今天是:

རེས་མོའི་གསར་འགྱུར།

ཀྲུང་དབྱང་གསུང་སྙན།

མདུན་ཤོག > རེས་མོའི་གསར་འགྱུར། > ཀྲུང་དབྱང་གསུང་སྙན།

ཞི་ཅིན་ཕིང་གིས་འགོ་འཛིན་མཛད་དེ་ཀྲུང་དབྱང་ཕྱོགས་ཡོངས་ནས་རྒྱལ་ཁབ་ཁྲིམས་ལྟར་སྐྱོང་བའི་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་གསུམ་པ་བསྡུས།

     ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི། ཀྲུང་དབྱང་ཕྱོགས་ཡོངས་ནས་རྒྱལ་ཁབ་ཁྲིམས་ལྟར་སྐྱོང་བའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཞི་ཅིན་ཕིང་གིས་ཟླ་གཉིས་པའི་ཚེས་ལྔ་ཉིན་གྱི་ཕྱི་དྲོར་འགོ་འཛིན་མཛད་དེ་ཀྲུང་དབྱང་ཕྱོགས་ཡོངས་ནས་རྒྱལ་ཁབ་ཁྲིམས་ལྟར་སྐྱོང་བའི་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་གསུམ་པ་བསྡུས་པར་མ་ཟད་གསུང་བཤད་གལ་ཆེན་གནང་།   
     ཁོང་གིས་ཏང་ཀྲུང་དབྱང་གི་གཅིག་བསྡུས་གཅིག་གྱུར་གྱི་འགོ་ཁྲིད་འོག་ཏུ།དུས་ནམ་ཡང་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་དང་ལུས་ཕུང་བདེ་ཐང་དེ་གོ་གནས་དང་བོར་བཞག་སྟེ།ཁྲིམས་འཛུགས་དང་ཁྲིམས་བསྟར།ཁྲིམས་འཛིན།ཁྲིམས་སྲུང་བཅས་ཀྱི་གོ་རིམ་སོ་སོ་ནས་ཤུགས་འདོན་པ་དང་།ཁྲིམས་ལྟར་འགོག་སྡོམ་དང་ཁྲིམས་ལྟར་བཅོས་སྐྱོང་བྱེད་པའི་ནུས་པ་ཕྱོགས་ཡོངས་ནས་མཐོར་འདེགས་བཏང་སྟེ།རིམས་ནད་འགོག་བཅོས་ཚོད་འཛིན་བྱ་བར་ཁྲིམས་སྐྱོང་གི་འགན་སྲུང་ནུས་ལྡན་འདོན་སྤྲོད་བྱེད་དགོས་ཞེས་ནན་གྱིས་བསྟན།
     ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན།ཀྲུང་དབྱང་ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ལིས་ཁི་ཆང་དང་ལིས་ཀྲན་ཧྲུའུ། ཝང་ཧུའུ་ཉིང་བཅས་ཚོགས་འདུར་ཞུགས།
     གྲོས་ཚོགས་སྟེང《ཀྲུང་དབྱང་ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་ཨུ་ཡོན་ལྷན་ཁང་གི་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་ལ་ཁྲིམས་ལྟར་འགོག་བཅོས་ཚོད་འཛིན་དང་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་གི་བདེ་ཐང་བདེ་འཇགས་ལ་དངོས་སུ་འགན་སྲུང་བྱེད་པའི་སྐོར་གྱི་བསམ་འཆར》དང་། 《ཁྲིམས་འཛིན་འགན་འཁྲིའི་ལམ་ལུགས་ཀྱི་ཕྱོགས་བསྡུས་ཆ་སྡེབས་བཅོས་སྒྱུར་ཟབ་སྤེལ་བྱེད་པའི་སྐོར་གྱི་བསམ་འཆར》། 《ཁྲིམས་སྐྱོང་ཞིང་སྡེའི་འཛུགས་སྐྲུན་ལ་ཤུགས་སྣོན་པའི་སྐོར་གྱི་བསམ་འཆར》། 《སྲིད་འཛིན་བསྐྱར་གྲོས་སྒྲིག་སྲོལ་བཅོས་སྒྱུར་གྱི་ཇུས་གཞི》། 《ཧྲང་ཧེ་གྲོང་ཁྱེར་གྱི་ཁྲིམས་སྐྱོང་ཅན་གྱི་ཚོང་གཉེར་ཁོར་ཡུག་འཛུགས་སྐྲུན་གནས་ཚུལ་སྐོར་གྱི་སྙན་ཞུ》། 《ཕྱོགས་བསྡུས་སྲིད་འཛིན་ཁྲིམས་འཛིན་སྒྲིག་སྲོལ་བཅོས་སྒྱུར་བྱས་པའི་གནས་ཚུལ་སྐོར་གྱི་སྙན་ཞུ》བཅས་ལ་གྲོས་ཞིབ་བྱས་ཏེ་གྲོས་འཆམ་བྱུང་།
     ཞི་ཅིན་ཕིང་གིས་གསུང་བཤད་གནང་སྐབས།དེང་གི་དུས་འདིར་རིམས་ནད་འགོག་བཅོས་ཚོད་འཛིན་གྱི་གནད་འགག་གི་དུས་སྐབས་སུ་གནས་པས།ཁྲིམས་ལ་བརྟེན་ཞིང་ཚན་རིག་དང་མཐུན་ལ་གོ་རིམ་ལྡན་པར་འགོག་བཅོས་ཚོད་འཛིན་བྱེད་རྒྱུ་ཧ་ཅང་གལ་ཆེ།རིམས་ནད་འགོག་བཅོས་ཚོད་འཛིན་ཇི་ལྟར་དཀའ་ངལ་ཆེ་བའི་སྐབས་སུ་སླེབས་ན།དེ་ལྟར་ཁྲིམས་ལ་བརྟེན་ནས་འགོག་བཅོས་ཚོད་འཛིན་བྱེད་པ་དང་ཁྲིམས་སྐྱོང་བགྲོད་ལམ་སྟེང་དུ་འགོག་བཅོས་ཚོད་འཛིན་བྱ་བ་སྣ་ཚོགས་གཅིག་གྱུར་གྱིས་སྤེལ་ནས།རིམས་ནད་འགོག་བཅོས་ཚོད་འཛིན་བྱ་བ་བདེ་བླག་ངང་སྤེལ་བར་འགན་སྲུང་བྱེད་དགོས་ཞེས་ནན་གྱིས་བསྟན།
     ཞི་ཅིན་ཕིང་གིས་རིམས་ནད་འགོག་བཅོས་ཚོད་འཛིན་གྱི་འབྲེལ་ཡོད་ཁྲིམས་འཛུགས་འཐུས་ཚང་དུ་གཏོང་བ་དང་། ཆ་སྡེབས་ལམ་ལུགས་འཛུགས་སྐྲུནལ་ཤུགས་སྣོན་པ།ཆད་གཅོད་བརྒྱུད་རིམ་འཐུས་ཚང་དུ་གཏོང་བ།སྤྱི་པའི་བདེ་འཇགས་འགན་སྲུང་ཇེ་དྲག་ཏུ་གཏོང་བ་བཅས་བྱས་ཏེ།མ་ལག་ཆ་ཚང་བ་དང་།ལུགས་མཐུན་ཚད་ལྡན་ཡིན་པ།འཁོར་སྐྱོད་ཀྱི་ནུས་པ་ལྡན་པ་བཅས་ཀྱི་རིམས་ནད་འགོག་བཅོས་ཚོད་འཛིན་གྱི་བཅའ་ཁྲིམས་མ་ལག་འཛུགས་དགོས་ཞེས་བསྟན།
     ཞི་ཅིན་ཕིང་གིས་རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་ཕྱོགས་ཡོངས་ནས་ཁྲིམས་ལྟར་འགན་འཁྲི་ལག་བསྟར་བྱེད་པ་དང་།ཁྲིམས་སྐྱོང་གི་བསམ་བློ་དང་ཁྲིམས་སྐྱོང་གི་སྦྱོར་བར་བརྟེན་ནས་རིམས་ནད་འགོག་བཅོས་ཚོད་འཛིན་བྱ་བ་སྤེལ་ཞིང་།ཐོལ་བྱུང་དོན་རྐྱེན་ཚབས་ཆེན་ཐག་གཅོད་སྐབས་ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྲུན་བྱས་ཏེ།ཁྲིམས་ལྟར་སྲིད་སྐྱོང་དང་ཁྲིམས་ལྟར་སྲིད་འཛིན་པའི་ཆུ་ཚད་ཇེ་མཐོར་གཏོང་དགོས། འབྲེལ་ཡོད་སྡེ་ཁག་སོ་སོས་ལས་བགོ་གསལ་བོ་བྱེད་པ་དང་། ཧུར་ཐག་དང་རང་འགུལ་གྱིས་འགན་ནུས་སྒྲུབ་པ།ལས་འགན་དོན་འཁྱོལ་བཟང་བོ་བྱེད་པ་བཅས་བྱས་ཏེ།རིམས་ནད་འགོག་བཅོས་ཚོད་འཛིན་གྱི་ཁྲིམས་སྐྱོང་ཅན་གྱི་ཆུ་ཚད་ཇེ་མཐོར་བཏང་སྟེ།མི་དམངས་མང་ཚོགས་ཀྱི་ཚེ་སྲོག་གི་བདེ་ཐང་བདེ་འཇགས་ལ་དངོས་སུ་འགན་སྲུང་བྱེད་དགོས་ཞེས་ནན་གྱིས་བསྟན།
     གྲོས་ཚོགས་སྟེང་ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་རྒྱུ་རྒྱུན་འཁྱོངས་བྱེད་པ་ནི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁབ་ལམ་ལུགས་དང་རྒྱལ་ཁབ་བཅོས་སྐྱོང་མ་ལག་གི་ཁྱད་སྟོབས་མངོན་གསལ་ཡིན་ལ།ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ལག་ལེན་མདུན་ལ་གོམ་གང་སྤོས་ན།ཁྲིམས་སྐྱོང་འཛུགས་སྐྲུན་ཡང་དེའི་རྗེས་ལ་གོམ་གང་འདེད་དགོས།རང་རྒྱལ་གྱི་སྤྱི་ཚོགས་རིང་ལུགས་ཁྲིམས་སྐྱོང་ནི་ང་ཚོའི་ཏང་གི་རྒྱལ་སྐྱོང་སྲིད་འཛིན་གྱི་གཞུང་ལུགས་གྲུབ་འབྲས་དང་ལག་ལེན་ཉམས་མྱོང་ཡིན་ལ།ལམ་ལུགས་བཅོས་སྐྱོང་གི་ཆེས་གཞི་རྩ་དང་ཆེས་གཏན་འཇགས།ཆེས་བློས་འཁེལ་གྱི་འགན་སྲུང་ཡིན་པས།ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་དང་།ཁྲིམས་སྐྱོང་གིས་རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་ཁྲོད་དུ་ཐོན་པའི་ནུས་པ་བཟང་བོ་འདོན་པ།ཏང་གིས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་དང་ཁྲིམས་ལྟར་སྲིད་འཛིན་པའི་ནུས་པ་མཐོར་འདེགས་བྱེད་པ།ཁྲིམས་སྐྱོང་ལ་བརྟེན་ནས་མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱེད་པར་འགན་སྲུང་བྱེད་པ།ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཁྲིམས་སྐྱོང་མ་ལག་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་བ།ཁྲིམས་སྐྱོང་གིས་བཅོས་སྒྱུར་འཕེལ་རྒྱས་གཏན་འཇགས་བཅས་ལ་ཐོན་པའི་ཁྲིད་སྟོན་དང་དཔེ་སྟོན།འགན་སྲུང་ བཅས་ཀྱི་ནུས་པ་སྔར་ལས་བཟང་བོར་འདོན་པ།བྱང་ཚད་མཐོ་བའི་ཁྲིམས་སྐྱོང་བྱ་བའི་དཔུང་སྡེ་འཛུགས་སྐྲུན་བྱེད་པ་བཅས་བྱས་ཏེ།རྒྱལ་ཁབ་བཅོས་སྐྱོང་རིམ་བཞིན་དུ་ལམ་ལུགས་ཅན་དང་བརྒྱུད་རིམ་ཅན།ཚད་ལྡན་ཅན།ཁྲིམས་སྐྱོང་ཅན་བཅས་སུ་གཏོང་དགོས་ཞེས་ནན་གྱིས་བསྟན།
     ཀྲུང་དབྱང་ཕྱོགས་ཡོངས་ནས་རྒྱལ་ཁབ་ཁྲིམས་ལྟར་སྐྱོང་བའི་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཚོགས་འདུར་ཞུགས་པ་དང་། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཁག་གི་འགན་ཁུར་བློ་མཐུན་ཚོགས་འདུར་ཟུར་ཞུགས་བྱས།


©༢༠༡༧ཀན་ལྷོའི་ཏང་གི་འཛུགས་སྐྲུན་དྲ་བ། ཀྲུང་གུང་ཀན་ལྷོ་ཁུལ་ཨུའི་རྩ་འཛུགས་པུའུ་ཡིས་གཙོ་སྒྲུབ་བྱས་པས་པར་དབང་འདི་གར་དབང་།

སྡོད་གནས། ཀན་ལྷོ་ཁུལ་ཨུའི་གཅིག་གྱུར་གཞུང་ལས་ཐོག་ཁང་གི་དྲུག་ཐོག ཁ་པར། ༠༩༤༡--༨༢༢༢༡༥༩ སྦྲག་ཨང་། ༧༤༧༠༠༠

དྲ་ངོས་རྡེབ་ཚད།མི་ཐེངས། དྲ་ངོས་སྒྲིག་བཟོ། ཧུང་ཏེན་དྲ་རྒྱ།

甘公网安备 62300102000044号