今天是:

རེས་མོའི་གསར་འགྱུར།

ཀྲུང་དབྱང་གསུང་སྙན།

མདུན་ཤོག > རེས་མོའི་གསར་འགྱུར། > ཀྲུང་དབྱང་གསུང་སྙན།

ཀན་ལྷོ་ཁུལ་གྱིས་སྡེ་བ་དང་སྡོད་ཁུལ་དོ་དམ་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་བརྒྱབ་སྟེ་མཉམ་འགོག་མཉམ་བཅོས་ཀྱིས་རིམས་ནད་སྔོན་འགོག་བྱས་པ།

    གསར་བྱུང་ཏོག་དབྱིབས་ནད་དུག་འགོས་ནད་ཀྱི་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་ནུས་ཤུགས་ཡོད་རྒུས་སྒྲུབ་པ་དང་།རིམས་ནད་མཆེད་པར་བཀག་འགོག་ནུས་ལྡན་བྱས་ཏེ།རང་ཁུལ་གྱི་གཞིས་ཁུལ་ཁག་གི་སྡོད་མིའི་ཚེ་སྲོག་བདེ་ཐང་དང་རྒྱུན་གཏན་གྱི་ཐོན་སྐྱེད་དང་འཚོ་བའི་སྒྲིག་ལམ་བཅས་ལ་འགན་ལེན་བྱ་ཆེད།འབྲེལ་ཡོད་སྡེ་ཁག་གི་སྟོབས་ཤུགས་སྒྲིག་འཛུགས་ཧུར་ཐག་བྱས་ཏེ་རང་ཁུལ་གྱི་གསར་བྱུང་ཏོག་དབྱིབས་ནད་དུག་འགོས་ནད་ཀྱི་གློ་ཚད་སྔོན་འགོག་ཚོད་འཛིན་ལས་དོན་བཀོད་འདོམས་པུའུ་ཡི་གཅིག་གྱུར་བཀོད་འདོམས་གཞིར་བཟུང་སྟེ།སྒྲིག་འཛུགས་ནན་ཏན་དང་དྲིལ་བསྒྲགས་རྒྱ་ཁྱབ་ཏུ་སྤེལ་བ།ཇུས་ཤུགས་མཉམ་འདོན་དང་། འཕྲོད་བསྟེན་བདེ་ཐང་སོགས་སྡེ་ཁག་ལ་གཞོགས་འདེགས་བྱས་ནས་རིམས་ནད་སྔོན་འགོག་ཚོད་འཛིན་ཁྱབ་གདལ་འགྲོ་བའི་བྱེད་ཐབས་དོན་འཁྱོལ་ནན་མོ་བྱས་ཏེ་ཞིབ་ཕྲའི་སྔོན་འགོག་ཚོད་འཛིན་ལས་དོན་ཁག་ཏན་ཏིག་ངང་ཡག་པོ་སྒྲུབ་དགོས།
   གཅིག་ནི།  ཕྱི་ཡོང་མི་སྣ་ཚོད་འཛིན་ནན་མོ་བྱེད་དགོས། རྫོང་སྡོད་ཁང་དང་མཁར་གྲོང་འཛུགས་སྐྲུན་ཅུས་དང་། འཕྲོད་བསྟེན་བདེ་ཐང་ཅུས།སེ་ལེ་ཐང་གྲོང་རྡལ་འདབ་བརྒྱད་གཞིས་ཁུལ།སྡེ་ལས་ཀུང་སི་སོགས་འབྲེལ་ཡོད་སྡེ་ཁག་གི་སྟོབས་ཤུགས་སྒྲིག་འཛུགས་བྱས་ཏེ་རྫོང་ཡོངས་ཀྱི་གཞིས་ཁུལ་ཁག་གི་འཛུལ་སྒོའི་སྒྲིག་ལམ་སྲུང་སྐྱོབ་ལ་ཤུགས་སྣོན་རྒྱག་པ་དང་། ཕྱི་ནས་ཡོང་བའི་མི་སྣ་དང་ཕྱིར་ལོག་མི་སྣའི་ཐོ་འགོད་ས་ཚིགས་བཙུགས་ནས་ཐོ་འགོད་ཡག་པོ་བྱེད་དགོས།
   གཉིས་ནི།  ཕྱི་ཡོང་རླངས་འཁོར་ཚོད་འཛིན་ནན་མོ་བྱེད་དགོས། རྫོང་སྤྱི་བདེ་ཅུས་སོགས་སྡེ་ཚན་གྱིས་ཕྱི་ཕྱོགས་ནས་ཡོང་བའི་རླངས་འཁོར་གྲལ་བཤེར་དང་ཐོ་འགོད་ལས་དོན་སྤེལ་ཤུགས་ཆེ་རུ་གཏོང་བ་དང་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ཆེད་སྤྱོད་རླངས་འཁོར་དང་།ཚེ་སྲོག་སྲུང་སྐྱོབ།འཕྲལ་བསྟུན་ཉེན་སེལ་རླངས་འཁོར་ཕུད་རླངས་འཁོར་གཞན་གཅིག་ཀྱང་འགྲོ་འོང་བྱེད་མི་ཆོག་པས་མི་སྣ་འགྲོ་འོང་བྱེད་ཚད་ཉུང་དུ་ཕྱིན་ཡོད།
   གསུམ་ནི།ཁ་ཐུམ་བརྒྱབ་ནས་ཕྱི་རུ་འགྲོ་འོང་བྱེད་དགོས། ལས་དོན་མི་སྣས་ཁ་ཐུམ་མི་རྒྱག་པར་འགྲོ་འོང་བྱེད་པའི་མི་སྣར་དྲན་སྐུལ་དང་ཁ་ཏ་བསླབ་བྱ་བྱེད་པ་དང་།བེད་མེད་ཁ་ཐུམ་དང་གནོད་ཡོད་གད་སྙིགས་སོགས་རིགས་བསྒར་ནས་གཏན་འཁེལ་གྱི་གནས་སུ་འཕངས་སྟེ་གཅིག་གྱུར་སྒོས་སྐྱེལ་འདྲེན་དང་གཙང་བཅོས་ཡག་པོ་བྱེད་དགོས།
   བཞི་ནི། དུས་ལྟར་དུག་སེལ་བྱེད་དགོས། སྡེ་ལས་དོ་དམ་ས་ཁོངས་ནང་གི་འཕྲོད་བསྟེན་བཅོས་སྐྱོང་ལ་སྔར་བས་ཤུགས་སྣོན་བརྒྱབ་སྟེ་རྒྱུན་གཏན་གྱི་གཙང་སྦྲ་དང་འཕྲོད་བསྟེན་ཡག་པོ་བྱེད་པའི་རྨང་གཞིའི་ཐོག་གཙང་སེལ་བྱེད་ཤུགས་ཆེ་རུ་གཏོང་བ་མ་ཟད་ཆེད་ལས་མི་སྣ་བཀོད་སྒྲིག་བྱས་ནས་གཞིས་ཁུལ་ནང་གི་གློག་སྐས་དང་།བར་ཁྱམས།ཚོམས་ཆེན་སོགས་སྐྱེ་འཕེལ་སླ་བའི་ནད་འབུ་ཐོན་ཁུལ་དུ་དུས་བཀག་ལྟར་དུག་སེལ་བྱེད་དགོས།
   ལྔ་ནི། རྩིས་ཐོའི་དཔྱད་ཡིག་ཚད་ལྡན་བཟོ་དགོས། འགྲོ་འོང་བྱེད་མཁན་དང་།རླངས་འཁོར་ཐོ་འགོད་ཟིན་ཐོ།ནད་དུག་གཙང་སེལ་ཟིན་ཐོ།ལས་མིའི་བདེ་འཇགས་འགོག་སྲུང་བྱ་ཐབས་ཀྱི་ཇུས་གཞི་སོགས་ལ་རྩིས་ཁྲ་བཟོ་དགོས།
   དྲུག་ནི། སྙན་ཞུའི་ལམ་ལུགས་ལག་བསྟར་ནན་མོ་བྱེད་དགོས། རིམས་ནད་སྔོན་འགོག་ལས་དོན་གྱི་ཉིན་རེའི་སྙན་ཞུའི་ལམ་ལུགས་ལག་བསྟར་བྱས་ནས་ཉིན་ལྟར་རླངས་འཁོར་གཏོང་མཁན་ཐོ་འགོད་དང་།དུག་སེལ་ཐེངས་གྲངས།དུག་སེལ་རྒྱ་ཁྱོན་སོགས་ཀྱི་གནས་ཚུལ་དུས་ཐོག་ཏུ་འབྲེལ་ཡོད་སྡེ་ཁག་ལ་སྙན་སེང་ཞུ་དགོས།
   བདུན་ནི། དམངས་ཡོངས་ཀྱི་སྔོན་འགོག་ཚོད་འཛིན་གྱི་འདུ་ཤེས་མཐོ་རུ་གཏོང་དགོས། ཐབས་ལམ་མང་བ་དང་ཕྱོགས་ཡོངས་ནས་གསར་བྱུང་ཏོག་དབྱིབས་ནད་དུག་གི་རིམས་འགོག་ཤེས་བྱ་དྲིལ་བསྒྲགས་ལ་ཤུགས་སྣོན་བརྒྱབ་ནས་གཞིས་ཁུལ་གྱི་དྲིལ་བསྒྲགས་ར་བའི་ནང་རིམས་འགོག་དྲིལ་བསྒྲགས་རི་མོ་སྦྱར་བ་དང་།དྲིལ་བསྒྲགས་འཕྲེད་བྱང་འགེལ་བ།“སྐོར་སྐྱོད་དུང་བརྡ་ཆུང་ངུ”སོགས་ཀྱི་བྱེད་ཐབས་བརྒྱུད་མང་ཚོགས་ཀྱིས་ཚན་རིག་དང་མཐུན་པའི་སྔོན་འགོག་ཚོད་འཛིན་བྱེད་པ་ལས “དཀྲོག་གཏམ་མི་བཟོ་བ་དང་།དཀྲོག་གཏམ་མི་སྤེལ་པ།དཀྲོག་གཏམ་ལ་ཡིད་ཆེས་མི་བྱེད་པ”བཅས་ཀྱི་སྔོན་འགོག་ཚོད་ འཛིན་རྣམ་པ་བཏོད་པ་རེད།


©༢༠༡༧ཀན་ལྷོའི་ཏང་གི་འཛུགས་སྐྲུན་དྲ་བ། ཀྲུང་གུང་ཀན་ལྷོ་ཁུལ་ཨུའི་རྩ་འཛུགས་པུའུ་ཡིས་གཙོ་སྒྲུབ་བྱས་པས་པར་དབང་འདི་གར་དབང་།

སྡོད་གནས། ཀན་ལྷོ་ཁུལ་ཨུའི་གཅིག་གྱུར་གཞུང་ལས་ཐོག་ཁང་གི་དྲུག་ཐོག ཁ་པར། ༠༩༤༡--༨༢༢༢༡༥༩ སྦྲག་ཨང་། ༧༤༧༠༠༠

དྲ་ངོས་རྡེབ་ཚད།མི་ཐེངས། དྲ་ངོས་སྒྲིག་བཟོ། ཧུང་ཏེན་དྲ་རྒྱ།

甘公网安备 62300102000044号