今天是:

གནད་མཐོང་ཆེ་ཤོས།

རྒྱལ་ཡོངས་གནད་མཐོང་ཆེ་ཤོས།

མདུན་ཤོག > གནད་མཐོང་ཆེ་ཤོས། > རྒྱལ་ཡོངས་གནད་མཐོང་ཆེ་ཤོས།

མྱུར་བགྲོད་གཞུང་ལམ་གྱི་ཞབས་ཞུའི་ཁུལ་སོགས་སླར་གསོ་བྱས།

   ཟླ2པའི་ཚེས14ཉིན་བར་རང་རེའི་ཞིང་ཆེན་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་རྐྱེན་གྱིས་གནས་སྐབས་སྒོ་བརྒྱབ་པའི་མྱུར་བགྲོད་གཞུང་ལམ་རིན་བསྡུའི་ས་ཚིགས74དང་།མྱུར་བགྲོད་གཞུང་ལམ་གྱི་ཞབས་ཞུའི་ཁུལ32།རླངས་ འཁོར་འཇོག་ས5བཅས་ཀྱི་ལས་གཉེར་སླར་གསོ་བྱས།
   རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གི《གཞུང་ལམ་འགྲིམ་འགྲུལ་ཤར་གཏོང་འགན་ལེན་བྱ་བ་ཡག་པོ་བསྒྲུབས་ནས་མི་དང་རླངས་འཁོར་རྒྱུན་གཏན་ལྟར་ཤར་གཏོང་ཐུབ་པའི་འགན་ལེན་བྱ་རྒྱུའི་སྐོར་གྱི་བརྡ་ཐོའི》དགོངས་དོན་དང་ཞིང་ཆེན་སྲིད་གཞུང་གཞུང་དོན་ཐིང་གི་འབྲེལ་ཡོད་བརྡ་ཐོའི་བླང་བྱ་གཞིར་བཟུང་ནས།རིམས་ནད་སྔོན་འགོག་ཚོད་འཛིན་དང་འགྲིམ་འགྲུལ་སྐྱེལ་འདྲེན་འགན་ལེན་བྱ་བ་ཡག་པོ་སྒྲུབ་ཆེད།རང་རེའི་ཞིང་ཆེན་གྱི་འགྲིམ་འགྲུལ་སྐྱེལ་འདྲེན་ལས་རིགས་ཀྱིས་ཞབས་ཞུ་འགན་ལེན་གྱི་བྱ་ཐབས་སྔར་བས་ཆེ་རུ་བཏང་སྟེ་མི་དང་རླངས་འཁོར་ཤར་གཏོང་ཐུབ་པ་དང་དངོས་ཟོག་གལ་ཆེན་སྐྱེལ་འདྲེན་ཤར་གཏོང་ཐུབ་པའི་འགན་ལེན་བྱས།གཅིག་ཏུ་སྤྱི་དམངས་ཕྱིར་སྐྱོད་ཀྱི་ཆ་འཕྲིན་ཞབས་ཞུར་ཤུགས་བསྣན་པ། དྲ་ཚིགས་དང་། སྐད་འཕྲིན། འགྲིམ་འགྲུལ་རླུང་འཕྲིན། ཀན་སུའུ་མྱུར་བགྲོདAPPསོགས་བརྒྱུད་དེ་ལམ་གྱི་གནས་ཚུལ་དང་། གནམ་གཤིས། རིན་བསྡུའི་ས་ཚིགས(ཞབས་ཞུའི་ས་ཁུལ)ཀྱི་ལས་གཉེར་ཆ་འཕྲིན་དུས་ཐོག་ཏུ་ཁྱབ་ བསྒྲགས་བྱས་པ་དང་།གཉིས་སུ་གཙོ་གནད་དངོས་ཟོག་སྐྱེལ་འདྲེན་འགན་ལེན་ལ་ཤུགས་བསྣན་པ།རིམས་འགོག་བྱ་བའི་སྤྱིའི་བླང་བྱ་གཞིར་བཟུང་སྟེ།རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་འཕྲལ་སྡོམ་དངོས་ཟོག་སྐྱེལ་འདྲེན་ནུས་ཤུགས་ཡོད་རྒུས་འགན་ལེན་བྱས། རྒྱལ་ཇུས་དམངས་འཚོ་དང་འབྲེལ་བ་ཡོད་པའི་གློག་དང་སོལ་བ། སྣུམ། འབྲུ་རིགས་དང་། ཤ་རིགས། སྔོ་ཚལ་སོགས་དངོས་ཟོག་གལ་ཆེན་སྐྱེལ་འདྲེན་ཁག་ཐེག་བྱས།གསུམ་དུ་ཤར་གཏོང་འགན་ལེན་དང་མཁོ་སྒྲུབ་མཉམ་སྒུལ་ལ་ཤུགས་བསྣན་པ།ཞིང་ཆེན་ཡོངས་ཀྱི་མྱུར་བགྲོད་གཞུང་ལམ་གྱི་གེགས་སེལ་རོགས་སྐྱོབ་སྡེ་ཚན་གྱིས་ཞིང་ཆེན་ཡོངས་ཀྱི་ལམ་དྲའི་གཙོ་གནད་ལམ་དུམ་དུ་རོགས་སྐྱོབ་ཤར་གཏོང་ལས་སྒྲུབ་ས་ཚིགས100ལྷག་ཙམ་བཙུགས་པ་དང་སྐོར་སྐྱོད་སྐོར་ཞིབ་ཚན་ཆུང་32བཙུགས་པ་མ་ཟད། འགྲིམ་འགྲུལ་ཉེན་རྟོག་པ་དང་། ལམ་སྲིད། བདག་སྐྱོང་སོགས་སྡེ་ཚན་དང་མཉམ་འབྲེལ་གཞོགས་འདེགས་བྱེད་ཤུགས་ཆེ་རུ་བཏང་ནས་ཐོལ་བྱུང་དོན་རྐྱེན་མགྱོགས་མྱུར་ཐག་གཅོད་བྱས་ཏེ་མྱུར་བགྲོད་གཞུང་ལམ་བདེ་འཇགས་ངང་ཤར་གཏོང་ཐུབ་རྒྱུར་ནུས་ཤུགས་ཡོད་རྒུས་འགན་ལེན་བྱས།བཞི་རུ་ཞབས་ཞུའི་ཁུལ་གྱི་གཉེར་སྐྱོང་དོ་དམ་ལ་ཤུགས་བསྣན། གཉེར་སྐྱོང་བྱེད་སའི་དུག་སེལ་དང་། འགོག་སྲུང་། རླུང་རྒྱུ་སོགས་ཀྱི་རིམས་འགོག་བྱ་ཐབས་དོན་འཁྱོལ་བྱས་ཏེ་སྤྱི་བའི་གསང་སྤྱོད་དང་སྒོ་རྩིས་ཚོང་ཁང་སོགས་མི་ཚོགས་འདུ་འཛོམས་ཆེ་བའི་ས་ཁོངས་སུ་ཆེད་དོན་མི་སྣ་མངགས་ནས་ལུས་པོའི་དྲོད་ཚད་ཞིབ་དཔྱད་ཚད་ལེན་བྱས་ཏེ་ལུས་པོའི་དྲོད་ཚད་རྒྱུན་ལྡན་མིན་པའི་མི་སྣར་ལྟ་ཞིབ་བྱས། ཕྱོགས་ཡོངས་ནས་སྟབས་བདེའི་ཚོང་ཁང་སྒོ་ཕྱེ་སྟེ་ཚོང་ཟོག་འདང་ངེས་མཁོ་འདོན་དང་རིན་གོང་བརྟན་པོ་ཡོང་བ་འགན་ལེན་བྱས་པ་དང་། དམངས་ཕན་ཞབས་ཞུ་ཡག་པོ་བསྒྲུབས་ནས་ཆུ་ཚོད24རིང་རིན་མེད་ངང་ཆུ་ཁོལ་མཁོ་འདོན་བྱས།།


©༢༠༡༧ཀན་ལྷོའི་ཏང་གི་འཛུགས་སྐྲུན་དྲ་བ། ཀྲུང་གུང་ཀན་ལྷོ་ཁུལ་ཨུའི་རྩ་འཛུགས་པུའུ་ཡིས་གཙོ་སྒྲུབ་བྱས་པས་པར་དབང་འདི་གར་དབང་།

སྡོད་གནས། ཀན་ལྷོ་ཁུལ་ཨུའི་གཅིག་གྱུར་གཞུང་ལས་ཐོག་ཁང་གི་དྲུག་ཐོག ཁ་པར། ༠༩༤༡--༨༢༢༢༡༥༩ སྦྲག་ཨང་། ༧༤༧༠༠༠

དྲ་ངོས་རྡེབ་ཚད།མི་ཐེངས། དྲ་ངོས་སྒྲིག་བཟོ། ཧུང་ཏེན་དྲ་རྒྱ།

甘公网安备 62300102000044号