今天是:

གནད་མཐོང་ཆེ་ཤོས།

རྒྱལ་ཡོངས་གནད་མཐོང་ཆེ་ཤོས།

མདུན་ཤོག > གནད་མཐོང་ཆེ་ཤོས། > རྒྱལ་ཡོངས་གནད་མཐོང་ཆེ་ཤོས།

ཁུལ་སྲིད་གཞུང་གི་རྒྱུན་ལས་གྲོས་ཚོགས་ཐེངས 89བ་བསྡུས་པ།

     ཟླ11པའི་ཚེས16ཉིན་ལ།ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲའོ་ལིན་ཡུན་གྱིས་གཙོ་འགན་ཁུར་ནས་ཁུལ་སྲིད་གཞུང་གི་རྒྱུན་ལས་གྲོས་ཚོགས་ཐེངས 89བ་བསྡུས།   
     ཁུལ་ཨུའི་རྒྱུན་ཨུའམ་རྒྱུན་ལས་ཁུལ་དཔོན་གཞོན་པ་ཝང་ཧྲང་ཞུའེ།ཁུལ་ཨུའི་རྒྱུན་ཨུའམ་ཁུལ་དཔོན་གཞོན་པ་ཧྥུན་ཞའོ་ལིན།ཁུལ་དཔོན་གཞོན་པ་ལིའང་ཝུའེ་ཅི་དང་དབྱང་ཀྲེན་ལིན།ཁུལ་སྲིད་གཞུང་གི་དྲུང་ཡིག་ཆེན་མོ་ལུའུ་དབྱི་བཅས་གྲོས་ཚོགས་སུ་ཞུགས།
ཚོགས་འདུའི་ཐོག《ཀན་སུའུ་ཞིང་ཆེན་སྲིད་གཞུང་གི་བྱ་བྱེད་སྡེ་ཁག་གི་འགན་དབང་གསལ་ཐོ་དོ་དམ་བྱ་ཐབས》སློབ་སྦྱོང་དང་བརྒྱུད་བསྒྲགས་བྱས་པ་དང་།ཁུལ་མཁོ་ཚོང་མཉམ་ལས་ཁང་དང་ཁུལ་དངུལ་གཏོང་དང་མཉམ་ལས་བརྗེ་རེས་ཅུས་ཀྱི་བྱ་བའི་སྙན་ཞུ་ལ་ཉན། 《ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི“ལོ་ལྔའི་འཆར་གཞི་ཨང་བཅུ་བཞི་བའི”འཆར་འགོད་ཀྱི་གཞི་རྩའི་བསམ་གཞིག(གྲོས་ཞིབ་འཆར་ཟིན)》དང་། 《ཐེན་ཅིན་གྲོང་ཁྱེར་གྱི“ལོ་ལྔའི་འཆར་གཞི་ཨང་བཅུ་བཞི་བའི”རིང་ཀན་ལྷོའི་བོད་འབྲེལ་ཁུལ་རྫོང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་འཆར་འགོད(གྲོས་ཞིབ་འཆར་ཟིན)》《འབྲུག་ཆུ་རྫོང་གི“8•17”གྱི་ཆུ་ལོག་དང་འདམ་རྡོའི་ཆུ་རུད་ཀྱི་གནོད་འཚེ་ཕོག་པའི་མང་ཚོགས་ལན་ཀྲོའུ་ཁུལ་གསར་དུ་གནས་སྤོ་བཀོད་སྒྲིག་བྱེད་པའི་གྲོས་འགོའི་ཇུས་གཞི》《ཀན་ལྷོ་ཁུལ་ནོར་སྲིད་མ་འཇོག་ཆ་འཕྲིན་ཅན་གྱི་འདུ་འགོད་འཛུགས་སྐྲུན་ལས་གཞི་དོ་དམ་ ལག་བསྟར་ཞིབ་སྲོལ》སོགས་ཀྱི་གྲོས་གཞིར་གྲོས་ཞིབ་བྱས།
   ཚོགས་འདུའི་ཐོག་འགན་དབང་གསལ་ཐོ་དོ་དམ་བྱ་ཐབས་འཛུགས་པ་དང་ཁྱབ་གདལ་གཏོང་དགོས་ཞིང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ ཁབ་སྐྱོང་བ་དང་ཁྲིམས་ལྟར་སྲིད་འཛིན་པ་ལག་ལེན་དོན་འཁྱོལ་བྱེད་པའི་བྱ་ཐབས་གལ་ཆེན་ཞིག་ཡིན་ལ།“གློད་སྡོམ་ཞབས་གསུམ”གྱི་བཅོས་སྒྱུར་ལ་སྐུལ་འདེད་གཏོང་བའི་ནང་དོན་གལ་ཆེན་ཞིག་ཀྱང་ཡིན། འགན་དབང་གསལ་ཐོ་དེ་སྲིད་འཛིན་དབང་ཆ་ཚོད་འཛིན་དང་རིམ་པ་སོ་སོའི་སྲིད་གཞུང་སྡེ་ཁག་གི་འགན་དབང་ཁྲིམས་མཐུན་དང་གོ་རིམ་ལུགས་མཐུན། བརྒྱུད་རིམ་ཡོངས་བསྒྲགས། འགན་འཁྲི་ཁ་གསལ། སྲིད་དོན་ཁོར་ཡུག་ལེགས་སྒྱུར། ཁྲིམས་སྐྱོང་སྲིད་གཞུང་། སྤྱོད་གཙང་སྲིད་གཞུང་། ཞབས་ཞུ་ཅན་གྱི་སྲིད་གཞུང་བཅས་འཛུགས་སྐྲུན་བྱེད་པར་དོན་སྙིང་གལ་ཆེན་ལྡན། ཁུལ་ཡོངས་ཀྱི་སྲིད་གཞུང་ཁོངས་གཏོགས་ཀྱིས་ནན་ཏན་སྒོས《ཀན་སུའུ་ཞིང་ཆེན་སྲིད་གཞུང་གི་བྱ་བྱེད་སྡེ་ཁག་གི་འགན་དབང་གསལ་ཐོ་དོ་དམ་བྱ་ཐབས》ལག་ལེན་དོན་འཁྱོལ་བྱ་དགོས། “དབང་ཆ་མ་བསྐུར་ན་སྒྲུབ་མི་རུང་། ཁྲིམས་བཀོད་འགན་འཁྲི་ངེས་པར་བསྒྲུབ་དགོས”ཞེས་པའི་ཁྲིམས་སྐྱོང་འདུ་ཤེས་བརྟན་པོ་བཙུགས་ནས་བྱ་ཐབས་ནུས་ལྡན་སྤྱད་དེ་ནུས་ཤུགས་ཡོད་ རྒུས་ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་དགོས།ཁྲིམས་སྐྱོང་ཅན་གྱི་འཛུགས་སྐྲུན་ལ་བརྟེན་ནས་སྲིད་གཞུང་གི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་བཏང་སྟེ་ཁུལ་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཆེད་སྲ་ཞིང་བརྟན་པའི་ཁྲིམས་སྐྱོང་གི་འགན་ལེན་བྱ་དགོས་ཞེས་བསྟན།
   ཁུལ་སྲིད་གཞུང་གི་དྲུང་ཡིག་ཆེན་མོ་གཞོན་པ་དང་ཁུལ་སྲིད་གཞུང་གཞུང་སྒྲུབ་ཁང་གི་ཀྲུའུ་རེན། ཀྲུའུ་རེན་གཞོན་པ། ཁུལ་སྲིད་གཞུང་གི་འབྲེལ་ཡོད་སྡེ་ཁག་དང་འབྲེལ་ཡོད་རྫོང་དང་གྲོང་ཁྱེར་གྱི་འགན་ཁུར་བ་གྲོས་ཚོགས་སུ་ཟུར་ཞུགས་བྱས།།


©༢༠༡༧ཀན་ལྷོའི་ཏང་གི་འཛུགས་སྐྲུན་དྲ་བ། ཀྲུང་གུང་ཀན་ལྷོ་ཁུལ་ཨུའི་རྩ་འཛུགས་པུའུ་ཡིས་གཙོ་སྒྲུབ་བྱས་པས་པར་དབང་འདི་གར་དབང་།

སྡོད་གནས། ཀན་ལྷོ་ཁུལ་ཨུའི་གཅིག་གྱུར་གཞུང་ལས་ཐོག་ཁང་གི་དྲུག་ཐོག ཁ་པར། ༠༩༤༡--༨༢༢༢༡༥༩ སྦྲག་ཨང་། ༧༤༧༠༠༠

དྲ་ངོས་རྡེབ་ཚད།མི་ཐེངས། དྲ་ངོས་སྒྲིག་བཟོ། ཧུང་ཏེན་དྲ་རྒྱ།

甘公网安备 62300102000044号