今天是:

གནད་མཐོང་ཆེ་ཤོས།

རྒྱལ་ཡོངས་གནད་མཐོང་ཆེ་ཤོས།

མདུན་ཤོག > གནད་མཐོང་ཆེ་ཤོས། > རྒྱལ་ཡོངས་གནད་མཐོང་ཆེ་ཤོས།

ཁུལ་ཨུའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚན་ཆུང་གི་གྲོས་ཚོགས་བསྡུས།

     ཟླ11པའི་ཚེས17ཉིན་ལ།ཞིང་ཆེན་དམངས་ཆེན་རྒྱུན་ཨུ་ཁང་གི་ཀྲུའུ་རེན་གཞོན་པའམ་ཁུལ་ཨུའི་ཧྲུའུ་ཅི་ཡུས་ཁྲིན་ཧུའེ་ཡིས་གཙོ་འགན་ཁུར་ནས་ཁུལ་ཨུའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚན་ཆུང་གི་གྲོས་ཚོགས་བསྡུས་ཏེ་ཏང་གི་སྐབས་བཅུ་དགུ་བའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་བའི་དགོངས་དོན་ཆེད་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས།
     ཚོགས་འདུའི་ཐོག ཡུས་ཁྲིན་ཧུའེ་ཡིས 《ཀྲུང་གུང་ཀྲུང་དབྱང་གིས་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལོ་ལྔའི་འཆར་གཞི་ཨང་བཅུ་བཞི་བ་དང2035ལོའི་རྒྱང་རིང་གི་དམིགས་ཚད་གཏན་འབེབས་བྱེད་པ་དང་འབྲེལ་བའི་གྲོས་གཞི》སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསལ་བཤད་བརྒྱུད་བསྒྲགས་བྱས་ཤིང་། ཁུལ་ཡོངས་ཀྱི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་བའི་དགོངས་དོན་སློབ་སྦྱོང་དྲིལ་བསྒྲགས་དང་ལག་ལེན་དོན་འཁྱོལ་བྱ་རྒྱུའི་ཐད་བླང་བྱ་བཏོན།
     ཁུལ་ཨུའི་རྒྱུན་ཨུའམ་ཁུལ་ཨུའི་རྩ་འཛུགས་པུའུ་ཡི་པུའུ་ཀྲང་ལུའེ་ཀྲེ་ཅུན་གྱིས 《ཀྲུང་གུང་ཀྲུང་དབྱང་གཞུང་སྒྲུབ་ཐིང་གིས་སྐབས་བཅུ་དགུ་བའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་བའི་དགོངས་དོན་སློབ་སྦྱོང་དང་དྲིལ་བསྒྲགས་བྱེད་པའི་སྐོར་གྱི་བརྡ་ཐོ》བརྒྱུད་བསྒྲགས་བྱས། 
     ཁུལ་ཨུའི་རྒྱུན་ཨུའམ་གཙོས་གྲོང་ཁྱེར་གྱི་ཏང་ཨུའི་ཧྲུའུ་ཅི་ལིའུ་ཡུང་ཀོ་དང་ཁུལ་ཨུའི་རྒྱུན་ཨུའམ་ཁུལ་དཔོན་གཞོན་པ་ཧྥུན་ཞའོ་ལིན།ཁུལ་དམངས་ཆེན་རྒྱུན་ཨུ་ཁང་གི་ཀྲུའུ་རེན་གཞོན་པ་ཝང་ཡ་ནན།ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཨན་ཞུན་ལིན་བཅས་ཀྱིས་རང་ཉིད་ཀྱི་བྱ་བའི་དོན་དངོས་དང་ཟུང་འབྲེལ་བྱས་ནས་བསམ་བློ་བརྗེ་རེས་ཚུལ་དུ་བགྲོ་གླེང་་དང་གཏམ་བཤད།
     ཡུས་ཁྲིན་ཧུའེ་ཡིས། རྒྱལ་ནང་གི་འཁོར་རྒྱུག་ཆེན་པོ་གཙོ་བོར་འཛིན་པ་དང་རྒྱལ་ནང་དང་རྒྱལ་སྤྱིའི་འཁོར་རྒྱུག གཉིས་ཕན་ཚུན་སྐུལ་འདེད་གཏོང་བའི་འཕེལ་རྒྱས་ཀྱི་རྣམ་པ་གསར་བ་འཛུགས་རྒྱུ་ནི་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་རང་རྒྱལ་གྱི་འཕེལ་རྒྱས་དུས་རིམ་དང་།འཕེལ་རྒྱས་ཀྱི་ཁོར་ཡུགའཕེལ་རྒྱས་ཀྱི་འགྱུར་ལྡོག་བཅས་ལ་གཞིགས་པ་དང་།ལྷག་པར་དུ་རང་རྒྱལ་གྱི་བསྡུར་གཞི་ཡོད་པའི་བཟང་ཆར་འགྱུར་ལྡོག་བྱུང་བར་གཞིགས།དུས་དཔག་བབ་བསྟུན་གྱིས་ཐག་བཅད་པའི་ཐབས་ཇུས་གལ་ཆེན་ནི་མིག་སྔར་གཞི་ཚུགས་པ་དང་ཕུགས་ལ་དམིགས་པའི་འཐབ་ཇུས་ཀྱི་ཇུས་འགོད་ཡིན།ང་ཚོས་ངེས་པར་དུ་ཁྱོན་ཡོངས་དང་འཐབ་ཇུས་ཀྱི་མཐོ་ཚད་ནས་ཁོང་དུ་ཆུད་པ་དང་ལག་ལེན་དོན་འཁྱོལ་ནན་མོ་བྱ་དགོས་ལ། གྲུབ་ཆ་གཙོ་བོ་དང་གནད་འགག་ཁོང་དུ་ཆུད་པ། མ་མཐའི་ཚད་ཐིག་ཁོང་དུ་ཆུད་པ་བཅས་བྱེད་པར་བརྟེན། འཕེལ་རྒྱས་ཀྱི་རྣམ་པ་གསར་བར་དོ་ཁུར་བྱས་ཏེ། གོམ་པ་ཡག་པོ་ཞིག་སྤོ་ཐུབ་པ་དང་འགོ་ཡག་པོ་འཛུགས་ཐུབ་པ་བྱ་དགོས། རྒྱལ་ཁབ་ཀྱི་སྤྱིའི་བདེ་འཇགས་ལྟ་བ་རྒྱུན་འཁྱོངས་དང་རྒྱལ་ཁབ་ཀྱི་ཁེ་ཕན་བླ་ན་མེད་པ་རྒྱུན་འཁྱོངས་བྱ་དགོས།བདེ་འཇགས་ཁྲོད་འཕེལ་རྒྱས་གཏོང་རྒྱུ་དེ་ཐོག་མཐའ་བར་གསུམ་དུ་བཅོས་སྒྱུར་དང་འཕེལ་རྒྱས།གཏན་འཇགས་བཅས་ཀྱི་ཁྱབ་ཁོངས་ཁག་དང་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་བྱས་ནས་ཉེན་ཁ་དང་མངོན་མེད་རྐྱེན་ངན་སྣ་ཚོགས་སྔོན་འགོག་དང་སེལ་ཐབས་ནུས་ལྡན་བྱ་དགོས། ཆབ་སྲིད་བདེ་འཇགས་དང་དཔལ་འབྱོར་བདེ་འཇགས། མི་དམངས་བདེ་འཇགས། སྤྱི་ཚོགས་བདེ་ འཇགས་བཅས་འགན་སྲུང་གང་ལེགས་བྱེད་པ་དང་མི་དམངས་བདེ་སྡོད་ལས་བརྩོན་དང་།སྤྱི་ཚོགས་གཏན་འཇགས་སྒྲིག་ལྡན། རྒྱལ་ཁབ་ཡུན་རིང་བདེ་འགོད་བཅས་ཡོང་བར་སྐུལ་འདེད་གཏོང་དགོས་ཞེས་ནན་གྱིས་བསྟན།
     ཚོགས་འདུའི་ཐོག 《ཀྲུང་གོ་གུང་ཁྲན་ཏང་སྐབས་བཅུ་དགུ་བའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་བའི་སྤྱི་བསྒྲགས》དང 《ཀྲུང་གུང་ཀྲུང་དབྱང་གིས་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལོ་ལྔའི་འཆར་གཞི་ཨང་བཅུ་བཞི་བ་དང2035ལོའི་རྒྱང་རིང་གི་དམིགས་ཚད་གཏན་འབེབས་བྱེད་པ་དང་ འབྲེལ་བའི་གྲོས་གཞི》ཡིག་ཐོག་ནས་བརྒྱུད་བསྒྲགས་བྱས།
ཁུལ་ཨུའི་རྒྱུན་ལས་ཨུ་ཡོན་སོ་སོ་དང་ཁུལ་དམངས་ཆེན་རྒྱུན་ཨུ་ཁང་། ཁུལ་སྲིད་གཞུང་། ཁུལ་སྲིད་གྲོས།ཁུལ་ཁྲིམས་ཁང་དང་ཞིབ་དཔྱོད་ཁང་།དེ་བཞིན་ཁུལ་ཨུའི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚན་ཆུང་གི་ཁོངས་མིའི་ཚན་པའི་འགན་ཁུར་བ་གཙོ་བོ་ཚོགས་འདུར་ཞུགས།།


©༢༠༡༧ཀན་ལྷོའི་ཏང་གི་འཛུགས་སྐྲུན་དྲ་བ། ཀྲུང་གུང་ཀན་ལྷོ་ཁུལ་ཨུའི་རྩ་འཛུགས་པུའུ་ཡིས་གཙོ་སྒྲུབ་བྱས་པས་པར་དབང་འདི་གར་དབང་།

སྡོད་གནས། ཀན་ལྷོ་ཁུལ་ཨུའི་གཅིག་གྱུར་གཞུང་ལས་ཐོག་ཁང་གི་དྲུག་ཐོག ཁ་པར། ༠༩༤༡--༨༢༢༢༡༥༩ སྦྲག་ཨང་། ༧༤༧༠༠༠

དྲ་ངོས་རྡེབ་ཚད།མི་ཐེངས། དྲ་ངོས་སྒྲིག་བཟོ། ཧུང་ཏེན་དྲ་རྒྱ།

甘公网安备 62300102000044号