今天是:

རེས་མོའི་གསར་འགྱུར།

ཀྲུང་དབྱང་གསུང་སྙན།

མདུན་ཤོག > རེས་མོའི་གསར་འགྱུར། > ཀྲུང་དབྱང་གསུང་སྙན།

ཞི་ཅིན་ཕིང་གི་རིམས་ནད་སྔོན་འགོག་བྱ་བའི་ཐད་ཀྱི་གསུངས་བཤད།

       ཞི་ཅིན་ཕིང་གིས་པེ་ཅིང་གྲོང་ཁྱེར་དུ་ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་བྱ་བར་རྟོག་ཞིབ་དང་མཛུབ་སྟོན་གནངས་སྐབས་ཀྱི་གསུངས་བ། སྡེ་ཁུལ་ནི་རིམས་ནད་མཉམ་འགོག་མཉམ་བཅོས་ཀྱི་འཐབ་ས་དང་པོ་ཡིན་ལ། ཕྱི་ནས་ཡོང་བ་འགོག་ས་དང་ནང་ནས་མཆེད་པ་འགོག་སའི་འཛིང་རགས་ཀྱང་ཡིན་པས། རྒྱལ་ཡོངས་ཀྱིས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་བྱ་བའི་ཁྲོད་སྡེ་ཁུལ་གྱི་འགོག་རྒོལ་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། སྔོན་འགོག་ཚོད་འཛིན་གྱི་སྟོབས་ཤུགས་སྡེ་ཁུལ་དུ་རྐང་ཚུགས་སུ་འཇུག་དགོས། སྡེ་ཁུལ་གྱི་སྔོན་འགོག་ཚོད་འཛིན་གྱི་བྱེད་ཐབས་སྣ་ཚོགས་དོན་འཁྱོལ་བྱེད་ཤུགས་ཆེ་རུ་བཏང་ནས།སྡེ་ཁུལ་ཚང་མ་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་བཙན་རྫོང་དུ་གཏོང་དགོས་པ་དང་། ཐོག་མཐའ་བར་གསུམ་དུ་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་དང་གཟུགས་གཞི་བདེ་ཐང་ཨང་དང་པོར་བཞག་སྟེ།ནུས་ཤུགས་ཡོད་རྒུས་ནད་པར་སྨན་བཅོས་བྱ་དགོས་ལ།བུའུ་ཧན་སྲུང་སྐྱོབ་ཀྱི་དམག་འཐབ་དང་ཧུའུ་པེ་སྲུང་སྐྱོབ་ཀྱི་དམག་འཐབ་ཡག་པོ་རྒྱག་དགོས།
      བུའུ་ཧན་ནི་དཔའ་བོའི་གྲོང་ཁྱེར་ཡིན་ལ།ཧུའུ་པེ་མི་དམངས་དང་བུའུ་ཧན་མི་དམངས་ནི་དཔའ་བོའི་མི་དམངས་ཡིན་པས།ལོ་རྒྱུས་ཐོག་དཀའ་ངལ་དང་ཉེན་ཁས་ཕམ་མ་མྱོང་།བུའུ་ཧན་རྒྱལ་ན་ཧུའུ་པེ་རྒྱལ་བ་ཡིན་ལ།ཧུའུ་པེ་རྒྱལ་ན་རྒྱལ་ཡོངས་རྒྱལ་བ་ཡིན།བསྡུ་དགོས་རིགས་ཚང་མ་བསྡུ་ཐུབ་པ་བྱ་དགོས།ནད་ཁུངས་བཀག་སྡོམ་དང་འགོ་ལམ་གཅོད་རྒྱུ་ནི་འགོ་ནད་སྔོན་འགོག་དང་ཚོད་འཛིན་བྱེད་པའི་གནད་དམ་པ་ཡིན་པས།ནུས་ཤུགས་ཡོད་རྒུས་སྲོག་སྐྱོབ་ཀྱི་བྱ་བ་ཡག་པོར་སྒྲུབ་དགོས།ནད་པ་གཅིག་བསྡུ་དང་།ཆེད་མཁས་གཅིག་བསྡུ།ཐོན་ཁུངས་གཅིག་བསྡུ།གཅིག་བསྡུས་སྲོག་སྐྱོབ་བཅས་ཀྱི་རྩ་དོན་ལྟར།ནད་བརྟག་སྨན་བཅོས་བྱེད་ཐབས་ཇེ་བཟང་དང་།ཀྲུང་ཕྱི་གསོ་རིག་ཟུང་འབྲེལ་རྒྱུན་འཁྱོངས།ཚན་རིག་ཞིབ་འཇུག་གི་འགག་སྒྲོལ་ནུས་ཤུགས་ཇེ་ཆེ།ནད་ཐོག་སྨན་བཅོས་ཀྱི་ཕན་ནུས་ཅུང་བཟང་པའི་སྨན་རྫས་གདམ་གསེས་དང་ཞིབ་འཇུག་གསར་སྤེལ་མགྱོགས་པོ་བྱ་དགོས་ལ།སྤྱི་ཚོགས་བདག་སྐྱོང་ལ་ཤུགས་བསྣན་ནས།རིམས་ནད་སྔོན་འགོག་ཚོད་འཛིན་ཁྲོད་ཐོན་སྲིད་པའི་གནད་དོན་སྣ་ཚོགས་ཐག་གཅོད་འོས་འཚམ་བྱ་དགོས་པ་དང་།ལས་དོན་སོ་སོ་ཚགས་དམ་པོས་སྒྲུབ་ཅིང་།འཚོ་བའི་འགན་སྲུང་དང་།སྨན་བཅོས་སྲོག་སྐྱོབ།སེམས་ཁམས་ཐེ་ཇུས་སོགས་ཀྱི་ལས་དོན་གནད་དུ་ཐིངས་པོས།སྤྱི་ཚོགས་ཁྱོན་ཡོངས་བརྟན་ལྷིང་ཡོང་བར་སྲུང་སྐྱོང་བྱ་དགོས་པ་དང་།འགོས་ནད་འགོག་བཅོས་ཀྱི་བཅའ་ཁྲིམས་དང་སྔོན་འགོག་ཤེས་བྱའི་དྲིལ་སྒྲོག་སློབ་གསོར་ཤུགས་བསྣན་ནས།སྤྱི་ཚོགས་ཡོངས་ཀྱིས་ཁྲིམས་ལྟར་སྔོན་འགོག་ཚོད་འཛིན་བྱ་རྒྱུར་ཁྲིད་སྟོན་བྱས་ཏེ།མི་དམངས་མང་ཚོགས་ཀྱི་རང་ངོས་འགོག་སྲུང་ནུས་པ་ཇེ་ཆེར་གཏོང་དགོས།
     ཧུའུ་པེ་དང་བུའུ་ཧན་གྱིས་རིམས་ནད་སྔོན་འགོག་ཚོད་འཛིན་བྱ་རྒྱུ་དེ་ད་ལྟའི་དོན་ཆེན་ཨང་དང་པོར་བཞག་སྟེ།གྲོང་ཁྱེར་དང་ཁུལ།དེ་བཞིན་རྫོང་དང་ཤང་སོ་སོའི་རིམས་འགོག་ལས་དོན་ལ་གཅིག་གྱུར་འཆར་འགོད་ཀྱིས་ཤུགས་སྣོན་པ་དང་། མཛུབ་སྟོན་མ་ལག་འཐུས་ཚང་དུ་བཏང་ནས། ཚུར་སྣང་འཕྲལ་ཐག་འཕྲལ་གཅོད་དང་། འཁོར་སྐྱོད་ནུས་ཡོད་རིམ་ལྡན། ལག་བསྟར་བློ་ཐག་ཆོད་པོ་བཅས་བྱ་དགོས་ཤིང་།རིམས་ནད་སྔོན་འགོག་ཚོད་འཛིན་བྱ་རྒྱུ་ནི་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་དང་ལུས་ཁམས་བདེ་ཐང་ལ་སྲུང་སྐྱོབ་བྱེད་པའི་འཐབ་རྩོད་དྲག་པོ་ཞིག་ཡིན།
རིམ་པ་ཁག་གི་ཏང་སྲིད་འགོ་ཁྲིད་ལས་བྱེད་པས་གཙོ་བྱས་ནས་བཀོད་འདོམས་དང་འགན་འཁྲི་འཁུར་དགོས་ལ། རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པ་ལས་ཐོག་དང་པོར་སྐྱོད་དེ།རང་སའི་འགན་འཁྲི་ཡོད་པ་དང་།རང་སའི་ལས་འགན་འཁུར་བ།རང་སའི་འོས་འགན་སྒྲུབ་པ་བཅས་བྱས་ཏེ།སེམས་ཤུགས་གཅིག་སྒྲིལ་དང་བློ་རྩེ་གཅིག་སྒྲིམ་གྱིས་བྱ་བ་རེ་རེ་དང་ལས་དོན་རེ་རེ་བཞིན་ལེགས་པར་སྒྲུབ་དགོས།ཉམས་སད་ཆེན་མོའི་མདུན་སར་ལས་བྱེད་པར་ལྷག་ཏུ་རྟོག་ཞིབ་དང་དབྱེ་འབྱེད་བྱ་ཐུབ།རྣམ་འགྱུར་འབུར་དུ་ཐོན་པར་གཟེངས་བསྟོད་བྱས་ནས་བློ་རྒྱ་ཆེན་པོས་བེད་སྤྱོད་བྱ་དགོས་པ་དང་།སྤྱོད་སྟངས་ཏན་ཏིག་མིན་པ་དང་།གཡོ་ཟོལ་འགན་བཅོས་བྱེད་པ།ཁག་འགན་གཞན་དཀྲི་བྱེད་མཁན་བཅས་ལ་འགན་འཁྲི་རྩད་གཅོད་ནན་མོ་བྱེད་པ་དང་།མང་ཚོགས་རྒྱ་ཆེར་སྐུལ་སློང་དང་རྒྱབ་རྟེན་བྱས་ཏེ།བློ་གཅིག་སེམས་གཅིག་དང་བློ་སེམས་གཅིག་སྒྲིལ་གྱིས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་མི་དམངས་དམག་འཁྲུག་ལ་རྒྱལ་ཁ་མཐའ་གཅིག་ཏུ་ལེན་པ་དང་།རྒྱལ་ཡོངས་ཀྱི་ནད་ཡམས་ཚོད་འཛིན་མ་ལག་འཛུགས་རྒྱུ་དེ་རྩ་བའི་རང་བཞིན་གྱི་འཛུགས་སྐྲུན་ཞིག་ཏུ་བརྩིས་ནས་དམ་འཛིན་བྱས་ཏེ།རིམ་པ་ཁག་གི་སྔོན་འགོག་ཚོད་འཛིན་གྱི་འཇོན་མི་དང་།ཚན་རིག་ཞིབ་འཇུག་གི་སྟོབས་ཤུགས།ཁྲིམས་འཛུགས་སོགས་ཀྱི་འཛུགས་སྐྲུན་ལ་ཤུགས་བསྣན་ནས།ནད་ཡམས་ཚོད་འཛིན་མ་ལག་དེང་རབས་ཅན་དུ་སྒྱུར་བར་སྐུལ་འདེད་གཏོང་བ་དང་།རིམས་ནད་སྔ་མོར་ཤེས་རྟོགས་དང་།སྔ་མོར་སྙན་ཞུ། སྔ་མོར་ལོགས་བཀར། སྔ་མོར་སྨན་བཅོས་བྱ་རྒྱུ་རྒྱུན་འཁྱོངས་བྱ་དགོས་ལ། འབྲེལ་འདྲིས་དམ་ ཟབ་བྱེད་མཁན་ལ་ཇི་ཐུབ་གང་ཐུབ་ཀྱིས་གཅིག་བསྡུས་གསོ་རིག་གི་ལྟ་ཞིབ་བྱ་དགོས་པ་དང་།སྡེ་ཁུལ་གྱི་མཉམ་འགོག་མཉམ་བཅོས་མ་ལག་འཐུས་ཚང་དུ་བཏང་ནས།གནད་དོན་བྱུང་མ་ཐག་སྙན་སེང་ཞུ་དགོས་ལ།ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་ སྒྲིག་དྲིལ་སྒྲོག་གཏིང་ཟབ་བྱེད་ཅིང་།གཟོང་ཁ་གཅིག་སྒྲིལ་གྱིས་རིམས་ནད་བཀག་འགོག་བྱེད་པའི་གླེང་ཕྱོགས་སྐྲུན་ནས།དམངས་སེམས་གཅིག་སྒྲིལ་དང་བར་བགེགས་མཉམ་སེལ་གྱི་དྲང་ནུས་གོང་སྒྲིལ་བྱེད་ནས་རང་རྒྱལ་གྱི་དཔལ་འབྱོར་དུས་ཡུན་རིང་པོར་ལེགས་ཕྱོགས་སུ་འཕེལ་བའི་གཞི་རྩའི་གནས་ཚུལ་ལ་འགྱུར་ལྡོག་མེད་པར་བཟོ་དགོས་པ་དང་།རིམས་ནད་ཀྱི་གནོད་འཚེ་ནི་དུས་ཡུན་ཐུང་ཐུང་ཙམ་ཡིན་པས།གནད་དོན་དང་དཀའ་ངལ་ལ་སྐྲག་མི་དགོས་པར་ཡིད་ཆེས་བརྟན་པོ་ཡོད་དགོས་པ་དང་།སྡོད་དམངས་ཀྱི་འཛད་སྤྱོད་བརྟན་པོ་ཡོང་བ་དང་།དྲ་ཐོག་གི་འཛད་སྤྱོད་འཕེལ་རྒྱས་གཏོང་བ།བདེ་ཐང་གི་འཛད་སྤྱོད་རྒྱ་སྐྱེད་ནས་ཁེ་ལས་དང་ལས་དོན་སྡེ་ཚན་གྱིས་ལས་ཀ་དང་ཐོན་སྐྱེད་བསྐྱར་གསོ་བྱེད་པར་སྐུལ་འདེད་བཏང་ནས།རིམས་ནད་ཀྱི་ཤུགས་རྐྱེན་ཅུང་ཆེ་བའི་ཁེ་ལས་ལ།དངུལ་རྩ་དང་ལས་མི་བཀོལ་སྤྱོད་སོགས་ཀྱི་ཐད་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས་དཀའ་གནད་ལས་སྒྲོལ་རོགས་བྱེད་ནས་རིམས་ནད་ཇི་ཙམ་བྱུང་ན་དེ་ཙམ་གྱིས་དམངས་འཚོ་འགན་སྲུང་དང་ལེགས་བཅོས་ཀྱི་བྱ་བ་ཡག་པོར་སྒྲུབ་རྒྱུར་དོ་སྣང་བྱ་དགོས།


©༢༠༡༧ཀན་ལྷོའི་ཏང་གི་འཛུགས་སྐྲུན་དྲ་བ། ཀྲུང་གུང་ཀན་ལྷོ་ཁུལ་ཨུའི་རྩ་འཛུགས་པུའུ་ཡིས་གཙོ་སྒྲུབ་བྱས་པས་པར་དབང་འདི་གར་དབང་།

སྡོད་གནས། ཀན་ལྷོ་ཁུལ་ཨུའི་གཅིག་གྱུར་གཞུང་ལས་ཐོག་ཁང་གི་དྲུག་ཐོག ཁ་པར། ༠༩༤༡--༨༢༢༢༡༥༩ སྦྲག་ཨང་། ༧༤༧༠༠༠

དྲ་ངོས་རྡེབ་ཚད།མི་ཐེངས། དྲ་ངོས་སྒྲིག་བཟོ། ཧུང་ཏེན་དྲ་རྒྱ།

甘公网安备 62300102000044号