今天是:

གཞི་རིམ་ཏང་འཛུགས།

གཞི་རིམ་རྩ་འཛུགས་འཛུགས་སྐྲུན།

མདུན་ཤོག > གཞི་རིམ་ཏང་འཛུགས། > གཞི་རིམ་རྩ་འཛུགས་འཛུགས་སྐྲུན།

ཏང་ཡོན་ལས་བྱེད་པའི་གདོང་ལེན་སྣེ་ཁྲིད་ཀྱི་ནུས་པ་གང་ལེགས་ཀྱིས་འདོན་དགོས

   གནད་འགག་གི་དུས་སུ་གདོང་མཆོང་བྱེད་ཕོད་པ་དང་།ཉེན་ཁར་འཕྲད་དུས་སྔོན་སྐྱོད་བྱེད་ཕོད་པ་ནི་གུང་ཁྲན་ཏང་ཡོན་དངོས་མ་ཞིག་རེད།
   ཏོག་གསར་གློ་ཚད་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་གཅིག་གྱུར་ སྒོས་སྐུལ་འདེད་གཏོང་བའི་བྱ་བའི་བཀོད་སྒྲིག་ཚོགས་འདུའི་སྟེང་།སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རིམ་པ་སོ་སོའི་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན།ལས་བྱེད་པ་བཅས་ཀྱིས་ཛ་དྲག་ཆེ་བའི་འཐབ་རྩོད་ཁྲོད་གདོང་མཆོང་སྔོན་བསྐྱོད་དང་སྙིང་སྟོབས་ཆེན་པོས་འབད་འཐབ་བྱས་པར་གདེང་འཇོག་མཐོན་པོ་གནང་བ་དང་།འཐབ་འཛིང་བཙན་རྫོང་གི་ནུས་པ་དང་གདོང་ལེན་དཔེ་སྟོན་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ལ།རིམས་ནད་སྔོན་འགོག་ཚོད་འཛིན་གྱི་མི་དམངས་དམག་འཁྲུག་དང་སྤྱི་ཡོངས་ཀྱི་དམག་འཐབ།འགོག་རྒོལ་དམག་འཐབ་བཅས་ལ་རྒྱལ་ཁ་ཡག་པོ་ལེན་ཐུབ་མིན་དེ་རིམ་པ་སོ་སོའི་ཏང་རྩ་འཛུགས་དང་ཏང་ཡོན། ལས་བྱེད་པ་བཅས་ལ་ཉམས་སད་ཆེན་པོ་བླངས་བ་ཞིག་ཡིན་པས། “ཏང་གི་དར་ཆ་མཐོན་པོ་དེ་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལས་ཡུལ་དང་པོར་ལྷབ་ལྷུབ་གཡོ་དགོས་པ”ཡང་བསྐྱར་ནན་བཤད་གནང་།
 “དོན་དག་ཆེན་པོ་བྱུང་ན་གཞི་ནས་དཔའ་བོའི་རང་མདངས་མངོན་ཡོང་། “གདུག་རྩུབ་ཆེ་བའི་ཏོག་གསར་གློ་ཚད་རིམས་ནད་ཀྱི་མདུན་དུ།ལས་རིགས་ཁག་གི་རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པས་ཏང་ཀྲུང་དབྱང་གི་འབོད་སྐུལ་དང་ ལེན་བྱས་ནས།ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས་ཏེ།ཉེན་ཁ་འཕྲད་སྐབས་དཔའ་ངར་ཆེར་བསྐྱེད་ངང་རང་སྲོག་ལ་མི་འཛེམས་པར་ལས་ཡུལ་དང་པོ་རུ་གདོང་མཆོང་དང་ལས་ཀ་སྒྲུབ་བཞིན་ཡོད་པས། གང་དུ་ལས་འགན་ལྕི་པོ་ཡོད་ཚེ་ཏང་རྩ་འཛུགས་ཀྱི་འགྱུར་མེད་སྟོབས་ལྡན་གྱི་བྱ་བ་དང་ཏང་ཡོན་གྱི་གདོང་ལེན་དཔེ་སྟོན་བྱེད་ཀྱིན་ཡོད། ནད་གཞི་ལྕི་བའི་ནད་ཁང་ནས་དུས་ཚོད་སྐར་ཆ་ཙམ་ལ་ཡང་སྲོག་སྐྱོབ་བརྩོན་ལེན་བྱེད་ཀྱིན་ཡོད་པ་དང་། མཁར་གྲོང་སྡོད་ཁུལ་གྱི་ཁྱིམ་ཚང་རེ་རེ་བཞིན་བརྟག་བཤེར་བྱེད་པ། བཟོ་གྲྭའི་འཁོར་ཁང་དུ་ལས་སྣོན་ཐོན་སྐྱེད་བྱེད་པ། ཚན་རིག་ཞིབ་འཇུག་ཚོད་ལྟ་ཁང་ནས་ཉིན་མཚན་དབྱེར་མེད་ངང་འགག་སྒྲོལ་བྱེད་པ་བཅས་ཀྱི་བར་རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པས“དུས་དང་རྣམ་པ་ཀུན་ཏུ་ཏང་དང་མི་དམངས་ཀྱི་ཆེད་དུ་ཡོད་ཚད་བློས་གཏོང་རྒྱུའི་གྲ་སྒྲིག་བྱེད་པ”ཏང་ནང་ཞུགས་སྐབས་དམ་བཅའ་བཞག་ཡོད།
མིག་སྔར།རིམས་ནད་སྔོན་འགོག་ཚོད་འཛིན་བྱ་རྒྱུ་དེ་དཀའ་ཚེགས་ཆེ་བའི་གནད་འགག་གི་དུས་མཚམས་སུ་གནས་ཡོད་པ་དང་།རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་གཅིག་གྱུར་སྐུལ་འདེད་གཏོང་བའི་ལས་འགན་ཧ་ཅང་ལྕི་བས།ཏང་ཡོན་དང་ལས་བྱེད་པའི་གདོང་ལེན་དཔེ་སྟོན་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས་ལ།འཐབ་རྩོད་ཀྱི་ལས་ཡུལ་དང་པོ་རུ་ཏང་དར་ལྷབ་ལྷུབ་ཏུ་གཡོ་ཐུབ་པ་བྱེད་དགོས།རྒྱ་ཆེའི་ཏང་ཡོན་དང་ལས་ བྱེད་པས་ཐོག་མའི་བསམ་འདུན་བྱ་སྤྱོད་ཐོག་འཇོག་པ་དང་།འགན་འཁྲི་ཕྲག་ཐོག་ཏུ་འཁུར་བ།གོ་གནས་སྟེང་སྲིད་དོན་སྐྱོང་བ་དང་རང་འགན་རང་སྒྲུབ་བྱེད་པ།དཔའ་ངར་ཆེན་པོས་གདོང་ལེན་པ་དང་གདོང་མཆོང་བྱེད་ཕོད་པ།རང་འགུལ་སྒོས་འགན་འཁྲི་འཁུར་བ།ཧུར་ཐག་སྒོས་བྱས་རྗེས་འཇོག་པ་བཅས་བྱས་ནས་མང་ཚོགས་ཀྱི་སེམས་ཁྲལ་དང་རེ་སྒུག་དུས་ཐོག་ཏུ་ཐག་གཅོད་བྱེད་དགོས།མང་ཚོགས་ཀྱི་སྙིང་ཉེ་བའི་མི་སྣ་བཟང་བོ་བྱས་ཏེ་མང་ཚོགས་ལ་མཐུན་སྒྲིལ་སྣེ་ཁྲིད་དང་མི་དམངས་མང་ཚོགས་ལ་དམ་པོར་བརྟེན་ནས།ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་སྣ་ཚོགས་དམ་འཛིན་ཏན་ཏིག་དང་ཞིབ་ཚགས།དོན་ཐོག་ཏུ་འཁྱོལ་བ་བཅས་བྱས་ཏེ་ཏང་གི་ཆབ་སྲིད་ཀྱི་ཁྱད་སྟོབས་དང་རྩ་འཛུགས་ཀྱི་ཁྱད་སྟོབས།མང་ཚོགས་དང་འབྲེལ་བ་དམ་ཟབ་བྱེད་པའི་ཁྱད་སྟོབས་བཅས་རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་བྱ་བ་ཡག་པོ་སྒྲུབ་པའི་ཆབ་སྲིད་ཀྱི་ཁྱད་སྟོབས་སུ་བསྒྱུར་དགོས། གཞི་རིམ་ནི་མཉམ་འགོག་མཉམ་བཅོས་དང་མི་མང་པོས་འགོག་བཅོས་བྱེད་སའི་ལས་ཡུལ་དང་པོ་ཡིན་ལ།ལས་ཀ་སླར་གསོ་དང་ཐོན་སྐྱེད་སླར་གསོ་བྱེད་པའི་ལས་ཡུལ་དང་པོའང་ཡིན་ཞིང་།བྱེད་ཐབས་སྣ་ཚོགས་དོན་ཐོག་ཏུ་འཁྱོལ་བར་ཁག་ཐེག་བྱེད་པའི་གནད་འགག་གི་གནས་ཀྱང་ཡིན།གཞི་རིམ་ཏང་རྩ་འཛུགས་དང་གཞི་རིམ་ཏང་ཡོན་ལས་བྱེད་པས་གཞི་རྒྱ་ཆེ་བའི་སྒོ་ནས་མང་ཚོགས་ལ་སྐུལ་སློང་དང་མང་ཚོགས་རྩ་འཛུགས། མང་ཚོགས་གོང་བུར་འགྲིལ་བ་བཅས་བྱས་ཏེ།ཕྱོགས་ཡོངས་ ནས་མཉམ་འགོག་མཉམ་བཅོས་ཀྱི་བྱེད་ཐབས་དོན་འཁྱོལ་བྱེད་པ་དང་།མཉམ་འགོག་མཉམ་བཅོས་ཀྱི་འགོག་སྲུང་འཛིང་རགས་དམ་པོ་བསྐྲུན་དགོས། ངང་རྒྱུད་རིང་ཞིང་ཞིབ་ཚགས་ཀྱི་བསམ་བློའི་བྱ་བ་ཡག་པོ་བསྒྲུབས་ནས། རྒྱ་ཆེའི་མང་ཚོགས་ཀྱིས་སྤྱི་ཡོངས་ལ་བསྟུན་པ་དང་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་གཏན་འབེབས་སྣ་ཚོགས་བརྩི་སྲུང་བྱེད་རྒྱུར་ཁྲིད་སྟོན་བྱས་ཏེ།རང་རྟོགས་སྒོས་སྤྱི་ཚོགས་ཀྱི་སྒྲིག་ལམ་སྲུང་སྐྱོང་བྱེད་དགོས།རིམ་པ་སོ་སོའི་ཏང་ཨུ་ཡིས་གཞི་རིམ་གྱི་ཏང་ཡོན་ལས་
བྱེད་པར་ཐུགས་ཁུར་དང་གཅེས་སྐྱོང་མང་ཙམ་བྱས་ནས།ཁོ་ཚོར་འཕྲད་པའི་དཀའ་ངལ་དང་གནད་དོན་དངོས་དུས་ཐོག་ཏུ་ཐག་གཅོད་བྱེད་རོགས་བྱ་དགོས།  
    གོང་རིམ་ཏང་སྲིད་ལས་ཁུངས་དང་ཁེ་ལས་དང་ལས་དོན་སྡེ་ཁག་སོགས་ཀྱིས་ལས་བྱེད་པ་སྔར་ལས་མང་བ་གཞི་རིམ་དུ་སྐྱོད་པ་དང་།གཞི་རིམ་ལ་རོགས་སྐྱོར་བྱེད་པར་སྐོང་འཐེན་བྱས་ཏེ།གཞི་རིམ་ནས་སྦྱོང་བརྡར་བྱ་རྒྱུ་དེ་ཐོག་མའི་བསམ་འདུན་དང་འགན་འཁྲི་ལག་ལེན་དུ་བསྟར་བ། འགན་འཁྲི་འཁུར་སེམས་མཚོན་པའི་བརྡར་རྡོ་ལྟ་བུར་བརྩི་དགོས། ལས་བྱེད་པའི་ཆབ་སྲིད་ཀྱི་ཐད་ཉམས་སད་ཐེག་ཐུབ་མིན་དེ་གནད་འགག་གི་སྐབས་སུ་བློས་འཁེལ་ཐུབ་མིན་ལ་བལྟ་དགོས།སྤྱི་ཡོངས་ནས་བལྟས་ན།རིམས་ནད་འགོག་པའི་འཐབ་རྩོད་ཁྲོད་ང་ཚོའི་ལས་བྱེད་པའི་དཔུང་ཁག་ཧ་ཅང་བཟང་ལ་ ཉམས་སད་ཐེག་ཐུབ་པ་ཞིག་རེད།འོན་ཀྱང་།ལས་བྱེད་པ་ཉུང་ཤས་ཤིག་གི་རྣམ་འགྱུར་མི་བཟང་བ་དང་ཐ་ན་ཧ་ཅང་ཞན་པ་རེད།རིམ་པ་སོ་སོའི་ཏང་རྩ་འཛུགས་ཀྱིས་འཐབ་རྩོད་ཀྱི་ལས་ཡུལ་དང་པོ་རུ་ལས་བྱེད་པར་རྟོག་ཞིབ་དང་དབྱེ་འབྱེད་བྱེད་དགོས་པ་དང་།ལས་ཀའི་སྟེང་འབད་པ་དང་གྲུབ་འབྲས་འབུར་ཐོན་ཡིན་པའི་ལས་བྱེད་པར་གཟེངས་བསྟོད་ཆེན་པོ་བྱས་ཏེ་སྤོབས་པ་ཆེན་པོས་བཀོལ་སྤྱོད་བྱེད་དགོས།འགན་འཁྲི་མི་འཁུར་བ་དང་ལས་དོན་མི་སྒྲུབ་པ།འགན་ཤོར་ལས་འཛོལ་རིགས་ལ་འགན་འཁྲི་བདའ་འདེད་ནན་མོ་བྱས་ཏེ།གནད་འགག་གི་སྐབས་སུ་“བྲོས་བྱོལ”བྱེད་མཁན་ལ་དུས་ཐོག་ཏུ་གོ་གནས་མེད་པར་བཟོ་བ་བཅས་བྱེད་དགོས།སྤྱོད་ཚུལ་བཟང་བའི་ཏང་ཡོན་དང་ལས་བྱེད་པ། སྔོན་ཐོན་སྡེ་ཚོགས་བཅས་ལ་དུས་ཐོག་ཏུ་དྲིལ་བསྒྲགས་དང་གཟེངས་བསྟོད་བྱེད་དགོས་པ་དང་།འཐབ་རྩོད་ཀྱི་ལས་ཡུལ་དང་པོར་སྤྱོད་ཚུལ་བཟང་བའི་ཏང་ནང་ཞུགས་མཁན་ཧུར་བརྩོན་ཅན་རྣམས་ཏང་ནང་ཞུགས་སུ་བཅུག་ཆོག
    རླུང་དྲག་པོས་རྩྭ་ཤེད་ཤེས།མེ་ཤེད་དྲག་པོས་གསེར་ངོ་མ་མཐོང་།གློ་བུར་དུ་བྱུང་བའི་སྤྱི་པའི་འཕྲོད་བསྟེན་ཉམས་ཉེན་ཚབས་ཆེན་དེས་ང་ཚོའི་ཏང་དང་ཏང་ཡོན།ལས་བྱེད་པ་ཡོངས་ཀྱི་ངོས་ནས་བཤད་ན།དེ་ནི་རྒྱུགས་ལེན་ཆེན་པོ་ཞིག་རེད།བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོགམི་དམངས་ མང་ཚོགས་ལ་འབྲེལ་བ་དམ་པོ་བྱས་ན་ཐེངས་འདིའི་རིམས་ནད་འགོག་བཅོས་ལ་རྒྱལ་ཁ་ཆེན་པོ་ལེན་ཐུབ་པ་དང་།རིམས་ ནད་སྔོན་འགོག་ཚོད་འཛིན་གྱི་མི་དམངས་དམག་འཁྲུག་དང་སྤྱི་ཡོངས་ཀྱི་དམག་འཐབ།འགོག་རྒོལ་དམག་འཐབ་བཅས་ལ་མཐའ་གཅིག་ཏུ་རྒྱལ་ཁ་ལེན་ཐུབ་ལ།ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འགྲུབ་པར་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་ཐུབ་པ་དང་དབུལ་ཐར་མཁྲེགས་གཏོར་གྱི་དམིགས་འབེན་དང་ལས་འགན་འབད་བརྩོན་ཆེན་པོས་མངོན་འགྱུར་བྱས་ཏེ། མི་དམངས་དང་ལོ་རྒྱུས་ལ་ཚད་ལོངས་པའི་རྒྱུགས་ཤོག་ཅིག་འབུལ་ཐུབ་ངེས་རེད།


©༢༠༡༧ཀན་ལྷོའི་ཏང་གི་འཛུགས་སྐྲུན་དྲ་བ། ཀྲུང་གུང་ཀན་ལྷོ་ཁུལ་ཨུའི་རྩ་འཛུགས་པུའུ་ཡིས་གཙོ་སྒྲུབ་བྱས་པས་པར་དབང་འདི་གར་དབང་།

སྡོད་གནས། ཀན་ལྷོ་ཁུལ་ཨུའི་གཅིག་གྱུར་གཞུང་ལས་ཐོག་ཁང་གི་དྲུག་ཐོག ཁ་པར། ༠༩༤༡--༨༢༢༢༡༥༩ སྦྲག་ཨང་། ༧༤༧༠༠༠

དྲ་ངོས་རྡེབ་ཚད།མི་ཐེངས། དྲ་ངོས་སྒྲིག་བཟོ། ཧུང་ཏེན་དྲ་རྒྱ།

甘公网安备 62300102000044号