今天是:

གནད་མཐོང་ཆེ་ཤོས།

རྒྱལ་ཡོངས་གནད་མཐོང་ཆེ་ཤོས།

མདུན་ཤོག > གནད་མཐོང་ཆེ་ཤོས། > རྒྱལ་ཡོངས་གནད་མཐོང་ཆེ་ཤོས།

རིམས་ནད་སྔོན་འགོག་བྱ་བ་རྒྱལ་ཁ་ལེན་དགོས་ཞེས་ནན་གྱིས་བསྟན།

    ཟླ2པའི་ཚེས15ཉིན་གྱི་དགོང་མོར།ཞིང་ཆེན་དམངས་ཆེན་རྒྱུན་ཨུ་ཁང་གི་ཀྲུའུ་རེན་གཞོན་པའམ།ཁུལ་ཨུའི་ཧྲུའུ་ཅི་ཡུས་ཁྲིན་ཧུའེ་ཡིས་གཙོ་འགན་ཁུར་ནས་ཁུལ་ཏོག་གསར་གློ་ཚད་མཉམ་འགོག་མཉམ་བཅོས་འགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་ཐེངས་བཅོ་ལྔ་བ་ཚོགས་སྟེ།ཁུལ་ཡོངས་ཀྱི་རིམས་ནད་མཉམ་འགོག་མཉམ་བཅོས་བྱ་བའི་འཕེལ་རིམ་དང་གནས་ཚུལ་ཡར་ཞུ་ལ་ཉན་པ་དང་།ཕྲ་ཞིང་ཞིབ་པའི་སྒོ་ནས་མིག་སྔའི་སྔོན་འགོག་དང་ཚོད་འཛིན་བྱ་བའི་མི་འདང་ས་དང་གནད་དོན་ལ་དབྱེ་ཞིབ་བྱས་ཤིང་། རྗེས་ཕྱོགས་ཀྱི་བྱ་བའི་ཁ་ཕྱོགས་དང་གནད་སར་ཞིབ་འཇུག་བྱས་ནས་རེ་བ་ནན་མོ་བཏོན།
    ཁུལ་གྱི་འགོ་ཁྲིད་པ། ཀྲའོ་ལིན་ཡུན། ཧོ་མུའོ་པའོ། དབྱང་ཅོན། ཧྲི་ཡོན་ཧྥིན། ཧྲི་ཀྲན་ལིའང། ཝང་ཧྲང་ཞའེ། ལུའི་ཀྲི་ཅོན། ལུའོ་ཡུན་ཀའེ། ནམ་མཁའ་སངས་རྒྱས། ཕུའུ་ཁྲོན་ཧུང་། ཝང་ཅན་ཅོན། ཝང་ཧྥང་། ལེང་ཝེ་ཅེ། ཀྲོའུ་མེ། ད་དུང་ཁུལ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གི་འགན་ཁུར་བློ་མཐུན་བཅས་ཚོགས་འདུར་ཞུགས།
    ཡུས་ཁྲིན་ཧུའེ་ཡིས་ཁུལ་ཡོངས་ཀྱི་རིམས་ནད་སྔོན་འགོག་གི་གནས་བབ་ད་དུང་ཛ་དྲག་ཡིན་པས། རིམས་ནད་དག་སེལ་དང་སྨན་བཅོས་སྲུང་སྐྱོབ།དངོས་རྫས་ཁག་ཐེག་བྱེད་པའི་བྱ་བ་སྔར་ལས་ཤུགས་བསྣན་ནས།རིམས་ནད་སྔོན་འགོག་བྱ་བ་ནན་འཛིན་བྱ་དགོས་ཞེས་ནན་གྱིས་བསྟན།ཀྲའོ་ལིན་ཡུན་གྱིས་རིམས་ནད་སྔོན་འགོག་བྱ་བ་གལ་ཆེན་དུ་བཟུང་ནས་དམ་འཛིན་བྱེད་པ་དང་།ནུས་ཤུགས་ཡོད་རྒུས་རིམས་ནད་སྔོན་འགོག་བྱ་བའི་གནད་ཁེལ་རང་བཞིན་དང་ཚད་ལྡན་རང་བཞིན་ཆེ་རུ་གཏོང་དགོས་ལ།ཕྱོགས་ཡོངས་ནས་རིམས་ནད་སྔོན་འགོག་གི་ཚན་རིག་ཅན་གྱི་ཆུ་ཚད་མཐོར་འདེགས་སུ་བཏང་སྟེ།གོ་རིམ་ལྡན་ལ་ཕན་ནུས་ལྡན་པའི་སྒོ་ནས་ཁེ་ལས་བཟོ་གྲྭའི་ལས་ཚོགས་འགོ་རྩོམ་པར་སྐུལ་འདེད་བཏང་ནས།རིམས་ནད་སྔོན་འགོག་དང་དཔལ་འབྱོར་འཕེལ་རྒྱས་ཡོང་བར་ཕན་ཚུན་ལ་དལ་འགོར་དང་ཤུགས་རྐྱེན་མི་ཐེབས་པ་བྱ་དགོས་པའི་བླང་བྱ་ནན་མོ་བཏོན།།


©༢༠༡༧ཀན་ལྷོའི་ཏང་གི་འཛུགས་སྐྲུན་དྲ་བ། ཀྲུང་གུང་ཀན་ལྷོ་ཁུལ་ཨུའི་རྩ་འཛུགས་པུའུ་ཡིས་གཙོ་སྒྲུབ་བྱས་པས་པར་དབང་འདི་གར་དབང་།

སྡོད་གནས། ཀན་ལྷོ་ཁུལ་ཨུའི་གཅིག་གྱུར་གཞུང་ལས་ཐོག་ཁང་གི་དྲུག་ཐོག ཁ་པར། ༠༩༤༡--༨༢༢༢༡༥༩ སྦྲག་ཨང་། ༧༤༧༠༠༠

དྲ་ངོས་རྡེབ་ཚད།མི་ཐེངས། དྲ་ངོས་སྒྲིག་བཟོ། ཧུང་ཏེན་དྲ་རྒྱ།

甘公网安备 62300102000044号