འབྲས་སམ་ཤུགས་རྐྱེན་ངན་པ་བཟོས་པ།

(བཞི། )གཏན་འབེབས་ལྟར་ལས་ཀའི་ཆ་འཕྲིན་ཡོངས་བསྒྲགས་མ་བྱས་པ། དོ་དམ་ཞབས་ཞུ་བྱ་ཡུལ་གྱི་གནས་ཚུལ་ཤེས་དབང་ལ་གནོད་འཚེ་བཏང་ནས་མཇུག་འབྲས་ངན་པའམ་ཡང་ན་ཤུགས་རྐྱེན་ངན་པ་བཟོས་རིགས།

(ལྔ། )དོ་དམ་དང་ཞབས་ཞུ་བྱ་ཡུལ་གྱི་ཁེ་ཕན་ལ་གནོད་འཚེ་བཏང་བའི་བྱ་སྤྱོད་གཞན་དག་བཅས་ཡིན།ངན་འབྲས་སམ་ཤུགས་རྐྱེན་ངན་པ་བཟོས་རིགས།གོང་གསལ་ནང་གསེས་ཉེས་ཚབས་ལྷག་པར་ཆེ་རིགས་ཕྱིར་འབུད་བྱ་རྒྱུ།

དོན་ཚན་སོ་དགུ་པ།གཤམ་གསལ་གྱི་བྱ་སྤྱོད་ལས་རིགས་གཅིག་ཡོད།མཇུག་འབྲས་ངན་པའམ་ཤུགས་རྐྱེན་ངན་པ་བཟོས་ན། ཐ་ཚིག་སྒྲོག་པ་དང་སྐྱོན་ཐོ་འགོད་པའམ་ཡང་ན་སྐྱོན་ཆེན་ཐོ་འགོད་བྱ་དགོས།ཉེས་ཚབས་ཆེ་ཙམ་ཡིན་པར་རིམ་པ་འབེབས་པའམ་གནས་དབྱུང་གཏོང་རྒྱུ། ཉེས་ཚབས་ཆེ་རིགས་ཕྱིར་འབུད་བྱ་རྒྱུ་སྟེ།

           (གཅིག)འགན་དབང་གང་བྱུང་དུ་སྤྱད་དེ་རྒྱལ་ཁབ་ཀྱི་ཁེ་ཕན་དང་སྤྱི་ཚོགས་ཀྱི་སྤྱི་པའི་ཁེ་ཕན་ལ་གནོད་འཚེ་བཏང་བའམ་སྤྱི་དམངས་དང་། ཁྲིམས་མི།རྩ་འཛུགས་གཞན་དག་བཅས་ཀྱི་ཁྲིམས་མཐུན་ཁེ་དབང་ལ་གནོད་འཚེ་བཏང་རིགས་དང་།

  (གཉིས། )འགན་འཁྲི་ལག་བསྟར་མི་བྱེད་པའམ་ཡང་ན་ལག་བསྟར་ཡང་དག་མི་བྱེད་པ།ལས་འགན་སྣང་མེད་ལྷོད་གཡེང་དུ་བཏང་ནས་ལས་ཀར་འཐུས་ཤོར་བྱུང་བ།

     (གསུམ། )ལས་ཀའི་ནང་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ཀྱི་སྤྱོད་ཚུལ་ཡོད་པ།

  (བཞི། )ལས་ཀའི་ཁྲོད་དུ་མི་བདེན་རྫུན་སྒྲིག་དང་། ཁྲིད་ནོར་དང་མགོ་སྐོར་གཏོང་བའི་བྱ་སྤྱོད་ཡོད་པ།

  (ལྔ། )རྒྱལ་ཁབ་ཀྱི་གསང་བ་དང་།ལས་ཀའི་གསང་བ་ཕྱིར་བསྒྲགས་པའམ་འགན་འཁྲི་སྒྲུབ་པའི་རྐྱེན་གྱིས་ཤེས་པའི་ཚོང་ལས་ཀྱི་གསང་བ་དང་མི་སྒེར་གྱི་གསང་བ་ཕྱིར་གྱར་རིགས་བཅས་ཡིན།

  དོན་ཚན་བཞི་བཅུ་པ། གཤམ་གསལ་གྱི་བྱ་སྤྱོད་ལས་རིགས་གཅིག་ཡོད་ན།ཐ་ཚིག་སྒྲོག་པ་དང་སྐྱོན་ཐོ་འགོད་པའམ་ཡང་ན་སྐྱོན་ཆེན་ཐོ་འགོད་བཅས་བྱ་རྒྱུ་དང་། ཉེས་ཚབས་ཆེ་ཙམ་ཡིན་པར་རིམ་པ་འབེབས་པའམ་གནས་དབྱུང་གཏོང་རྒྱུ། ཉེས་ཚབས་ཆེ་རིགས་ཕྱིར་འབུད་བྱ་རྒྱུ་སྟེ།

  (གཅིག)སྤྱི་ཚོགས་ཀྱི་སྤྱི་སྒྲིག་སྲོལ་བཟང་དང་འགལ་བ།མི་མང་འདུ་སར་ཚུལ་མིན་གྱི་བྱ་སྤྱོད་སྤེལ་ནས་ཤུགས་རྐྱེན་ ངན་པ་བཟོས་རིགས།

            (གཉིས། )རྨོངས་དད་ཀྱི་བྱེད་སྒོར་ཞུགས་པ་དང་ཡང་ན་རྒྱབ་སྐྱོར་བྱས་ནས་ཤུགས་རྐྱེན་ངན་པ་བཟོས་རིགས།

(གསུམ། )རྒྱན་འཛུགས་སུ་ཞུགས་རིགས།

(བཞི། )ཞབས་ཏོག་ཞུ་བ་དང་། གསོ་སྐྱོང་། གསོ་སྐྱོང་བཅས་བྱ་རྒྱུའི་འོས་འགན་མི་འཁུར་བའི་རིགས།

(ལྔ། )ཁྱིམ་ཚང་དུ་གཏུམ་སྤྱོད་སྤེལ་བ་དང་། ཁྱིམ་མིར་མནར་གཅོད་བཏང་བ་དང་། ཁྱིམ་མི་དོར་བ།    

(དྲུག)ཁྱིམ་ཚང་གི་སྤྱོད་བཟང་དང་སྤྱི་ཚོགས་ཀྱི་སྤྱོད་བཟང་དང་ཚབས་ཆེན་འགལ་བའི་བྱ་སྤྱོད་གཞན་དག་བཅས་ཡིན།

དུག་རྫས་འཐེན་པ་དང་དུག་ཁབ་རྒྱག་པ། རྒྱན་འཛུགས་སྒྲིག་འཛུགས་བྱེད་པ། སྨད་འཚོང་བ་དང་། འཆལ་པོ་རྒྱུག་པ། འདོད་ལོག་ཆགས་སྲེད་ཀྱི་སྤྱོད་ངན་བཅས་སྒྲིག་འཛུགས་དང་། རྒྱབ་སྐྱོར། དེའི་ནང་ཞུགས་པ་བཅས་བྱེད་མཁན་རྣམས་གནས་དབྱུང་གཏོང་རྒྱུའམ་ཡང་ན་ཕྱིར་འབུད་བྱ་རྒྱུ།

དོན་ཚན་ཞེ་གཅིག་པ།གཞུང་ལས་མི་སྣར་ཁྲིམས་འགལ་གྱི་བྱ་སྤྱོད་གཞན་དག་ཡོད་ཚེ་གཞུང་དོན་མི་སྣའི་གཟུགས་བརྙན་ལ་ཤུགས་རྐྱེན་བཟོ་བ་དང་རྒྱལ་ཁབ་དང་མི་དམངས་ཀྱི་ཁེ་ཕན་ལ་གནོད་འཚེ་བཏང་ཚེ་ཉེས་ཚབས་ཆེ་ཆུང་ལ་གཞིགས་ནས་དེ་མཚུངས་ཀྱི་སྲིད་དོན་ཆད་པ་བཅད་ཆོག

ལེའུ་བཞི་པ། སྲིད་དོན་ཆད་གཅོད་ཀྱི་གོ་རིམ།

དོན་ཚན་ཞེ་གཉིས་པ།ལྟ་ཞིབ་ལས་ཁུངས་ཀྱིས་ཁྲིམས་འགལ་དོགས་ཡོད་གཞུང་ལས་མི་སྣར་བརྟག་དཔྱད་བྱེད་སྐབས་ལས་བྱེད་མི་སྣ་གཉིས་ཡན་གྱིས་བྱེད་དགོས།ལྟ་ཞིབ་ལས་ཁུངས་ཀྱིས་བརྟག་དཔྱད་བྱེད་སྐབས་ཁྲིམས་ལྟར་འབྲེལ་ཡོད་སྡེ་ཚན་དང་མི་སྒེར་གྱི་ས་ནས་གནས་ཚུལ་རྩད་གཅོད་དང་། དཔང་རྟགས་འཚོལ་བསྡུ་དང་དཔྱད་ལེན་བྱེད་དབང་ཡོད། འབྲེལ་ཡོད་སྡེ་ཚན་དང་མི་སྒེར་གྱིས་གནས་ཚུལ་ཇི་མ་ཇི་བཞིན་འདོན་སྤྲོད་བྱ་དགོས།

འཇིགས་སྐུལ་དང་།བསླུ་བྲིད།མགོ་སྐོར་བཅས་དང་དེ་བཞིན་ཁྲིམས་འགལ་གྱི་བྱེད་ཐབས་གཞན་དག་ལ་བརྟེན་ནས་བདེན་དཔང་འཚོལ་བསྡུ་བྱེད་རིགས་གཏན་འགོག་བྱ་དགོས།ཁྲིམས་འགལ་གྱི་རྣམ་པའི་ཐོག་ནས་འཚོལ་བསྡུ་བྱས་པའི་དཔང་རྟགས་དེ་སྲིད་དོན་གྱི་ཆད་པ་གཅོད་པའི་གཞི་འཛིན་སར་བརྩི་མི་ཆོག

དོན་ཚན་ཞེ་གསུམ་པ།སྲིད་དོན་གྱི་ཆད་པ་གཅོད་རྒྱུའི་ཐག་མ་བཅད་གོང་།ལྟ་ཞིབ་ལས་ཁུངས་ཀྱིས་བརྟག་དཔྱད་བྱས་ནས་ངོས་འཛིན་བྱས་པའི་ཁྲིམས་འགལ་གྱི་དོན་དངོས་དང་སྲིད་དོན་གྱི་ཆད་པ་གཅོད་རྩིས་ཡོད་པའི་གཞི་འཛིན་ས་བརྟག་དཔྱད་བྱ་ཡུལ་ལ་གསལ་བཤད་བྱ་དགོས་པ་དང་།བརྟག་དཔྱད་བྱ་ཡུལ་གྱི་མིའི་ཞུ་འབུལ་དང་ཁུངས་སྐྱེལ་དག་འབུད་ཉན་འཇོག་བྱ་དགོས།དེའི་ཞུ་འབུལ་བྱས་པའི་དོན་དངོས་དང་།རྒྱུ་མཚན།བདེན་དཔང་བཅས་བདེན་མིན་ཞིབ་དཔྱད་བྱས་ནས་ཟིན་ཐོར་འགོད་དགོས།བརྟག་དཔྱད་བྱ་ཡུལ་གྱི་མིས་བཏོན་པའི་དོན་དངོས་དང་།རྒྱུ་མཚན།བདེན་དཔང་བཅས་ཁུངས་ བཙན་ཡིན་ན་དང་ལེན་བྱ་དགོས།བརྟག་དཔྱད་བྱ་ཡུལ་གྱི་མིས་དག་འབུད་བྱས་པའི་རྐྱེན་གྱིས་སྲིད་དོན་ཆད་པ་ལྗིད་དུ་བཏང་མི་ཆོག

དོན་ཚན་ཞེ་བཞི་པ།བརྟག་དཔྱད་མཇུག་བསྒྲིལ་རྗེས་ལྟ་ཞིབ་ལས་ཁུངས་ཀྱིས་གཤམ་གསལ་གྱི་གནས་ཚུལ་མི་འདྲ་བར་གཞིགས་ནས་སོ་སོར་ཐག་གཅོད་བྱ་དགོས་པ་སྟེ།

(གཅིག)སྲིད་དོན་གྱི་ཆད་པ་གཅོད་དགོས་པའི་ཁྲིམས་འགལ་གྱི་བྱ་སྤྱོད་ངོ་མ་ཡོད་པ།ཉེས་ཚབས་ཆེ་ཆུང་ལ་གཞིགས་ནས་སྲིད་དོན་ཆད་པ་གཅོད་རྒྱུའི་གཏན་འབེབས་དབང་མཚམས་ལྟར།གཏན་འབེབས་བྱས་པའི་ཞིབ་བཤེར་ཆོག་མཆན་འགོད་པའི་འགྲོ་ལུགས་འགྲིམས་རྗེས་སྲིད་དོན་ཆད་པ་གཅོད་རྒྱུའི་གྲོས་ཐག་གཅོད་རྒྱུ།

  (གཉིས། )ཁྲིམས་འགལ་གྱི་དོན་དངོས་ཁུངས་སྐྱེལ་མ་ཐུབ་ན་གྱོད་དོན་ཕྱིར་འཐེན་བྱ་རྒྱུ།

(གསུམ། )སྲིད་དོན་གྱི་ཆད་པ་གཅོད་པའི་ཆ་རྐྱེན་དང་མཐུན་པ་ཡིན་ན།སྲིད་དོན་གྱི་ཆད་པ་མི་གཅོད་པ་དང་མི་གཅོད་རྒྱུའི་ཐག་གཅོད་བྱ་རྒྱུ།

            (བཞི། )བརྟག་དཔྱད་བྱ་ཡུལ་གྱི་མིར་ཁྲིམས་འགལ་དང་ཉེས་གསོག་གི་བྱ་སྤྱོད་གཞན་དག་ཡོད་རིགས། བཅའ་ཁྲིམས་ལྟར་གཙོ་སྐྱོང་ལས་ཁུངས་ལ་ཐག་གཅོད་རྒྱུར་བསྐྱལ་དགོས།

དོན་ཚན་ཞེ་ལྔ་པ། སྲིད་དོན་གྱི་ཆད་པ་གཅོད་རྒྱུ་ཐག་བཅད་ན། སྲིད་དོན་ཆད་པ་གཅོད་པའི་ཆོད་ཡིག་བཟོ་དགོས།སྲིད་དོན་གྱི་ཆད་པ་བཅད་པའི་ཆོད་ཡིག་ནང་གཤམ་གསལ་གྱི་ནང་དོན་ཁག་འདུ་དགོས།

(གཅིག)ཆད་པ་ཕོག་མཁན་གྱི་རུས་མིང་དང་། ལས་ཀའི་སྡེ་ཚན། གོ་གནས་བཅས་དང་།

(གཉིས། )ཁྲིམས་འགལ་དོན་དངོས་དང་བདེན་དཔང་།

(གསུམ། )སྲིད་དོན་གྱི་ཆད་པ་གཅོད་པའི་རྣམ་གྲངས་དང་གཞི་འཛིན་ས།    

(བཞི། )སྲིད་དོན་ཆད་གཅོད་ཆོད་དོན་བློར་མ་བབས་པར་བསྐྱར་ཞིབ་དང་བསྐྱར་བཤེར་ཡོང་རེ་ཞུ་བའི་ཐབས་ལམ་དང་དུས་ཚད།

(ལྔ། )སྲིད་དོན་གྱི་ཆད་པ་གཅོད་མཁན་ལས་ཁུངས་ཀྱི་མིང་དང་ཚེས་གྲངས།སྲིད་དོན་ཆད་པ་བཅད་པའི་ཆོད་ཡིག་ཏུ་ཆོད་དོན་འཇོག་མཁན་ལྟ་ཞིབ་ལས་ཁུངས་ཀྱི་ཐམ་ཀ་རྒྱག་དགོས།

དོན་ཚན་ཞེ་དྲུག་པ།སྲིད་དོན་གྱི་ཆད་པ་བཅད་པའི་ཆོད་ཡིག་དུས་ཐོག་ཏུ་ཆད་པ་ཕོག་མཁན་དང་ཆད་པ་ཕོག་མཁན་གནས་སའི་ལས་ཁུངས་དང་སྡེ་ཚན་ལ་སྐྱེལ་སྤྲོད་བྱ་དགོས་པ་དང་།ཁྱབ་ཁོངས་ངེས་ཅན་ཞིག་གི་ནང་ཁྱབ་བསྒྲགས་བྱ་དགོས།

སྲིད་དོན་ཆད་པ་གཅོད་རྒྱུའི་ཆོད་དོན་བཞག་རྗེས།ལྟ་ཞིབ་ལས་ཁུངས་ཀྱིས་ཆད་པ་ཕོག་མཁན་གྱི་ཐོབ་ཐང་དངོས་ལ་གཞིགས་ནས་འབྲེལ་ཡོད་ལས་ཁུངས་དང་སྡེ་ཚན་ལ་ཡིག་ཐོག་ནས་བརྡ་སྦྱོར་བྱ་དགོས།

དོན་ཚན་ཞེ་བདུན་པ།གཞུང་དོན་སྒྲུབ་མཁན་གྱི་ཁྲིམས་འགལ་གྱོད་གཞི་བརྟག་དཔྱད་དང་ཐག་གཅོད་བྱེད་པར་ཞུགས་པའི་མི་སྣར་གཤམ་གསལ་གནས་ཚུལ་ལས་རིགས་གཅིག་བྱུང་། རང་འགུལ་གྱིས་གཟུར་གཡོལ་བྱ་དགོས།

            (གཅིག)བརྟག་དཔྱད་བྱ་ཡུལ་གྱི་མིའམ་ཉེས་སྐྱོན་ཐེར་འདོན་བྱེད་མཁན་གྱི་གཉེན་ཉེ་ཡིན་པ་དང་།

(གཉིས། )གྱོད་དོན་དེ་ཉིད་ཀྱི་དཔང་པོ་བྱེད་མྱོང་མཁན།

            (གསུམ། )བརྟག་དཔྱད་བྱས་པའི་གྱོད་དོན་དང་རང་ཉིད་དམ་རང་གི་གཉེན་ཉེ་ཁེ་གྱོང་གི་འབྲེལ་བ་ཡོད་པ།    

            (བཞི། )གྱོད་དོན་དྲང་གཞག་ངང་བརྟག་དཔྱད་དང་ཐག་གཅོད་བྱེད་པར་ཤུགས་རྐྱེན་ཐེབས་སྲིད་པའི་གནས་ཚུལ་གཞན་དག་བཅས་ཡིན།

དོན་ཚན་ཞེ་བརྒྱད་པ།ལྟ་ཞིབ་ལས་ཁུངས་ཀྱི་འགན་འཁུར་པས་གཟུར་གཡོལ་བྱ་དགོས་མིན་གོང་རིམ་ལྟ་ཞིབ་ལས་ཁུངས་ཀྱིས་ཐག་གཅོད་རྒྱུ་དང་།ཁྲིམས་འགལ་གྱི་གྱོད་དོན་བརྟག་དཔྱད་དང་ཐག་གཅོད་བྱེད་པར་ཞུགས་པའི་མི་སྣ་གཞན་དག་གཟུར་གཡོལ་བྱ་དགོས་མིན་ནི་ལྟ་ཞིབ་ལས་ཁུངས་ཀྱི་འགན་འཁུར་པས་ཐག་གཅོད་རྒྱུ།    

ལྟ་ཞིབ་ལས་ཁུངས་སམ་གོང་རིམ་ལྟ་ཞིབ་ལས་ཁུངས་ཀྱིས་ཁྲིམས་འགལ་གྱི་གྱོད་གཞིར་བརྟག་དཔྱད་དང་ཐག་གཅོད་བྱེད་པར་ཞུགས་པའི་མི་སྣ་ཟུར་གཡོལ་བྱ་དགོས་པའི་གནས་ཚུལ་ཡོད་པ་ཤེས་ཚེ།ཐད་ཀར་མི་སྣ་དེ་ཟུར་བྱོལ་བྱ་རྒྱུའི་ཐག་གཅོད་བྱས་ཆོག

དོན་ཚན་ཞེ་དགུ་པ། ཁྲིམས་ལྟར་གཞུང་དོན་སྒྲུབ་མཁན་ལ་ཉེས་འགན་བདའ་འདེད་བྱས་ན།ལྟ་ཞིབ་ལས་ཁུངས་ཀྱིས་ཁྲིམས་འཛིན་ལས་ཁུངས་ཀྱི་ནུས་པ་ཐོན་པའི་དཔྱད་མཚམས་དང་། བཀའ་བཅད། ཆོད་དོན། དེ་བཞིན་ངོས་འཛིན་བྱས་པའི་དོན་དངོས་དང་གནས་ཚུལ་བཅས་ལ་གཞིགས་ནས་བཅའ་ཁྲིམས་འདིའི་གཏན་འབེབས་ལྟར་སྲིད་དོན་གྱི་ཆད་པ་གཅོད་དགོས།

   གཞུང་དོན་སྒྲུབ་མཁན་ལ་ཁྲིམས་ལྟར་སྲིད་འཛིན་གྱི་ཆད་པ་གཅོད་དགོས།སྲིད་དོན་གྱི་ཆད་པ་གཅོད་དགོས་རིགས་ལ་ལྟ་ཞིབ་ལས་ཁུངས་ཀྱིས་སྲིད་འཛིན་ཐོག་གི་ཆད་གཅོད་ཆོད་དོན་ལྟར་ངོས་འཛིན་གཏན་འཁེལ་བྱས་པའི་དོན་དངོས་དང་ཉེས་ཚབས།གྱོད་དོན་ཐོ་འགོད་བྱས་ནས་བརྟག་དཔྱད་ཞིབ་བསྡུར་བྱས་རྗེས་བཅའ་ཁྲིམས་འདི་གཞིར་བཟུང་ནས་སྲིད་དོན་གྱི་ཆད་པ་གཅོད་རྒྱུ།     

ལྟ་ཞིབ་ལས་ཁུངས་ཀྱིས་དོན་ཚན་འདིའི་ནང་གསེས་དོན་ཚན་དང་པོ་དང་གཉིས་པའི་གཏན་འབེབས་ལྟར་སྲིད་དོན་གྱི་ཆད་པ་བཅད་རྗེས།ཁྲིམས་འཛིན་ལས་ཁུངས་དང་སྲིད་འཛིན་ལས་ཁུངས་ཀྱིས་ཁྲིམས་ལྟར་དེ་སྔའི་ཁྲིམས་ནུས་ཐོན་པའི་དཔྱད་མཚམས་དང་བཀའ་བཅད།ཆོད་དོན་སོགས་བསྒྱུར་བཅོས་བྱས།དེ་སྔའི་སྲིད་དོན་ཆད་པ་གཅོད་པའི་ཆོད་དོན་ལ་ཤུགས་རྐྱེན་ཐེབས་ན།ལྟ་ཞིབ་ལས་ཁུངས་ཀྱིས་བསྒྱུར་བཅོས་བྱས་རྗེས་ཀྱི་དཔྱད་མཚམས་དང་བཀའ་བཅད།ཆོད་དོན་སོགས་ལ་གཞིགས་ནས་བསྐྱར་དུ་བབ་མཚུངས་ཀྱི་ཐག་གཅོད་བྱ་དགོས།

དོན་ཚན་ལྔ་བཅུ་པ།མི་དམངས་འཐུས་མིའི་ཚོགས་ཆེན་རིམ་པ་ཁག་དང་རྫོང་རིམ་པ་ཡན་གྱི་མི་དམངས་འཐུས་ མིའི་ཚོགས་ཆེན་རིམ་པ་ཁག་གི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་འདེམས་བསྐོ་བྱས་པའམ་ཡང་ན་བསྐོ་གཞག་གི་ཆོད་དོན་ བཞག་པའི་གཞུང་ཞབས་མི་སྣར་ལྟ་ཞིབ་ལས་ཁུངས་ཀྱིས་གོ་གནས་ཕྱིར་འཐེན་དང་ཕྱིར་འབུད་བྱས། སྔོན་ལ་ཁྲིམས་ལྟར་དེའི་གོ་གནས་གནས་དབྱུང་དང་།ཕྱིར་འཐེན།ཡང་ན་གནས་དབྱུང་གཏོང་དགོས་པ་དང་།དེ་ནས་ཁྲིམས་ལྟར་སྲིད་དོན་ཆད་པ་གཅོད་རྒྱུའི་ཆོད་དོན་འཇོག་དགོས།     

ཀྲུང་གོའི་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུའི་ཨུ་ཡོན་ལྷན་ཁང་རིམ་པ་ཁག་གི་ཚང་འཛོམས་གྲོས་ཚོགས་སམ་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་འདེམས་བསྐོ་བྱས་པའམ་ཡང་ན་བསྐོ་གཞག་གཏན་འཁེལ་བྱས་པའི་གཞུང་ཞབས་པར་ལྟ་ཞིབ་ལས་ཁུངས་ཀྱིས་གནས་དབྱུང་གཏོང་བ།སྔོན་ལ་སྒྲིག་ཡིག་ལྟར་དེའི་གོ་གནས་འཐེན་དགོས་པ་དང་།དེ་ནས་ཁྲིམས་ལྟར་སྲིད་དོན་ཆད་པ་གཅོད་རྒྱུའི་ཆོད་དོན་འཇོག་དགོས།

མི་དམངས་འཐུས་མིའི་ཚོགས་ཆེན་རིམ་པ་ཁག་གི་འཐུས་མི་དང་།ཀྲུང་གོའི་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུའི་ཨུ་ཡོན་ལྷན་ཁང་རིམ་པ་ཁག་གི་ཨུ་ཡོན་ལ་ལྟ་ཞིབ་ལས་ཁུངས་ཀྱིས་སྲིད་དོན་གྱི་ཆད་པ་བཅད།འབྲེལ་ཡོད་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་། ཞང་དང་། མི་རིགས་ཞང་།གྲོང་རྡལ་བཅས་ཀྱི་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་ཀྲུའུ་ཞིའི་ཚོགས་པའམ་ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་བརྡ་ཁྱབ་གཏོང་དགོས།

དོན་ཚན་ང་གཅིག་པ།འོག་རིམ་ལྟ་ཞིབ་ལས་ཁུངས་ཀྱིས་གོང་རིམ་ལྟ་ཞིབ་ལས་ཁུངས་ཀྱི་དམིགས་འཛུགས་བདག་ཁོངས་ཆོད་དོན་ལྟར་བརྟག་དཔྱད་བྱེད་པའི་གྱོད་དོན་ལ་བརྟག་དཔྱད་མཇུག་བསྒྲིལ་རྗེས་ལྟ་ཞིབ་ལས་ཁུངས་དེ་གའི་བདག་སྐྱོང་བྱེད་ཁོངས་སུ་མི་གཏོགས་པའི་ལྟ་ཞིབ་བྱ་ཡུལ་ཡིན་ཕྱིན།དོ་དམ་དབང་ཚད་ཡོད་པའི་ལྟ་ཞིབ་ལས་ཁུངས་ལ་ཁྲིམས་ལྟར་སྲིད་དོན་ཆད་པ་གཅོད་རྒྱུའི་ཐག་གཅོད་བྱ་རྒྱུར་སྤྲོད་དགོས།

དོན་ཚན་ང་གཉིས་པ།གཞུང་དོན་སྒྲུབ་མཁན་ལ་ཁྲིམས་དང་འགལ་བའི་དོགས་གཞི་ཡོད།གྱོད་དོན་ཐོ་འགོད་ཀྱིས་ བརྟག་དཔྱད་བྱས་ཤིང་།འགན་འཁྲི་མུ་མཐུད་སྒྲུབ་མི་འོས་པའི་རིགས་ལ།གཞུང་དོན་སྒྲུབ་མཁན་བསྐོ་འཐེན་ལས་ཁུངས་དང་སྡེ་ཚན་གྱིས་དེར་གནས་སྐབས་འགན་འཁྲི་སྒྲུབ་མཚམས་འཇོག་ཏུ་འཇུག་རྒྱུའི་ཐག་བཅད་ཆོག

གཞུང་དོན་སྒྲུབ་མཁན་གྱིས་གྱོད་དོན་ཐོ་འགོད་ཀྱིས་བརྟག་དཔྱད་བྱེད་རིང་།ལྟ་ཞིབ་ལས་ཁུངས་ཀྱི་མོས་མཐུན་མ་ཐོབ་པར་རྒྱལ་ཁོངས་ལས་ཐོན་པ་དང་ལས་ཞབས་དགོངས་ཞུ་བྱས་མི་ཆོག  བརྟག་དཔྱད་བྱ་ཡུལ་གཞུང་ལས་མི་སྣ་གནས་སའི་ལས་ཁུངས་དང་། སྡེ་ཚན། དེ་བཞིན་གོང་རིམ་ལས་ཁུངས། སྡེ་ཚན་བཅས་ཀྱིས་དེ་དག་བརྗེ་རེས་དང་། གནས་སྤར། བྱ་དགའ། ཆད་གཅོད་བཅས་བྱེད་པའམ་ཡང་ན་ལས་འཁྱུར་ངལ་གསོའི་འགྲོ་ལུགས་འགྲིམས་མི་ཆོག

དོན་ཚན་ང་གསུམ་པ།ལྟ་ཞིབ་ལས་ཁུངས་ཀྱིས་བརྟག་དཔྱད་བྱེད་རིང་གཞུང་ལས་མི་སྣར་ཉེས་སྐྱོན་ཐེར་འདོན་དང་ཞུ་གཏུག་གམ་སྙོན་འཛུགས་ཞུ་གཏུག་དང་མ་ཉེས་ཁག་གཡོགས་བྱུང་ནས་ཤུགས་རྐྱེན་ངན་པ་བཟོས་ན་གཏན་འབེབས་ལྟར་དུས་ཐོག་ཏུ་དོན་དངོས་གསལ་པོ་བཟོ་དགོས། མིང་གྲགས་སླར་གསོ། ཤུགས་རྐྱེན་ངན་པ་མེད་པར་བཟོ་བ།

དོན་ཚན་ང་བཞི་པ།གཞུང་དོན་མི་སྣར་སྲིད་དོན་གྱི་ཆད་པ་ཕོག་ན།སྲིད་དོན་གྱི་ཆད་པ་གཅོད་པའི་ཆོད་ཡིག་དེ་རང་ཉིད་ཀྱི་ཡིག་ཚགས་སུ་བཅོལ་དགོས།རིམ་པ་འབེབས་པ་ཡན་གྱི་སྲིད་དོན་ཆད་པ་ཕོག་རིགས་ལ་མི་དོན་སྡེ་ཚན་གྱིས་དོ་དམ་དབང་ཚད་གཞིར་བཟུང་སྲིད་དོན་ཆད་པ་བཅད་རྗེས་ཀྱི་ཟླ་བ་གཅིག་གི་ནང་གོ་གནས་དང་། གླ་ཕོགས། དེ་བཞིན་འབྲེལ་ཡོད་ཐོབ་ཐང་སོགས་བསྒྱུར་བའི་འགྲོ་ལུགས་གཉེར་དགོས།དམིགས་བསལ་གྱི་གནས་ཚུལ་བྱུང་ན་ཆོག་མཆན་ཐོབ་རྗེས་སྒྲུབ་ཡུན་འོས་འཚམ་གྱིས་བསྲིངས་ཆོག  འོན་ཀྱང་ཆེས་རིང་ནའང་ཟླ་དྲུག་ལས་བརྒལ་མི་ཆོག

ལེའུ་ལྔ་པ། བསྐྱར་ཞིབ་དང་བསྐྱར་ཞིབ།

དོན་ཚན་ང་ལྔ་པ།ལྟ་ཞིབ་ལས་ཁུངས་ཀྱིས་རང་ཉིད་དང་འབྲེལ་བ་ཡོད་པའི་སྲིད་དོན་ཆད་པ་གཅོད་རྒྱུའི་ཆོད་དོན་རིགས་གཞུང་ལས་པས་བློར་མ་བབས་ན་ཁྲིམས་ལྟར་ཆོད་དོན་འཇོག་མཁན་ལྟ་ཞིབ་ལས་ཁུངས་ལ་བསྐྱར་ཞིབ་ཡོང་རེ་ཞུས་ཆོག  གཞུང་ཞབས་མི་སྣས་བསྐྱར་ཞིབ་བྱས་འབྲས་ལ་བློ་མོས་མ་བྱུང་ཚེ་རང་ལས་རིམ་པ་གཅིག་གིས་མཐོ་བའི་ལྟ་ཞིབ་ལས་ཁུངས་ལ་བསྐྱར་ཞིབ་ཡོང་རེ་ཞུས་ཆོག    ལྟ་ཞིབ་ལས་ཁུངས་ཀྱིས་རང་ངོས་ལས་ཁུངས་སམ་ཡང་ན་འོག་རིམ་ལྟ་ཞིབ་ལས་ཁུངས་ཀྱིས་སྲིད་དོན་ཆད་པ་བཅད་པའི་ཆོད་དོན་ལ་དངོས་གནས་ནོར་འཁྲུལ་ཡོད་པ་ཤེས་ཚེ།དུས་ཐོག་ཏུ་ཡོ་བསྲང་བྱ་དགོས་པའམ་འོག་རིམ་ལྟ་ཞིབ་ལས་ཁུངས་ལ་དུས་ཐོག་ཏུ་ཡོ་བསྲང་བྱེད་འགན་དཀྲི་དགོས།

དོན་ཚན་ང་དྲུག་པ།བསྐྱར་ཞིབ་དང་བསྐྱར་བཤེར་བྱེད་རིང་དེ་སྔའི་སྲིད་དོན་གྱི་ཆད་པ་བཅད་དོན་ལག་བསྟར་བྱེད་མཚམས་མི་འཇོག་རྒྱུ།གཞུང་དོན་སྒྲུབ་མཁན་གྱིས་བསྐྱར་ཞིབ་དང་བསྐྱར་བཤེར་བྱས་པའི་རྐྱེན་གྱིས་སྲིད་དོན་ཆད་པ་ལྗིད་དུ་མི་གཏོང་།

དོན་ཚན་ང་བདུན་པ།གཤམ་གསལ་གྱི་གནས་ཚུལ་ལས་རིགས་གཅིག་ཡོད།བསྐྱར་ཞིབ་དང་བསྐྱར་བཤེར་ལས་ཁུངས་ ཀྱིས་དེ་སྔའི་སྲིད་དོན་གྱི་ཆད་པ་བཅད་དོན་ཕྱིར་འཐེན་བྱས་ནས་བསྐྱར་དུ་གྲོས་ཐག་གཅོད་པའམ་དེ་སྔའི་ཆོད་དོན་འཇོག་མཁན་ལྟ་ཞིབ་ལས་ཁུངས་ལ་བསྐྱར་དུ་གྲོས་ཐག་གཅོད་འགན་དཀྲི་དགོས་པ་སྟེ།     

(གཅིག)སྲིད་དོན་ཆད་གཅོད་བྱེད་སྐབས་གཞི་འཛིན་སའི་ཁྲིམས་འགལ་དོན་དངོས་ཁ་གསལ་མེད་པའམ་ཡང་ན་དཔང་རྟགས་ཁུངས་བཙན་མེད་པ་དང་།

         (གཉིས། )ཁྲིམས་བཀོད་གོ་རིམ་དང་འགལ་ཏེ་གྱོད་གཞི་ཐག་གཅོད་དྲང་གཞག་བྱེད་པར་འགོག་རྐྱེན་བཟོས་རིགས།    

         (གསུམ། )འགན་དབང་ལས་བརྒལ་བའམ་འགན་དབང་གང་བྱུང་དུ་སྤྱད་དེ་སྲིད་དོན་གྱི་ཆད་པ་གཅོད་རྒྱུའི་ཆོད་དོན་བཞག་རིགས་བཅས་ཡིན།

         དོན་ཚན་ང་བརྒྱད་པ།གཤམ་གསལ་གྱི་གནས་ཚུལ་ལས་རིགས་གཅིག་ཡོད་ན།བསྐྱར་ཞིབ་དང་བསྐྱར་བཤེར་ལས་ཁུངས་ཀྱིས་དེ་སྔའི་སྲིད་དོན་ཆད་པ་བཅད་དོན་བསྒྱུར་བཅོས་བྱེད་པའམ་ཡང་ན་དེ་སྔའི་ཆོད་དོན་འཇོག་མཁན་ལྟ་ཞིབ་ལས་ཁུངས་ལ་བསྒྱུར་བཅོས་བྱེད་འགན་དཀྲི་དགོས་པ་སྟེ།

        (གཅིག)བཅའ་ཁྲིམས་དང་ཁྲིམས་སྲོལ་འོས་སྤྱོད་བྱེད་པར་དངོས་གནས་ནོར་འཁྲུལ་ཡོད་རིགས་དང་།    

        (གཉིས། )ཁྲིམས་འགལ་བྱ་སྤྱོད་ཀྱི་ཉེས་ཚབས་ཆེ་ཆུང་ངོས་འཛིན་གཏན་འཁེལ་བྱེད་པར་དངོས་གནས་ནོར་འཁྲུལ་ཡོད་རིགས།

        (གསུམ། )སྲིད་དོན་གྱི་ཆད་པ་འཚམ་པོ་མ་བྱུང་བའི་རིགས་བཅས་ཡིན།

         དོན་ཚན་ང་དགུ་པ།བསྐྱར་ཞིབ་དང་བསྐྱར་བཤེར་ལས་ཁུངས་ཀྱིས་སྲིད་དོན་གྱི་ཆད་པ་བཅད་པའི་ཆོད་དོན་ནང་གཏན་འཁེལ་བྱས་པའི་དོན་དངོས་ཁ་གསལ་འདུག་སྙམ། བཅའ་ཁྲིམས་ཡང་དག་པ་སྤྱད་རིགས་སྲུང་འཛིན་བྱ་དགོས།

         དོན་ཚན་དྲུག་ཅུ་པ།གཞུང་ལས་པའི་སྲིད་དོན་ཆད་པ་གཅོད་རྒྱུའི་ཆོད་དོན་བསྒྱུར་ན་གཞུང་དོན་ལས་སྒྲུབ་པ་དེའི་གོ་གནས་དང་། གོ་རིམ། ཐོབ་ཐང་རིམ་པ། རིམ་པ། ལས་གནས། ལས་བྱེད་ལས་པའི་རིམ་པའམ་གླ་ཕོགས་ཐོབ་ཐང་སོགས་སྙོམ་སྒྲིག་བྱ་དགོས་རིགས། གཏན་འབེབས་ལྟར་སྙོམ་སྒྲིག་བྱ་དགོས། སྲིད་དོན་གྱི་ཆད་པ་བཅད

དོན་ཕྱིར་འཐེན་བྱས་པ་ཡིན། གཞུང་ལས་པ་དེའི་རིམ་པ་དང་ཕོགས་ཐོབ་ཀྱི་ཐོབ་ཐང་བསྐྱར་གསོ་བྱ་དགོས་ཤིང་། དེ་སྔའི་གོ་གནས་དང་། གོ་རིམ། ཐོབ་ཐང་རིམ་པ། ལས་གནས། ལས་བཟོ་པའི་རིམ་པ་བཅས་ལ་གཞིགས་ནས་བབ་མཚུངས་ཀྱི་གོ་གནས་དང་། གོ་རིམ། ཐོབ་ཐང་རིམ་པ།ལས་བཟོ་པའི་རིམ་པ་བཅས་བཀོད་སྒྲིག་བྱ་དགོས།དེ་སྔའི་སྲིད་དོན་ཆད་གཅོད་ཆོད་དོན་སྤྱི་བསྒྲགས་བྱེད་ཁོངས་སུ་ དེའི་མིང་གྲགས་སླར་གསོ་བྱ་དགོས།རྒྱུ་ནོར་གཞུང་བཞེས་དང་བདའ་འདེད་ཁྲིམས་སྦྱོར་བྱས་པའི་ནོར་འཁྲུལ་ཡིན་ན། ཁྲིམས་ལྟར་ཕྱིར་སློག་དང་སྐྱིན་ཚབ་སྤྲོད་དགོས།    གཞུང་ལས་མི་སྣར་བཅའ་ཁྲིམས་འདིའི་དོན་ཚན་ང་བདུན་པ་དང་ང་བརྒྱད་པའི་ནང་གཏན་ལ་ཕབ་

པའི་གནས་ཚུལ་ཡོད་པའི་དབང་གིས་སྲིད་དོན་གྱི་ཆད་པ་ཕྱིར་འཐེན་བྱས་པའམ་ཡང་ན་སྲིད་དོན་གྱི་ཆད་པ་བཅའ་ཡང་དུ་བཏང་། གླ་ཕོགས་དང་ཐོབ་ཐང་ལ་ཐེབས་པའི་གྱོང་གུན་ལ་གུན་གསབ་བྱ་དགོས།

ལེའུ་དྲུག་པ། ཁྲིམས་འབྲེལ་ཁུར་འཁྲིའི་སྐོར།

དོན་ཚན་རེ་གཅིག་པ།འབྲེལ་ཡོད་ལས་ཁུངས་དང་སྡེ་ཚན་གྱིས་རྒྱུ་མཚན་ཁུངས་འཕེར་མེད་པར་ལྟ་ཞིབ་ཀྱི་གྲོས་འགོ་དང་ལེན་མ་བྱས་ན།དེའི་གོང་རིམ་ལས་ཁུངས་དང་གཙོ་སྐྱོང་སྡེ་ཁག་གིས་ཡོ་བསྲང་བྱེད་འགན་དཀྲི།ལས་ཁུངས་དང་སྡེ་ཚན་དེར་བརྡ་ཁྱབ་ཐོག་ནས་སྐྱོན་བརྗོད་བྱ་རྒྱུ་དང་།འགན་འཁྲི་ཡོད་པའི་འགོ་ཁྲིད་མི་སྣ་དང་ཁག་འགན་ཐད་ཀར་འཁུར་དགོས་མིར་ཁྲིམས་ལྟར་ཆད་པ་གཅོད་རྒྱུ།

དོན་ཚན་རེ་གཉིས་པ།འབྲེལ་ཡོད་ལས་ཁུངས་དང་།སྡེ་ཚན།རྩ་འཛུགས་སམ་ཡང་ན་མི་སྣ་བཅས་ལ་གཤམ་གསལ་ གནས་ཚུལ་ལས་རིགས་གཅིག་བྱུང་། གོང་རིམ་ལས་ཁུངས་དང་གཙོ་སྐྱོང་སྡེ་ཁག བསྐོ་འཐེན་ལས་ཁུངས་དང་སྡེ་ཚན་ནམ་ཡང་ན་ལྟ་ཞིབ་ལས་ཁུངས་ཀྱིས་ཡོ་བསྲང་བྱེད་འགན་དཀྲི་རྒྱུ་དང་། ཁྲིམས་ལྟར་ཐག་གཅོད་བྱ་རྒྱུ་སྟེ།

(གཅིག)སྲིད་དོན་ཆད་གཅོད་ཆོད་དོན་ལག་བསྟར་གཏན་ནས་མི་བྱེད་པ་དང་།

(གཉིས། )བརྟག་དཔྱད་བྱེད་པར་གཞོགས་འདེགས་མི་བྱེད་པའམ་ཡང་ན་བཀག་འགོག་བྱེད་པ།

(གསུམ། )ཐེར་འདོན་བྱེད་མཁན་དང་།དཔང་པོའམ་ཡང་ན་བརྟག་དཔྱད་བྱེད་མཁན་བཅས་ལ་རྡུང་རྡེག་འཁོན་སློག་བྱས་རིགས།

            (བཞི། )གཞུང་དོན་སྒྲུབ་མཁན་ལ་སྙོན་འཛུགས་སྙན་འབུལ་དང་མ་ཉེས་ཁག་གཡོགས་བྱས་རིགས།

   (ལྔ། )བཅའ་ཁྲིམས་འདིའི་གཏན་འབེབས་དང་འགལ་བའི་གནས་ཚུལ་གཞན་དག་བཅས་ཡིན།

དོན་ཚན་རེ་གསུམ་པ།ལྟ་ཞིབ་ལས་ཁུངས་དང་དེའི་ལས་བྱེད་མི་སྣར་གཤམ་གསལ་གྱི་གནས་ཚུལ་ལས་རིགས་གཅིག་ཡོད་ན་

(གཅིག)གཏན་འབེབས་ལས་འགལ་ཏེ་གནད་དོན་གྱི་ཁུངས་སྣེ་ཐག་གཅོད་བྱས་པ།    

(གཉིས། )བརྟག་དཔྱད་ལས་ཀའི་ཆ་འཕྲིན་རྐུ་ཁྱེར་དང་ཕྱིར་བསྒྲགས་བྱས་པའམ་ཡང་ན་ཐེར་འདོན་དོན་གནད་དང་། ཐེར་འདོན་བདག་སྤྲོད་བྱས་ཚུལ། ཐེར་འདོན་བྱེད་མཁན་གྱི་ཆ་འཕྲིན་བཅས་ཕྱིར་བསྒྲགས་བྱས་རིགས།    

(གསུམ། )བརྟག་དཔྱད་བྱ་ཡུལ་གྱི་མིའམ་གྱོད་འབྲེལ་མི་སྣར་བཙན་ཤེད་ཀྱིས་ངོས་ལེན་བྱེད་དུ་བཅུག་པ་དང་བསླུ་བྲིད་ཀྱིས་ངོས་ལེན་བྱེད་དུ་བཅུག་པ། ཡང་ན་བརྙས་བཅོས་དང་། ཉེས་རྡུང་དང་གཤེ་གཤེ་གཏོང་བ། མནར་གཅོད་གཏོང་བ།ལུས་ཆད་གཅོད་པའམ་ཡང་ན་རྣམ་པ་འགྱུར་བའི་ལུས་ཆད་གཅོད་པ།

            (བཞི། )བརྟག་དཔྱད་བྱ་ཡུལ་གྱི་མིའམ་གྱོད་འབྲེལ་མི་སྣའི་རྒྱུ་དངོས་དང་དེ་བཞིན་ཁེ་ཕན་གཞན་དག་བླངས་པ།

(ལྔ)གཏན་འབེབས་ལས་འགལ་ཏེ་གྱོད་འབྲེལ་རྒྱུ་ནོར་ཐག་གཅོད་བྱེད་པ།

(དྲུག)གཏན་འབེབས་དང་འགལ་ནས་བརྟག་དཔྱད་བྱེད་ཐབས་སྤྱད་རིགས། 

(བདུན)འགན་དབང་ངམ་ཡང་ན་གོ་གནས་ཀྱི་ཤུགས་རྐྱེན་ལ་བརྟེན་ནས་བརྟག་དཔྱད་ལས་དོན་ལ་ཐེ་ཇུས་བྱེད་པ་དང་གྱོད་གཞིར་བརྟེན་ནས་སྒེར་དོན་གཉེར་རིགས། 

(བརྒྱད)གཏན་འབེབས་ལས་འགལ་ཏེ་གྱོད་གཞི་སྒྲུབ་གཉེར་གྱི་བདེ་འཇགས་ལས་འཛོལ་ཐོན་པའམ་ཡང་ན་བདེ་འཇགས་ལས་འཛོལ་ཐོན་རྗེས་སྦ་གསང་བྱས་ནས་སྙན་སེང་མི་ཞུ་བ་དང་། སྙན་སེང་དོན་དངོས་དང་མི་མཐུན་པ།ཐག་གཅོད་འཚམ་པོ་མེད་པ་བཅས་ཀྱི་རིགས།

            (དགུ། )གཟུར་གཡོལ་སོགས་གོ་རིམ་གྱི་གཏན་འབེབས་དང་འགལ་ནས་ཤུགས་རྐྱེན་ངན་པ་བཟོས་རིགས།

            (བཅུ། )གཞུང་དོན་སྒྲུབ་མཁན་གྱི་བསྐྱར་ཞིབ་དང་བསྐྱར་ཞིབ་ཁྲིམས་ལྟར་བདག་སྤྲོད་དང་ཐག་གཅོད་མི་བྱེད་པ།

(བཅུ་གཅིག)འགན་དབང་གང་བྱུང་དུ་སྤྱོད་པ་དང་། རང་འཁྲིའི་ལས་འགན་སྣང་མེད་དུ་འཇོག་པ། ཉེར་ཕྱོགས་གཡོ་ཟོལ་བཅས་བྱེད་པའི་བྱ་སྤྱོད་གཞན་དག་བཅས་ཡིན།

དོན་ཚན་རེ་བཞི་པ།བཅའ་ཁྲིམས་འདིའི་གཏན་འབེབས་དང་འགལ་ཏེ་བྱས་ཉེས་སུ་གྲུབ་རིགས་ལ་ཁྲིམས་ལྟར་ཉེས་འགན་བདའ་འདེད་གཏོང་རྒྱུ།

ལེའུ་བདུན་པ། ཞར་བྱུང་དོན་ཚན།

དོན་ཚན་རེ་ལྔ་པ།རྒྱལ་སྲིད་སྤྱི་ཁྱབ་ཁང་དང་དེའི་འབྲེལ་ཡོད་གཙོ་སྐྱོང་སྡེ་ཁག་གིས་བཅའ་ཁྲིམས་འདིའི་རྩ་དོན་དང་དགོངས་དོན་ལྟར།བྱ་གཞག་ཚན་པ་དང་གཞུང་ཁོངས་ཁེ་ལས་སོགས་ཀྱི་དངོས་ཡོད་གནས་ཚུལ་དང་ཟུང་འབྲེལ་བྱས་ཏེ་བྱ་གཞག་ཚན་པ་དང་གཞུང་ཁོངས་ཁེ་ལས་སོགས་ཀྱི་ཁྲིམས་འགལ་གྱི་གཞུང་ལས་པར་ཆད་པ་གཅོད་པའི་ལས་དོན་ཐད་ཞིབ་ཕྲའི་གཏན་འབེབས་བྱེད་དགོས།   

དོན་ཚན་རེ་དྲུག་པ།ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གིས་བཅའ་ཁྲིམས་འདིར་གཞིགས་ནས་འབྲེལ་ཡོད་གཏན་འབེབས་ཞིབ་ཕྲ་བཟོས་ཆོག

དོན་ཚན་རེ་བདུན་པ།བཅའ་ཁྲིམས་འདི་ལག་བསྟར་མ་བྱས་གོང་གལ་ཏེ་གྱོད་ཐག་བཅད་ཟིན་པའི་གྱོད་དོན་ལ་བསྐྱར་ཞིབ་དང་བསྐྱར་བཤེར་བྱ་དགོས་བྱུང་ན། སྐབས་དེའི་གཏན་འབེབས་སྤྱད་འཐུས། གྱོད་ཐག་བཅད་མེད་པའི་གྱོད་དོན། གལ་ཏེ་བྱ་སྤྱོད་སྤེལ་དུས་ཀྱི་གཏན་འབེབས་དེ་ཁྲིམས་འགལ་མིན་པར་ངོས་འཛིན་བྱས་མེད་ན།སྐབས་དེའི་གཏན་འབེབས་སྤྱད་འཐུས།གལ་ཏེ་བྱ་སྤྱོད་སྤེལ་སྐབས་ཀྱི་གཏན་འབེབས་དེ་ཁྲིམས་འགལ་ཡིན་པར་ངོས་བཟུང་།སྐབས་དེའི་གཏན་འབེབས་ལྟར་ཐག་གཅོད་བྱ་རྒྱུ།འོན་ཀྱང་གལ་ཏེ་བཅའ་ཁྲིམས་འདི་ཉིད་ནང་ཁྲིམས་འགལ་ཡིན་པར་ངོས་འཛིན་མ་བྱས་པའམ་ཡང་ན་བཅའ་ཁྲིམས་འདི་གཞིར་བཟུང་ནས་ཉེས་ཆད་ཅུང་ཡང་དུ་བཏང་རིགས། བཅའ་ཁྲིམས་འདི་སྤྱོད་ཆོག

དོན་ཚན་རེ་བརྒྱད་པ། བཅའ་ཁྲིམས་འདི་2020ལོའི་ཟླ་7ཚེས་1ཉིན་ནས་ལག་ལེན་བསྟར་རྒྱུ།


©༢༠༡༧ཀན་ལྷོའི་ཏང་གི་འཛུགས་སྐྲུན་དྲ་བ། ཀྲུང་གུང་ཀན་ལྷོ་ཁུལ་ཨུའི་རྩ་འཛུགས་པུའུ་ཡིས་གཙོ་སྒྲུབ་བྱས་པས་པར་དབང་འདི་གར་དབང་།

སྡོད་གནས། ཀན་ལྷོ་ཁུལ་ཨུའི་གཅིག་གྱུར་གཞུང་ལས་ཐོག་ཁང་གི་དྲུག་ཐོག ཁ་པར། ༠༩༤༡--༨༢༢༢༡༥༩ སྦྲག་ཨང་། ༧༤༧༠༠༠

དྲ་ངོས་རྡེབ་ཚད།མི་ཐེངས། དྲ་ངོས་སྒྲིག་བཟོ། ཧུང་ཏེན་དྲ་རྒྱ།

甘公网安备 62300102000044号