今天是:

གནད་མཐོང་ཆེ་ཤོས།

རྒྱལ་ཡོངས་གནད་མཐོང་ཆེ་ཤོས།

མདུན་ཤོག > གནད་མཐོང་ཆེ་ཤོས། > རྒྱལ་ཡོངས་གནད་མཐོང་ཆེ་ཤོས།

གཏམ་བཟང་བསྒྲགས་བྱུང་།

རང་ཁུལ་གྱི་ཏོག་གསར་གློ་ཚད་གཏན་ཁེལ་བྱས་པའི་ནད་པ2དང་།  ནད་རྟགས་འདྲ་བའི་ནད་པ 2སྨན་ཁང་ནས་བུད།

 

说明: C:\Users\admin\Documents\WeChat Files\wxid_tw0jiwg5m33122\FileStorage\Temp\f36f48a7c297eb4aef9ae841b73f009d.jpg

དེ་རིང་སྔ་དྲོའི་ཆུ་ཚོད 11སྟེང་། ཀན་ལྷོ་ཁུལ་མི་དམངས་སྨན་ཁང་ནས་ཡང་གཏམ་བཟང་ཞིག་བསྒྲགས་བྱུང་།  དེ་ནི་ཏོག་གསར་གློ་ཚད་གཏན་ཁེལ་བྱས་པའི་ནད་པ2དང་།ནད་རྟགས་འདྲ་བའི་ནད་པ2སྨན་ཁང་ནས་བུད་པའི་གནས་ཚུལ་རེད།

ཏོག་གསར་གློ་ཚད་ཀྱི་རིམས་ནད་བྱུང་བ་དང་ལྷག་པར་དུ་ནད་པ་ཐོག་མ་བྱུང་རྗེས།ཀན་ལྷོ་ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་ཛ་དྲག་གི་ཚོགས་འདུ་རབ་དང་རིམ་པ་ཚོགས་ཏེ"དམངས་སེམས་གཅིག་མཐུན་དང་ཕྱར་བ་གྲུ་འདེགས”གྱིས་ ཐེངས་འདིའི་རིམས་ནད་ལས་རྣམ་པར་རྒྱལ་དགོས་པར་སྒུལ་ཤུགས་ཡང་ཡང་བསྩལ་བས་གྲུབ་འབྲས་བཟང་བོ་ཐོབ།

说明: C:\Users\admin\Documents\WeChat Files\wxid_tw0jiwg5m33122\FileStorage\Temp\07976dbd78fc820f7aa72313838e7c89.jpg

ནད་པ་ཐོག་མ་ལི་ག་གེ་མོ།ཕོ།ལོ60།ཀན་ལྷོ་ཁུལ་གཙོས་ཁྱེར་གྱི་མི་ཡིན།ཟླ2པའི་ཚེས1ཉིན་ལ་ཏོག་གསར་གློ་ཚད་ཀྱི་ནད་དཔེར་གཏན་ཁེལ་བྱས་ནས། ཀན་ལྷོ་ཁུལ་མི་དམངས་སྨན་ཁང་དུ་ལོགས་སུ་བཀར་ནས་སྨན་བཅོས་བྱས།

ནད་པ་རུས་ལིན་ག་གེ་མོ།ཕོ།ལོ41།ཐེན་ཧྲེའུ་གྲོང་ཁྱེར་ཝུའུ་ཧྲན་རྫོང་གི་མི་ཡིན།ད་ལྟ་ཀན་ལྷོ་ཁུལ་གཙོས་གྲོང་ཁྱེར་དུ་བསྡད་ཡོད།ཟླ2པའི་ཚེས5ཉིན་ཀན་ལྷོ་ཁུལ་མི་དམངས་སྨན་ཁང་གིས་ཏོག་གསར་གློ་ཚད་ཀྱི་ནད་དཔེར་གཏན་ཁེལ་བྱས་ ནས་སྨན་བཅོས་བྱས།

ཞིང་ཆེན་དང་ཁུལ་རིམ་པའི་སྨན་པ་ཆེད་མཁས་པས་ཞིབ་འཇུག་བརྡར་གཅོད་བྱས་ནས་ནད་པར་རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གིཏོག་གསར་གློ་ཚད་རིམས་ནད་ཀྱི་བཅོས་ཐབསཚོད་ལྟའི་ལག་བསྟར་པར་གཞི་ལྔ་བ)ཁྲོད་ཀྱི་སྨན་ཁང་ནས་སྒོར་འབུད་པའི་ཚད་གཞི་དང་མཐུན་པས།ལོགས་བཀར་འགྲོལ་ཞིང་དྲག་སྐྱེད་བྱུང་ནས་སྨན་ཁང་ནས་བུད།།


©༢༠༡༧ཀན་ལྷོའི་ཏང་གི་འཛུགས་སྐྲུན་དྲ་བ། ཀྲུང་གུང་ཀན་ལྷོ་ཁུལ་ཨུའི་རྩ་འཛུགས་པུའུ་ཡིས་གཙོ་སྒྲུབ་བྱས་པས་པར་དབང་འདི་གར་དབང་།

སྡོད་གནས། ཀན་ལྷོ་ཁུལ་ཨུའི་གཅིག་གྱུར་གཞུང་ལས་ཐོག་ཁང་གི་དྲུག་ཐོག ཁ་པར། ༠༩༤༡--༨༢༢༢༡༥༩ སྦྲག་ཨང་། ༧༤༧༠༠༠

དྲ་ངོས་རྡེབ་ཚད།མི་ཐེངས། དྲ་ངོས་སྒྲིག་བཟོ། ཧུང་ཏེན་དྲ་རྒྱ།

甘公网安备 62300102000044号