今天是:

རེས་མོའི་གསར་འགྱུར།

ཉིན་རེའི་གསར་འགྱུར་གལ་ཆེན།

མདུན་ཤོག > རེས་མོའི་གསར་འགྱུར། > ཉིན་རེའི་གསར་འགྱུར་གལ་ཆེན།

༄༅།།ཀན་ལྷོ་ཁུལ་གྱི་ཞིང་འབྲོག་སྡེའི(སྡེ་ཁུལ)ཏང་རྩ་འཛུགས་དང་ཏང་ཡོན་གྱིས་ རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱེད་པར་བཏོན་པའི་རེ་འདུན་དྲུག

      ཁུལ་ཡོངས་ཀྱི་གཞི་རིམ་ཏང་རྩ་འཛུགས་ཀྱི་འཐབ་རྩོད་བཙན་རྫོང་གི་ནུས་པ་དང་གུང་ཁྲན་ཏང་ཡོན་གྱི་གདོང་མཆོངས་དཔེ་སྟོན་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་།བློ་ཐག་རྦད་ཆོད་ཀྱིས་རིམས་ནད་འགོག་བཅོས་ཚོད་འཛིན་གྱི་གཡུལ་ལས་རྒྱལ་བར་བྱ་ཆེད། འདིར་རང་ཁུལ་གྱི་ཞིང་འབྲོག་སྡེའི(སྡེ་ཁུལ)ཏང་རྩ་འཛུགས་དང་ཏང་ཡོན་གྱིས་རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱེད་པར་བཏོན་པའི་རེ་འདུན་དྲུག་དང་ལེན་བྱེད་དགོས།
     ༡ གཞི་རིམ་ཏང་རྩ་འཛུགས་ཀྱིས་ཏང་ཡོན་ལ་སྐུལ་སློང་གང་ལེགས་བྱེད་པའི་ནུས་པ་འདོན་སྤེལ་དང་། རྒྱ་ཆེའི་མང་ཚོགས་ལ་སློབ་གསོ་དང་སྣེ་ཁྲིད་ནས་སྔ་མོ་ནས་རིམས་ནད་སྔོན་འགོག་བྱེད་པ་དང་། སྙན་སེང་འབུལ་བ། ཁ་ཐུམ་རྒྱག་པ། ལག་པ་གཙང་འཁྲུད། གཉེན་ཉེ་དང་གྲོགས་པོར་འཚམ་འདྲི་མི་བྱེད་པ་དང་། ཁྱིམ་ཚང་གཞན་པར་མི་འགྲོ་བ་དང་འདུ་འཛོམས་མི་བྱེད་པ། གསོལ་སྟོན་ལ་མི་རོལ་བ་སོགས་བྱེད་ནས་རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱེད་པའི་ལས་དོན་ཁག་བདེ་ལེགས་ངང་འགྲུབ་པར་བྱ་དགོས། 
     ༢ གཞི་རིམ་རྩ་འཛུགས་ཀྱིས་མཉམ་བཅོས་མཉམ་འགོག་གི་བྱེད་སྟངས་ལེགས་པོར་སྤྱད་དེ། དུད་འབྲེལ་དཔོན་དང་དྲ་འབྲེལ་དཔོན་གྱིས་སྡེ་མི་རང་བདག་བྱེད་པའི་ཐབས་ལ་བརྟེན་པ་དང་། སྡེ་དམངས་ཨུ་ལྷན་གཉིས་ཀྱི་ཁོངས་མི་དང་། སྡེ་དཔོན། ཁང་བརྩེགས་དཔོན་སོགས་ཀྱིས་རང་ནུས་གང་ཡོད་སྒོས་རིམས་འགོག་ ཚད་འཇལ་དང་། རྟོག་སེལ། དྲིལ་སྒྲོག་བྱ་བ་ལེགས་པོ་བསྒྲུབ་དགོས་ཤིང་།ཏང་དམངས་ཞབས་ཞུ་ལྟེ་གནས་དང་། རྒྱང་ཁྲིད་སློབ་གསོའི་བརྟེན་གནས།རང་སྡེའི་མི་མང་འདུ་གནས་(སྡེ་ཁུལ། སྡེ་བ)སོགས་སུ་སློབ་གསོ་གསོ་སྦྱོང་དང་དམངས་སྲོལ་བྱ་འགུལ་སྤེལ་བ་མཚམས་འཇོག་པ་དང་། རིམས་འགོག་ལས་དོན་དེ་ཏང་ཀྲི་པུའུ་རེ་དང་། ཏང་ཡོན་རེ། མང་ཚོགས་རེ་ལ་ཁྱབ་པར་བྱ་དགོས། 
     ༣ གཞི་རིམ་རྩ་འཛུགས་ཀྱིས་སྡེ་མདོ་སྲང་མདོའི་ཁོར་ཡུག་འཕྲོད་བསྟེན་གཙང་སྦྲ་ལེགས་པོར་གཏོང་བ་དང་།སྡེ་བ་སོ་སོས་རང་གི་ཁོངས་གཏོགས་ས་གནས་ཀྱི་ཁོར་ཡུག་དང་སྤྱི་བའི་ཁོར་ཡུག་ཕྱོགས་ཡོངས་ནས་དུག་སེལ་བྱེད་ནས་མང་ཚོགས་ཀྱི་འཚོ་བའི་ཁོར་ཡུག་གི་འཕྲོད་བསྟེན་གཙང་མར་བཟོ་དགོས།
     ༤གཞི་རིམ་རྩ་འཛུགས་ཀྱིས་རིམས་ནད་འགོག་བཅོས་ཀྱི་ཤེས་བྱ་དྲིལ་སྒྲོག་བྱེད་པ་གཙོ་གནད་དུ་བཟུང་སྟེ།སྡེ་དོན་གསལ་སྒྲོག་སྒྲོམ་བུ་དང་། སྐད་འཕྲིན་ཚོགས་པ། རྒྱང་སྒྲོག་སོགས་བརྒྱུད་ནས་གང་མགྱོགས་སྒོས་རྒྱ་ཆེའི་མི་དམངས་མང་ཚོགས་དང་ལྷག་པར་ལོ་ལོན་བགྲེས་པོ་རྣམས་ལ་ཐེངས་འདིའི་རིམས་ནད་སྔོན་འགོག་གི་ཚན་རིག་ཤེས་བྱ་ཁྱབ་སྤེལ་བྱེད་ནས་ཁོ་ཚོའི་ལུས་སེམས་བདེ་བར་བྱ་དགོས། 
     ༥ ཏང་རྩ་འཛུགས་ཀྱི་ཧྲུའུ་ཅི་དང་། སྡེ་དཔོན་དང་པོ་ཡིས་འགན་འཁྲི་ལེགས་པོར་འཁུར་ཞིང་། ལས་གནས་བརྟན་པོར་སྲུང་བ། ལས་ཡུལ་དང་པོར་བཀོད་འདོམས་བྱེད་པ། སྡེ་མི་རེའི་གནས་ཚུལ་རྒྱུས་ལོན་ཞིབ་མོར་བྱེད་ནས་སྡེ་མི་དང་སྲང་མདོ་དམ་སྲུང་བྱེད་པ། རང་ནུས་ཅི་ལྕོགས་ཀྱིས་འགན་འཁྲི་ཐེག་པར་བྱ་དགོས།
     ༦ཏང་ཡོན་གྱིས་རིམས་ནད་འགོག་བཅོས་ཚོད་འཛིན་ཁྲོད་སྔོན་ཐོན་སྤྱོད་བཟང་གི་དམིགས་དཔེ་སྟོན་པའི་སྒོ་ནས་རིམས་ནད་འགོག་བཅོས་འཐབ་རྩོད་ཀྱི་ཡུལ་ས་དང་པོར་སོང་ནས་ཏང་རྩ་འཛུགས་ཀྱི་འགོ་ཁྲིད་འོག་ཏུ་ལས་བགོས་ཁག་ཡག་པོར་བསྒྲུབ་དགོས་ཤིང་། ལས་གནས་བརྟན་སྲུང་དང་། ལས་འགན་གཙིགས་སུ་བཟུང་སྟེ་རིམས་ནད་འགོག་བཅོས་དང་མང་ཚོགས་ལ་ཞབས་ཞུ་བསྒྲུབཔའི་ཁྲོད་གདོང་ལེན་དཔེ་བཟང་གི་ནུས་པ་གང་ལེགས་འདོན་པ་དང་། ཏང་ཡོན་གྱིས་རིམས་འགོག་གི་སྐབས་སུ་ལས་འགན་དང་ལེན་མི་བྱེད་པ་དང་། དོ་སྣང་མི་བྱེད་པ། འགན་འཁྲི་མི་འཁུར་བ་བཅས་བྱེད་མི་ཆོག
       ཀྲུང་གུང་ཀན་ལྷོ་ཁུལ་ཨུའི་རྩ་འཛུགས་པུའུ་ནས། 
         ༢༠༢༠ལོའི་ཟླ༡པོའི་ཚེས༣༠ཉིན།

©༢༠༡༧ཀན་ལྷོའི་ཏང་གི་འཛུགས་སྐྲུན་དྲ་བ། ཀྲུང་གུང་ཀན་ལྷོ་ཁུལ་ཨུའི་རྩ་འཛུགས་པུའུ་ཡིས་གཙོ་སྒྲུབ་བྱས་པས་པར་དབང་འདི་གར་དབང་།

སྡོད་གནས། ཀན་ལྷོ་ཁུལ་ཨུའི་གཅིག་གྱུར་གཞུང་ལས་ཐོག་ཁང་གི་དྲུག་ཐོག ཁ་པར། ༠༩༤༡--༨༢༢༢༡༥༩ སྦྲག་ཨང་། ༧༤༧༠༠༠

དྲ་ངོས་རྡེབ་ཚད།མི་ཐེངས། དྲ་ངོས་སྒྲིག་བཟོ། ཧུང་ཏེན་དྲ་རྒྱ།

甘公网安备 62300102000044号