今天是:

རེས་མོའི་གསར་འགྱུར།

ཀྲུང་དབྱང་གསུང་སྙན།

མདུན་ཤོག > རེས་མོའི་གསར་འགྱུར། > ཀྲུང་དབྱང་གསུང་སྙན།

ཏོག་དབྱིབས་ནད་དུག་གསར་པའི་གློ་ཚད་མང་ཚོགས་ཀྱིས་ཇི་ལྟར་འགོག་སྲུང་བྱེད་པའི་སྐོར་གྱི་ཤེས་བྱ།

དང་པོ། ཏོག་དབྱིབས་ནད་དུག་དང་ཏོག་དབྱིབས་ནད་དུག་གསར་བ།
1.ཅི་ཞིག་ནི་ཏོག་དབྱིབས་ནད་དུག་ཡིན།
ཏོག་དབྱིབས་ནད་དུག་ནི་རྒྱུན་སྲོལ་རྣམ་པ་ཅན་གྱི་ནད་དུག་མུའུ་དང་ཏོག་དབྱིབས་ནད་དུག་ཁོ།ཏོག་དབྱིབས་ནད་དུག་ཧྲུའུ་བཅས་ཀྱི་ཁོངས་སུ་གཏོགས་ཏེ།ཁུག་གཤོག་དང་གཞི་རྐྱེན་ཚོགས་པ་ཡི་སྐུད་འབྲེལ་རང་བཞིན་གྱིས་ཁེར་རྐྱའི་ཚུལ་དུ་སྦྲེལ་བའིRNAནད་དུག་གི་རིགས་ཤིག་རེད།དེ་ནི་རང་བྱུང་ཁམས་སུ་རྒྱ་ཁྱབ་ཏུ་གནས་པའི་ནད་དུག་ཆེན་པོ་ཞིག་གོ།ནད་དུག་གི་གཞི་རྐྱེན་ཚོགས་པ སྣེ་ལ་ཅ་ཅི་ཅན་གྱི་ཏོག་དབྱིབས་སྒྲིག་གཞི་དང་། སྣེ་ལpoly(A)ཡི་རྔ་མ་ལྡན་ཏེ།གཞི་རྐྱེན་ཚོགས་པའི་ རིང་ཚད་ཧྲིལ་པོར27~32kbའདུག འདི་ནི་མིག་སྔར་ཤེས་རྟོགས་བྱུང་བའིRNAནད་དུག་ཁྲོད་ཀྱི་གཞི་རྐྱེན་ཚོགས་པའི་ནང་གི་ཆེས་ཆེ་བའི་ནད་དུག་ཡིན།
ཏོག་དབྱིབས་ནད་དུག་ནི་གཙོ་བོ་སྒལ་ཚིགས་ཅན་གྱི་སྲོག་ཆགས་ལ་འགོ་བར་འགྱུར་ཏེ།མི་དང་སྲོག་ཆགས་གཞན་གྱི་ནད་ཡམས་དང་འབྲེལ་བ་ལྡན།དེ་ཡིས་མི་དང་སྲོག་ཆགས་གཞན་གྱི་དབུགས་ལམ་མ་ལག་དང་འཇུ་བྱེད་བརྒྱུད་རིམ།དབང་རྩའི་ཁྱབ་ཁོངས་ཀྱི་ནད་ཡམས་སློང་བར་བྱེད།
2.སྲོག་ཆགས་ནང་ཏོག་དབྱིབས་ནད་དུག་ཅན་གང་དག་ཡོད།
སྲོག་ཆགས་ནང་ཏོག་དབྱིབས་ནད་དུག་ཅན་ལ་འོ་འཐུང་སྲོག་ཆགས་ཀྱི་ཏོག་དབྱིབས་ནད་དུག་དང་ཟེ་བ་ཅན་གྱི་ཏོག་དབྱིབས་ནད་དུག་གཉིས་འདུག འོ་འཐུང་སྲོག་ཆགས་ཀྱི་ཏོག་དབྱིབས་ནད་དུག་ནི་གཙོ་བོα.βཁོངས་གཏོགས་ཀྱི་ ཏོག་དབྱིབས་ནད་དུག་སྟེ།དེ་ནི་ཕ་ཝང་དང་ཕག ཁྱི།བྱི་ལ།ཙི་གུ།བ་གླང་།རྟ་བཅས་སྲོག་ཆགས་རིགས་མང་པོར་འགོ་སླ། ཟེ་བ་ཅན་གྱི་ཏོག་དབྱིབས་ནད་དུག་འབྱུང་སའི་ཁུངས་གཙོ་བོ་ནིγ.α ཁོངས་གཏོགས་ཀྱི་ཏོག་དབྱིབས་ནད་དུག་སྟེ།དེ་ནི་བྱ་ཕོ་དང་བྱིའུ།བྱ་གག ངང་བ།ཕུག་རོན་བཅས་བྱ་རིགས་མང་པོར་འགོ་སླ་བ་ཡིན།
3.ཏོག་དབྱིབས་ནད་དུག་གི་དངོས་ཁམས་དང་རྫས་འགྱུར་རིག་པའི་ཁྱད་གཤིས་ཅི་འདྲ་ཡིན་ནམ།མི་ལ་ཕོག་པའི་ཏོག་དབྱིབས་ནད་དུག་ནི་ཚ་བའི་ཐད་ཚོར་བ་ཅུང་སྐྱེན།ནད་དུག་དེ40ཚུལ་མཐུན་རྒྱུན་སྐྱོང་གཤེར་རིགས་སུ་གནས་དུས་གཏན་འཇགས་འབྲིང་བའི་ཆར་གཏོགས།— 60℃མཚམས་སུ་ལོ་འགའ་རེར་གསོག་ཉར་བགྱི་ནུས།ཡིན་ནའང་ཚ་རིམ་ཡར་འཕར་བ་དང་བསྟུན་ཏེ།ནད་དུག་འགོག་སྲུང་གི་ནུས་པ་མར་བབས་འགྲོ།དཔེར་ནHCoV—229Eནི56℃དུས་ཚོད་སྐར་མ10འམ་ཡང་ན37℃རུ་ཆུ་ཚོད་འགར་བསྡད་ཚེ།དེར་གཞན་དུ་འགོ་འགྱུར་གྱི་ནུས་པ་མེད་འགྲོ།
མི་ལ་ཕོག་པའི་ཏོག་དབྱིབས་ནད་དུག་ནི་སྐྱུར་བ་དང་ཚ་ཁུའི་བྲོ་བར་ཞེད་པས།ནད་དུག་འདྲ་བཟོ་ཡི་གོ་སྐབས་བཟང་ཤོས་ཀྱིPHནི7.2ཡིན།མི་ལ་ཕོག་པའི་ཏོག་དབྱིབས་ནད་དུག་ཀྱང་འཕྲུལ་འཇུ་སྨན་རྫས་དང་དུག་སེལ་སྨན་རྫས་ལ་ཚོར་བ་སྐྱེན་པས།75%ཅན་གྱི་དབྱི་ཁྲུན་དང་དབྱི་སྨི།ལུའུ་ཧྥང་། ཅ་ཆོན།ལུའུ་འདྲེས་པའི་དུག་སེལ་སྨན་རྫས་དང་སྨུག་ཕྱིའི་འོད་སོགས་གང་ཡིན་ཡང་ནད་དུག་དེ་འཇོམས་པར་ནུས་སོ།།
4.ཏོག་དབྱིབས་ནད་དུག་གི་ཁྱབ་མཆེད་ནད་ཡམས་རིག་པའི་ཞིབ་འཇུག
གོ་ལ་ཧྲིལ་པོར་དབུགས་ལམ་གོང་མ་རུ་འགོ་ནད་བྱུང་བ10%ནས30%ནིHCoV—229、HCoV—OC43、HCoV—NL63དངHCoV—HKU1བཅས་ཀྱི་ཏོག་དབྱིབས་ནད་དུག་རིགས་བཞིས་བསྐྱེད་པ་སྟེ།ཆམ་ནད་ཕལ་བའི་ཁྲོད་ཀྱི་ནད་རྐྱེན་གྱིས་ཨང་གཉིས་པ་ཟིན་ཅིང་།སྣ་ཆམ་དང་ཧ་ཅང་ཆ་འདྲ་བ་ཡིན།དེ་དུས་ཚིགས་རང་བཞིན་དུ་ཁྱབ་མཆེད་འབྱུང་བཞིན་ཡོད།ལོ་རེའི་དཔྱིད་དུས་དང་དགུན་དུས་སུ་ནད་དེ་འབྱུང་བ་ཧ་ཅང་མང་།མངོན་མེད་གབ་ཡུན་གྱི་དུས་ནི་ཉིན2~5ཡི་བར་ཡིན་ཞིང་།མི་ཚོགས་ཡོངས་ལ་འགོ་མཆེད་འབྱུང་སླ་བ་དང་། གཙོ་བོ་མི་དང་མི་ཐུག་འཕྲད་བྱས་པ་ལས་འགོ་བར་འགྱུར།དབུགས་ལམ་དུ་གློ་རྡེག་ལ་བྱུང་བའི་ཕྱོགས་འདུས་ནད་ཚབས་ཆེན(severe acute respiratory syndrome,SARS)ནི། མི་ལSARS—CoVའགོས་པ་ལས་བྱུང་བ་དང་། རྒྱུན་ལྡན་གྱི་མངོན་མེད་གབ་ཡུན་ནི་གཟའ་འཁོར2ཀྱི་རིང་སྟེ། སྤྱིར་བཏང་དུ་ཉིན2~10ཡི་བར་རེད། དེ་མི་ཚོགས་ཡོངས་ལ་འགོ་སླ།SARSཆམ་ནད་བྱུང་བ་ཅན་ནི་འགོ་ནད་ཀྱི་མཆེད་ཁུངས་གཙོ་བོ་ཡིན་ཞིང་།ནད་རྟགས་ནི་མངོན་གསལ་གྱིས་འགོ་ནད་ཅན་གྱི་ནད་པ་ལས་ཅུང་ལྕི་ལ།མངོན་མེད་གབ་ཡུན་གྱི་སྐབས་དང་དྲག་སྐྱེད་བྱུང་བའི་ནད་པས་འགོ་ནད་བགོ་བར་བྱེད་མི་ཐུབ། 2004ལོ་ནས་བཟུང་། གོ་ལ་ཧྲིལ་པོ་རུSARSཆམ་ནད་ཀྱི་ནད་པ་བྱུང་བ་ཐོས་མ་མྱོང་། དབུས་ཤར་དབུགས་ལམ་ཕྱོགས་འདུས་ནད(Middle East respiratory syndrome, MERS)ནི།རིགསMERS—CoVལ་བརྟེན་ནས་འགོས་པའི་ནད་དུག་རང་བཞིན་གྱི་དབུགས་ལམ་གྱི་ནད་ཅིག་ཡིན་ཏེ།མངོན་མེད་གབ་ཡུན་ནི་ཉིན2~14བར་ཡིན་ཞིང་།མི་ཚོགས་ཡོངས་ལ་འགོ་སླ།སྒ་རྐྱང་རྔ་མོང་ནིMERS—CoVགཙོ་བོ་ཉར་གསོག་བྱེད་པ་སྟེ།མི་ཡུལ་གྱི་དཔེ་མཚོན་ནད་པའི་འགོ་མཆེད་ཀྱི་འབྱུང་ཁུངས་གཙོ་བོ་ཡིན་ལ།དེ་མི་དང་མིའི་བར་དུ་འགོ་མཆེད་འབྱུང་བར་ཚད་བཀག་མཆིས།


©༢༠༡༧ཀན་ལྷོའི་ཏང་གི་འཛུགས་སྐྲུན་དྲ་བ། ཀྲུང་གུང་ཀན་ལྷོ་ཁུལ་ཨུའི་རྩ་འཛུགས་པུའུ་ཡིས་གཙོ་སྒྲུབ་བྱས་པས་པར་དབང་འདི་གར་དབང་།

སྡོད་གནས། ཀན་ལྷོ་ཁུལ་ཨུའི་གཅིག་གྱུར་གཞུང་ལས་ཐོག་ཁང་གི་དྲུག་ཐོག ཁ་པར། ༠༩༤༡--༨༢༢༢༡༥༩ སྦྲག་ཨང་། ༧༤༧༠༠༠

དྲ་ངོས་རྡེབ་ཚད།མི་ཐེངས། དྲ་ངོས་སྒྲིག་བཟོ། ཧུང་ཏེན་དྲ་རྒྱ།

甘公网安备 62300102000044号