今天是:

གནད་མཐོང་ཆེ་ཤོས།

རྒྱལ་ཡོངས་གནད་མཐོང་ཆེ་ཤོས།

མདུན་ཤོག > གནད་མཐོང་ཆེ་ཤོས། > རྒྱལ་ཡོངས་གནད་མཐོང་ཆེ་ཤོས།

ཀྲའོ་ལིན་ཡུན་གྱིས་རིམས་འགོག་བྱ་བར་མཛུབ་སྟོན་བྱས་པ།

    ཟླ2པའི་ཚེས17ཉིན་ལ།ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན།ཁུལ་རིམས་ནད་སྔོན་འགོག་དང་ཚོད་འཛིན་འགོ་ཁྲིད་ཚན་ཆུང་གི་ཚན་གཙོ་ཀྲའོ་ལིན་ཡུན་གྱིས་ཁུལ་མི་དམངས་སྨན་ཁང་དང་གཙོས་གྲོང་ཁྱེར་གྱི་འབྲེལ་ཡོད་སྡོད་ཁུལ་དུ་གློ་ཚད་ཀྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱ་བ་ལ་ལྟ་སྐུལ་ཞིབ་བཤེར་དང་མཛུབ་སྟོན་བྱས།
    ཀྲའོ་ལིན་ཡུན་འཁོར་དང་བཅས་པ་ཐོག་མར་ཁུལ་མི་དམངས་སྨན་ཁང་དུ་སོང་ནས་འཐབ་ས་དང་པོ་བརྟན་སྲུང་བྱེད་མཁན་གྱི་སྨན་བཅོས་མི་སྣར་འཚམས་འདྲི་བྱས་ཤིང་།ཡུལ་དངོས་སུ་ཚ་རྒྱག་པའི་སྒོ་བསྟེན་སྨན་བཅོས་ཀྱི་བྱ་བའི་ཆ་རྐྱེན་དང་།ཚ་རྒྱག་པའི་ནད་པའི་སྨན་བཅོས་གནས་ཚུལ་ལ་རྟོག་ཞིབ་བྱས་པ།སྨན་ཁང་གི་འགན་འཁུར་བའི་འབྲེལ་ཡོད་གནས་ཚུལ་སྙན་ཞུ་ལ་ནན་ཏན་སྒོས་ཉན་པ་མ་ཟད།གསར་བཟོ་བྱས་ཤིང་བེད་སྤྱོད་གཏོང་འགོ་ཚུགས་པའི་ཟུར་འཇོག་ནད་ཁང་གསར་བ་དང་ལས་རེས་སྨན་པ།ནད་གཡོག་གི་བྱ་བའི་ཁོར་ཡུག་སོགས་ལ་བལྟས་པ་དང་།སྨན་ཁང་གི་འགོག་སྲུང་མཁོ་ཆས་གྲབས་གསོག་གནས་ཚུལ་ལ་བཅར་འདྲི་བྱས་ཞིང་།འབྲེལ་ཡོད་སྡེ་ཁག་ལ་གང་མགྱོགས་སྒོས་བྱ་ཐབས་སྤྱད་དེ་སྨན་ཁང་གི་དངོས་ཟོག་མི་འདང་བའི་གནད་དོན་ཐག་གཅོད་བྱ་དགོས་པའི་བླང་བྱ་བཏོན།      
    ཀྲའོ་ལིན་ཡུན་གྱིས་ཁུལ་ཡོངས་ཀྱི་གནས་གཏན་འཁེལ་གྱི་བསྡུ་བཅོས་སྨན་ཁང་ཡིན་པའི་ཁུལ་མི་དམངས་སྨན་ཁང་གིས་གཞི་ཚུགས་ས་མཐོན་པོ་དང་།འགན་འཁྲི་ལྕི་མོ་འཁུར་ཕོད་པ།ཚན་རིག་དང་མཐུན་པ།ལྷོད་གཡེང་སྤུ་ཙམ་མེད་པ་བཅས་ཀྱི་སྒོ་ནས་སྨན་ཁང་དུ་ཡོང་བའི་ནད་པའི་ནད་བརྟག་སྨན་བཅོས་དང་སྐྱོབ་བཅོས་བྱ་བ་ལ་དམ་འཛིན་བཟང་བོ་བྱས་ཏེ་རིམ་དབྱེ་རིགས་དབྱེ་ནུས་ལྡན་དང་གོ་རིམ་ལྡན་པ་མཐའ་འཁྱོངས་ཀྱིས་ཚ་རྒྱག་པ་དང་།དོགས་པ་ཡོད་པ།ནད་གཞི་གཏན་འཁེལ་བྱེད་པ།ནད་གཞི་ལྕི་མོ་ཕོག་པ་སོགས་རིགས་མི་འདྲ་བའི་ནད་པར་དམིགས་ནས་རིགས་དབྱེ་མཛུབ་སྟོན་བྱས་ཏེ་གནད་འཁེལ་ཇུས་འདོན་དང་ཚན་རིག་དང་མཐུན་པའི་འགོག་བཅོས་བྱས་ནས་དྲག་སྐྱེད་བྱུང་ཚད་ཧུར་ཐག་སྒོས་མཐོ་རུ་གཏོང་དགོས་ཞེས་བཤད།རིགས་གཅིག་མཁས་ཅན་གྱིས་སྐྱོབ་བཅོས་དང་།འགོ་ཁྲིད་ཀྱིས་འགོ་ཁྲིད་པ།སྨན་པ་དང་ནད་གཡོག་གི་ལས་གནས་རེས་སྐོར་བཅས་ཀྱི་ལམ་ལུགས་མཐའ་འཁྱོངས་བྱས་ནས་བྱ་བའི་བརྒྱུད་རིམ་ལག་བསྟར་ནན་མོ་བྱས་ཏེ་སྟོང་ཆ་མི་ཐོན་པ་དང་ཆད་ལུས་མི་ཡོང་བ་འགན་ལེན་བྱ་དགོས་ལ།སྨན་བཅོས་མི་སྣའི་རང་ངོས་ཀྱི་འགོག་སྲུང་འདུ་ཤེས་ཟབ་ཏུ་བཏང་ནས་འགོག་སྲུང་བྱ་ཐབས་ཁག་མཐའ་གཅིག་ཏུ་དོན་འཁྱོལ་བྱས་ཏེ་སྨན་བཅོས་མི་སྣའི་ལུས་སེམས་བདེ་ཐང་འགན་ལེན་བྱ་དགོས་པ་ནན་གྱིས་བསྟན།
    དེའི་རྗེས་སུ་ཀྲའོ་ལིན་ཡུན་འཁོར་དང་བཅས་པ་ཁུལ་མི་དམངས་སྨན་ཁང་གི་ཁྱིམ་མིའི་སྡོད་ཁུལ་དང་། གཙོས་གྲོང་ཁྱེར་ཚོང་དོན་ཁང་གསར་བའི་ཁྱིམ་མིའི་སྡོད་ཁུལ།བཟོ་ཚོང་དངུལ་ཁང་གི་ཁྱིམ་མིའི་སྡོད་ཁུལ་བཅས་སུ་སོང་ནས་སྡོད་ཁུལ་གྱི་འགྲོ་འོང་མི་སྣར་དོ་དམ་ཚོད་འཛིན་དང་།རིམས་འགོག་ཤེས་བྱ་དྲིལ་བསྒྲགས།དྲོད་ཚད་ཚད་ལེན།དུག་སེལ་སོགས་ཀྱི་བྱ་ཐབས་དོན་འཁྱོལ་བྱས་ཚུལ་ལ་ཤེས་རྟོགས་ཞིབ་ཕྲ་བྱས་པ་དང་ལས་རེས་རྩིས་ཁྲ་ཞིབ་བཤེར་བྱས།།


©༢༠༡༧ཀན་ལྷོའི་ཏང་གི་འཛུགས་སྐྲུན་དྲ་བ། ཀྲུང་གུང་ཀན་ལྷོ་ཁུལ་ཨུའི་རྩ་འཛུགས་པུའུ་ཡིས་གཙོ་སྒྲུབ་བྱས་པས་པར་དབང་འདི་གར་དབང་།

སྡོད་གནས། ཀན་ལྷོ་ཁུལ་ཨུའི་གཅིག་གྱུར་གཞུང་ལས་ཐོག་ཁང་གི་དྲུག་ཐོག ཁ་པར། ༠༩༤༡--༨༢༢༢༡༥༩ སྦྲག་ཨང་། ༧༤༧༠༠༠

དྲ་ངོས་རྡེབ་ཚད།མི་ཐེངས། དྲ་ངོས་སྒྲིག་བཟོ། ཧུང་ཏེན་དྲ་རྒྱ།

甘公网安备 62300102000044号