今天是:

སྲིད་ཇུས་ཡིག་ཆ།

ཀྲུང་དབྱང་སྲིད་ཇུས།

མདུན་ཤོག > སྲིད་ཇུས་ཡིག་ཆ། > ཀྲུང་དབྱང་སྲིད་ཇུས།

ཀན་སུའུ་ཞིང་ཆེན་སྡེ་མིའི་ཨུ་ཡོན་ལྷན་ཁང་གི་འདེམས་བསྐོ་བྱེད་ཐབས།

2013ལོའི་ཟླ་5ཚེས་29ཉིན་ཀན་སུའུ་ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་གསུམ་པའི་ཐོག་གྲོས་འཆམ་བྱུང་ཞིང་།2019ལོའི་ཟླ་7ཚེས་25ཉིན་ཀན་སུའུ་ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཅུ་གཅིག་པའི་ ཐོག《〈ཀན་སུའུ་ཞིང་ཆེན་གྱིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྡེ་མི་ཨུ་ཡོན་ལྷན་ཁང་གི་རྩ་འཛུགས་བཅའ་ཁྲིམས་ལག་བསྟར་བྱ་ཐབས〉〈ཀན་སུའུ་ཞིང་ཆེན་གྱིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྡེ་མི་ཨུ་ཡོན་ལྷན་ཁང་གི་རྩ་འཛུགས་བཅའ་ཁྲིམས་ལག་བསྟར་བྱ་ཐབས〉〈ཀན་སུའུ་ཞིང་ཆེན་གྱི་སྡེ་མི་ཨུ་ཡོན་ལྷན་ཁང་གི་འདེམས་བསྐོའི་བྱ་ཐབསལ་བཟོ་བཅོས་རྒྱག་རྒྱུའི་སྐོར་གྱི་གཏན་འབེབསགཞིར་བཟུང་ནས་དག་བཅོས་བྱས)

             དོན་ཚན་དང་པོ། སྡེ་མིའི་ཨུ་ཡོན་ལྷན་ཁང་གི་འདེམས་བསྐོའི་ལས་ཀ་ཚད་ལྡན་དུ་གཏོང་བ་དང་། སྡེ་མིས་ཁྲིམས་ལྟར་དམངས་གཙོའི་ཁེ་དབང་སྤྱོད་པར་འགན་སྲུང་།ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྡེ་མིའི་ཨུ་ཡོན་ལྷན་ཁང་གི་འཛུགས་ཁྲིམས་གཞིར་བཟུང་ནས་ཞིང་ཆེན་དེ་གའི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་བྱེད་ཐབས་འདི་གཏན་ལ་ཕབ་པ་ཡིན།

            དོན་ཚན་གཉིས་པ། སྡེ་མིའི་ཨུ་ཡོན་ལྷན་ཁང་ནི་ཀྲུའུ་རེན་རྒན་གཞོན་དང་ཨུ་ཡོན་གསུམ་ནས་བདུན་བར་ལས་འགྲུབ་རྒྱུ། ཁ་གྲངས་ཞིབ་ཕྲ་ནི་སྡེ་མིའི་གྲོས་ཚོགས་སམ་སྡེ་མིའི་འཐུས་མིའི་གྲོས་ཚོགས་ཀྱིས་ཇུས་གཞི་བཏོན། ཞང་(གྲོང་རྡལ)མི་དམངས་སྲིད་གཞུང་ལ་ཆོག་མཆན་ཞུ་དགོས་པ་མ་ཟད། ཞང་(གྲོང་རྡལ)མི་དམངས་སྲིད་གཞུང་གིས་རྫོང་(གྲོང་ཁྱེར་དང་ཆུད)དམངས་སྲིད་སྡེ་ཚན་ལ་སྙན་ཐོ་དཔོད་དགོས།

            སྡེ་མིའི་ཨུ་ཡོན་ལྷན་ཁང་གི་ཁོངས་མིའི་ནང་ཉུང་མཐའ་ཡང་བུད་མེད་ཁོངས་མི་གཅིག་ཡོད་དགོས་པ་དང་། མི་རིགས་མང་པོའི་སྡེ་མི་སྡོད་པའི་སྡེ་བར་ད་དུང་མི་གྲངས་ཅུང་ཉུང་བའི་མི་རིགས་ཀྱི་ཁོངས་མི་ཡོད་དགོས། རང་བྱུང་སྡེ་བ་གཉིས་ཡན་མཉམ་འབྲེལ་ཐོག་སྡེ་མིའི་ཨུ་ཡོན་ལྷན་ཁང་བཙུགས་ན།དེའི་ཁོངས་མི་ཁྱབ་ཚུལ་གྱིས་གྲོང་སྡེའི་གནས་ཚུལ་ལ་བསམ་གཞིགས་བྱ་དགོས།

            སྡེ་མིའི་ཨུ་ཡོན་ལྷན་ཁང་གི་ཁོངས་མིའི་བར་གཉེན་ཉེའི་འབྲེལ་བ་ཡོད་ན། གཟུར་གཡོལ་བྱ་དགོས།

           དོན་ཚན་གསུམ་པ། སྡེ་མིའི་ཨུ་ཡོན་ལྷན་ཁང་འདེམས་བསྐོ་བྱེད་སྐབས་དྲང་གཞག་དང་། དྲང་གཞགཡོངས་བསྒྲགས་བཅས་ཀྱི་རྩ་དོན་རྒྱུན་འཁྱོངས་བྱས་ཏེ་ཁྲིམས་བཀོད་གོ་རིམ་ལྟར་བྱ་དགོས།   

སྡེ་མིའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་དང་།ཀྲུའུ་རེན་གཞོན་པ།ཨུ་ཡོན་བཅས་ནི་སྡེ་མིས་ཐད་ཀར་འདེམས་བསྐོ་བྱས་ནས་འཐོན་རྒྱུ་ལས།རྩ་འཛུགས་གང་དང་སྐྱེ་བོ་སུ་ཞིག་གིས་ཀྱང་དམིགས་འཛུགས་དང་མངག་གཏོང་ངམ་བརྗེ་འཐེན་བྱས་མི་ཆོག

དོན་ཚན་བཞི་པ། སྡེ་མི་ཨུ་ཡོན་ལྷན་ཁང་སྐབས་རེའི་འགན་འཛིན་ཡུན་ཚད་ལོ་ལྔ་ཡིན་པ་དང་། དུས་བཀག་ཐིམ་རྗེས་དུས་ཐོག་ཏུ་སྐབས་བརྗེ་དགོས།

སྡེ་མིའི་ཨུ་ཡོན་ལྷན་ཁང་གི་ཁོངས་མི་བསྐྱར་འདེམས་བསྐྱར་བསྐོ་བྱས་ཆོག   སྡེ་མིའི་ཨུ་ཡོན་ལྷན་ཁང་གི་སྐབས་བརྗེའི་འདེམས་བསྐོའི་ལས་དོན་ཞིང་ཆེན་མི་དམངས་སྲིད་གཞུང་གིས་གཅིག་གྱུར་གྱིས་བཀོད་སྒྲིག་དང་། མི་དམངས་

སྲིད་གཞུང་རིམ་པ་ཁག་གིས་སྒྲིག་འཛུགས་དང་ལག་བསྟར་བྱ་རྒྱུ།རྒྱུ་རྐྱེན་དམིགས་བསལ་ཡོད་པའི་དབང་གིས་སྔ་སྣུར་རམ་ དུས་འགྱངས་ཀྱིས་སྐབས་བརྗེ་དགོས་བྱུང་ན།སྡེ་མིའི་ཨུ་ཡོན་ལྷན་ཁང་གིས་རེ་འདུན་ཞུ་རྒྱུ་དང་།སྡེ་མིའི་གྲོས་ཚོགས་སམ་ཡང་ན་སྡེ་མིའི་འཐུས་མིའི་གྲོས་ཚོགས་ཀྱིས་གྲོས་བསྡུར་བྱས་ནས་གྲོས་འཆམ་བྱུང་རྗེས་བདག་ཁོངས་སྡེ་བའི་ཞང་(གྲོང་རྡལ་)མི་ དམངས་སྲིད་གཞུང་གིས་རྫོང་(གྲོང་ཁྱེར་དང་ཁུལ་)མི་དམངས་སྲིད་གཞུང་ལ་ཆོག་མཆན་ཞུ་དགོས།

           འདེམས་བསྐོ་བྱེད་ཡུན་ཟླ་བ་དྲུག་ལས་བརྒལ་མི་ཆོག

དོན་ཚན་ལྔ་པ། སྡེ་མིའི་ཨུ་ཡོན་ལྷན་ཁང་གི་སྐབས་བརྗེའི་འདེམས་བསྐོ་བྱེད་པར་མཁོ་བའི་ལས་ཀའི་གྲོན་དངུལ། མི་དམངས་སྲིད་གཞུང་རིམ་པ་ཁག་གི་ནོར་སྲིད་ནས་ཆེད་དམིགས་གཏོང་སྤྲོད་བྱ་རྒྱུ་དང་།རྩ་འཛུགས་གང་དང་མི་སྒེར་སུ་ཞིག་གིས་ཀྱང་དེ་དག་སྡེ་མིར་བགོ་འགྲེམ་བྱས་མི་ཆོག   

རྫོང་(གྲོང་ཁྱེར་)དང་ཞང་(གྲོང་རྡལ)མི་དམངས་སྲིད་གཞུང་གིས་སྡེ་མི་ཨུ་ཡོན་ལྷན་ཁང་སྐབས་བརྗེའི་འདེམས་བསྐོ་བྱེད་རིང་ སོ་སོར་སྡེ་མིའི་ཨུ་ཡོན་ལྷན་ཁང་གི་འདེམས་བསྐོའི་བྱ་བའི་ལས་ཁུངས་འཛུགས་དགོས། སྲིད་འཛིན་ས་ཁོངས་དེ་གའི་ནང་གི་སྐབས་བརྗེའི་འདེམས་བསྐོའི་ལས་དོན་ལ་མཛུབ་ཁྲིད་བྱེད་དགོས་པ་མ་ཟད།གཤམ་གསལ་གྱི་འགན་འཁྲི་བསྒྲུབ་དགོས་པ་སྟེ།

(གཅིག)འདེམས་བསྐོའི་ལས་དོན་དང་འབྲེལ་བ་ཡོད་པའི་བཅའ་ཁྲིམས་དང་། ཁྲིམས་སྲོལ། སྲིད་ཇུས་བཅས་དྲིལ་བསྒྲགས་དང་ལག་བསྟར་བྱ་རྒྱུ་དང་།

 (གཉིས། )འདེམས་བསྐོའི་ལས་ཀའི་ཇུས་གཞི་དང་གློ་བུར་དུ་བྱུང་བའི་དོན་རྐྱེན་གྱི་བབ་བསྟུན་སྔོན་ཇུས་གཏན་

འབེབས་བྱ་རྒྱུ།

            (གསུམ། )འདེམས་བསྐོའི་ལས་བྱེད་མི་སྣ་གསོ་སྦྱོང་བྱ་རྒྱུ།

(བཞི། )འདེམས་བསྐོ་དང་འབྲེལ་བ་ཡོད་པའི་ཞུ་འབུལ་དང་། ཐེར་འདོན་གོང་ཞུ། ཡིག་སྐུར་ངོ་གཏུག་གི་ལས་ཀ་བཅས་བདག་སྤྲོད་བྱ་རྒྱུ།

             (ལྔ། )འདེམས་བསྐོའི་ལས་ཀའི་ནང་གི་དོན་དག་གཞན་དག་བསྒྲུབ་རྒྱུ་བཅས་ཡིན།

དོན་ཚན་བདུན་པ། སྡེ་མི་ཨུ་ཡོན་ལྷན་ཁང་འདེམས་བསྐོ་བྱེད་རྒྱུ་དེ་སྡེ་མི་འདེམས་བསྐོ་ཨུ་ཡོན་ལྷན་ཁང་གིས་གཙོ་སྐྱོང་བྱེད་རྒྱུ། སྡེ་མི་འདེམས་བསྐོ་ཨུ་ཡོན་ལྷན་ཁང་གིས་གཤམ་གསལ་གྱི་འགན་འཁྲི་བསྒྲུབ་དགོས་པ་སྟེ།

            (གཅིག)སྐབས་བརྗེའི་འདེམས་བསྐོའི་དྲིལ་བསྒྲགས་དང་།

            (གཉིས། )འདེམས་བསྐོའི་ལས་བྱེད་མི་སྣ་གཏན་འཁེལ་བྱ་རྒྱུ།

(གསུམ)སྐབས་བརྗེའི་འདེམས་བསྐོའི་ཇུས་གཞི་བཟོ་རྒྱུ་མ་ཟད། སྡེ་མིའི་ཚོགས་འདུའམ་ཡང་ན་སྡེ་མིའི་འཐུས་མི་ཚོགས་འདུར་གཏན་འབེབས་བྱེད་རྒྱུར་འབུལ་རྒྱུ་དང་།འདེམས་བསྐོའི་དུས་ཚོད་དང་།ས་གནས།འདེམས་ཤོག་འཕེན་ཐབས་ བཅས་གཏན་འཁེལ་དང་ཁྱབ་བསྒྲགས་བྱེད་རྒྱུ།

(བཞི། )འདེམས་དམངས་ཐོ་འགོད་སྒྲིག་འཛུགས་དང་། འདེམས་དམངས་ཀྱི་ཐོབ་ཐང་གཏན་འཁེལ།འདེམས་དམངས་ཀྱི་མིང་ཐོ་ཁྱབ་བསྒྲགས།

(ལྔ། )འདེམས་དམངས་སྒྲིག་འཛུགས་བྱས་ནས་འོས་མི་འདེམས་སྒྲུག་བྱ་རྒྱུ་དང་། འོས་མིའི་མཚན་ཐོ་སྤྱི་བསྒྲགས་བྱ་རྒྱུ།

(དྲུག)འདེམས་ཤོག་འཕངས་ནས་འདེམས་བསྐོ་བྱ་རྒྱུ་སྒྲིག་འཛུགས་དང་། འདེམས་བསྐོ་བྱས་འབྲས་སྤྱི་བསྒྲགས་བྱེད་པ་དང་འབྲེལ་ཐོ་འགོད་སྙན་སེང་ཡང་ཞུ་རྒྱུ།

(བདུན)སྐབས་བརྗེའི་འདེམས་བསྐོའི་ལས་དོན་ལ་ཕྱོགས་བསྡོམས་བྱས་ནས་འདེམས་བསྐོའི་ཡིག་ཚགས་བཟོ་བ་དང་འབྲེལ་རྩིས་སྤྲོད་བྱེད་རྒྱུ།

(བརྒྱད། )སྐབས་བརྗེའི་འདེམས་བསྐོའི་ལས་ཀ་གཞན་དག་བཅས་ཡིན།

དོན་ཚན་བརྒྱད་པ། སྡེ་མི་འདེམས་བསྐོ་ཨུ་ཡོན་ལྷན་ཁང་ནི་ཀྲུའུ་རེན་དང་ཨུ་ཡོན་ལྔ་ནས་བདུན་བར་ལས་གྲུབ་རྒྱུ་དང་།སྡེ་མི་ཨུ་ཡོན་ལྷན་ཁང་གི་གཙོ་སྐྱོང་འོག་སྡེ་མིའི་གྲོས་ཚོགས་དང་སྡེ་མིའི་འཐུས་མིའི་གྲོས་ཚོགས་སམ་ཡང་ན་སྡེ་མིའི་ཚོ་ཆུང་ཁག་གི་གྲོས་ཚོགས་བཅས་ནས་འདེམས་སྒྲུག་བྱས་ཏེ་འཐོན་རྒྱུ།སྡེ་མི་འདེམས་བསྐོ་ཨུ་ཡོན་ལྷན་ཁང་གི་མིང་ཐོ་དུས་ཐོག་ཏུ་སྡེ་མིར་ཁྱབ་བསྒྲགས་བྱེད་དགོས་པ་མ་ཟད།ཞང་(གྲོང་རྡལ)གི་སྡེ་མི་ཨུ་ཡོན་ལྷན་ཁང་གི་འདེམས་ བསྐོའི་ལས་དོན་ཚན་པར་སྙན་ཐོ་དཔོད་དགོས།     

སྡེ་མི་འདེམས་བསྐོ་ཨུ་ཡོན་ལྷན་ཁང་གི་འགན་འཛིན་ཡུན་ཚད་ནི་མིང་འདོན་འདེམས་བསྐོ་བྱས་ནས་ཐོན་པའི་ ཉིན་ནས་སྡེ་མི་ཨུ་ཡོན་ལྷན་ཁང་གིས་ལས་ཀ་རྩིས་སྤྲོད་བྱས་པའི་བར་ཡིན།

དོན་ཚན་དགུ་པ། སྡེ་མི་འདེམས་བསྐོ་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་སྐོང་ཚོགས་བྱེད་སྐབས་སྡེ་མི་འདེམས་བསྐོ་ཨུ་ཡོན་ལྷན་ཁང་གི་ཁོངས་མི་ཕྱེད་ཀ་ཡན་ཞུགས་དགོས།སྡེ་མི་འདེམས་བསྐོ་ཨུ་ཡོན་ལྷན་ཁང་གིས་ཉུང་བས་མང་བར་བརྩི་བཀུར་བྱེད་པའི་རྩ་དོན་ལག་བསྟར་བྱ་རྒྱུ།

དོན་ཚན་བཅུ་པ། སྡེ་མི་འདེམས་བསྐོ་ཨུ་ཡོན་ལྷན་ཁང་གི་ཁོངས་མི་སྡེ་མིའི་ཨུ་ཡོན་ལྷན་ཁང་གི་ཁོངས་མིའི་འོས་མིར་མིང་འདོན་བྱས་ཚེ་ངེས་པར་དུ་སྡེ་མི་འདེམས་བསྐོ་ཨུ་ཡོན་ལྷན་ཁང་ནས་ཕྱིར་འཐེན་བྱེད་དགོས།སྡེ་མི་འདེམས་བསྐོ་ཨུ་ཡོན་ལྷན་ཁང་གི་ཁོངས་མིའི་དབར་གཉེན་ཉེའི་འབྲེལ་བ་ཡོད་ཚེ་ཕྱོགས་གཅིག་སྡེ་མི་འདེམས་བསྐོ་ཨུ་ཡོན་ལྷན་ ཁང་ནས་ཕྱིར་འཐེན་བྱེད་དགོས།

 དོན་ཚན་བཅུ་གཅིག་པ། སྡེ་མི་འདེམས་བསྐོ་ཨུ་ཡོན་ལྷན་ཁང་གི་ཁོངས་མི་ཆད་ལུས་བྱུང་ན་ཐོག་མའི་འདེམས་སྒྲུག་བྱས་འབྲས་ལ་གཞིགས་ནས་རིམ་པ་ལྟར་ཁ་སྐོང་བྱ་དགོས་ལ་ལོགས་སུ་འདེམས་སྒྲུག་བྱས་ཀྱང་ཆོག

 དོན་ཚན་བཅུ་གཉིས་པ། ལོ་ན་བཅོ་བརྒྱད་ལོན་པའི་སྡེ་མི་ཚང་མར་འདེམས་བྱེད་ཀྱི་དབང་ཆ་དང་གདམ་བྱའི་དབང་ཆ་ཡོད།བཅའ་ཁྲིམས་ལྟར་ཆབ་སྲིད་ཀྱི་ཁེ་དབང་ཕྲོགས་ཟིན་པ་རྣམས་དེའི་ཁོངས་སུ་མི་ཚུད།སྡེ་མིའི་ལོ་ཚད་བརྩི་སྟངས་ནི་སྐྱེས་པའི་ལོ་ཟླ་ནས་འདེམས་བསྐོའི་ལོ་ཟླ་བར་ཡིན།སྡེ་མིའི་སྐྱེས་ལོ་དང་ཟླ་རེར་ཐེམ་ཐོ་ཐོ་འགོད་ཚད་གཞིར་འཛིན་དགོས་པ་དང་། གནས་ཚུལ་གཞན་དག་སྡེ་མིའི་འདེམས་བསྐོ་ཨུ་ཡོན་ལྷན་ཁང་གིས་ཐག་གཅོད་རྒྱུ།

 སྡེ་མིའི་ཨུ་ཡོན་ལྷན་ཁང་འདེམས་བསྐོ་མ་བྱས་གོང་གཤམ་གསལ་མི་སྣ་ཐོ་འགོད་བྱ་དགོས།

  (གཅིག)ཐེམ་ཐོ་གྲོང་སྡེ་དེ་གར་ཡོད་པ་མ་ཟད་གྲོང་སྡེ་དེ་གར་འཚོ་སྡོད་ཀྱང་བྱེད་པའི་སྡེ་མི་དང་།

  (གཉིས། )ཐེམ་ཐོ་གྲོང་སྡེ་དེ་གར་ཡོད་པ་ལས་གྲོང་སྡེ་དེ་གར་བསྡད་མེད་ན། རང་ཉིད་ཀྱིས་འདེམས་བསྐོར་ཞུགས་ཚུལ་མཚོན་པའི་སྡེ་མི།

  (གསུམ། )ཐེམ་ཐོ་སྡེ་བ་དེ་གར་མེད་པ། སྡེ་བ་དེ་གར་བསྡད་ནས་ལོ་གཅིག་ཡན་སོང་བའམ་ཡང་ན་སྡེ་བ་དེ་གའི་སྡེ་བ་རིམ་པའི་རྩ་འཛུགས་ནང་ལས་གནས་འཛིན་པར་རང་ཉིད་ཀྱིས་འདེམས་བསྐོར་ཞུགས་རྒྱུའི་རེ་འདུན་ཞུས་ ཆོགསྡེ་མིའི་གྲོས་ཚོགས་སམ་སྡེ་མིའི་འཐུས་མིའི་གྲོས་ཚོགས་ཀྱིས་འདེམས་བསྐོར་ཞུགས་རྒྱུར་ཡིད་མཐུན་བྱས་པའི་སྤྱི་ དམངས།ཐེམ་ཐོ་ཡོད་སའི་སྡེ་བའམ་སྡོད་སའི་སྡེ་བར་འདེམས་བསྐོར་ཞུགས་རྒྱུའི་ཐོ་འགོད་བྱས་པའི་སྡེ་མི་རྣམས་ས་ཆ་གཞན་གྱི་སྡེ་མི་ཨུ་ཡོན་ལྷན་ཁང་གི་འདེམས་བསྐོར་ཞུགས་མི་ཆོག

གཤམ་གསལ་གྱི་གནས་ཚུལ་ལས་རིགས་གཅིག་ཡོད་ན།སྡེ་མིའི་འདེམས་བསྐོ་ཨུ་ཡོན་ལྷན་ཁང་གིས་ཁས་ལེན་བྱས་པ་བརྒྱུད།

(གཅིག)བཅའ་ཁྲིམས་ལྟར་ཆབ་སྲིད་ཀྱི་ཁེ་དབང་ཕྲོགས་པའི་རིགས་དང་།

(གཉིས། )འདེམས་བསྐོའི་དབང་ཆ་སྤྱོད་མི་ཐུབ་པའི་སྨྱོ་ནད་ཕོག་མཁན།

(གསུམ། )རང་ཉིད་ཀྱིས་འདེམས་བསྐོར་མི་གཞུག་རྒྱུ་གསལ་པོར་བསྟན་པ་བཅས་ཡིན།

དོན་ཚན་བཅོ་ལྔ་པ། སྡེ་མིའི་འདེམས་བསྐོ་ཨུ་ཡོན་ལྷན་ཁང་གིས་འདེམས་བསྐོ་མ་བྱས་གོང་གི་ཉིན་ཉི་ཤུའི་སྔོན་ལ་འདེམས་བསྐོར་ཞུགས་རྒྱུའི་ཐོ་འགོད་བྱས་པའི་སྡེ་མིའི་མིང་ཐོ་སྤྱི་བསྒྲགས་བྱ་དགོས།

འདེམས་བསྐོར་ཞུགས་རྒྱུའི་ཐོ་འགོད་བྱས་པའི་སྡེ་མིའི་མིང་ཐོར་བསམ་འཆར་མི་མཐུན་པ་ཡོད། མིང་ཐོ་ཁྱབ་བསྒྲགས་བྱས་ཉིན་ནས་བཟུང་གི་ཉིན་ལྔའི་ནང་ཚུན་སྡེ་མི་འདེམས་བསྐོ་ཨུ་ཡོན་ལྷན་ཁང་ལ་རྒྱུ་མཚན་ཞུ་འབུལ་བྱ་དགོས་པ་དང་།སྡེ་མི་འདེམས་བསྐོ་ཨུ་ཡོན་ལྷན་ཁང་གིས་རྒྱུ་མཚན་ཞུ་འབུལ་འབྱོར་ཉིན་ནས་བཟུང་གི་ཉིན་གསུམ་ནང་ཚུན་ཐག་གཅོད་བྱ་དགོས། ཐག་བཅད་འབྲས་སྤྱི་བསྒྲགས་ཀྱང་བྱ་དགོས།

དོན་ཚན་བཅུ་དྲུག་པ། སྡེ་མིས་རང་ཉིད་ཀྱིས་སྡེ་མིའི་ཨུ་ཡོན་ལྷན་ཁང་གི་ཁོངས་མིའི་འོས་མི་འོས་སྦྱོར་བྱས་ཆོག་པ་མ་ཟད།འདེམས་བསྐོ་མ་བྱས་གོང་གི་ཉིན་བཅུའི་སྔོན་ལ་སྡེ་མིའི་འདེམས་བསྐོ་ཨུ་ཡོན་ལྷན་ཁང་ལ་རང་ཉིད་ཀྱི་འོས་སྦྱོར་དཔྱད་ཡིག་འབུལ་ཆོག  སྡེ་མིའི་འདེམས་བསྐོ་ཨུ་ཡོན་ལྷན་ཁང་གིས་རང་ཉིད་འོས་སྦྱོར་བྱེད་མཁན་གྱི་ཐོབ་ཐང་ལ་ཞིབ་བཤེར་བྱས་རྗེས་འདེམས་བསྐོ་བྱེད་ཉིན་གྱི་ཉིན་བདུན་གྱི་སྔོན་ལ་རུས་མིང་གི་པིར་རིས་མང་ཉུང་ལྟར་རང་གི་འོས་སྦྱོར་མིང་ཐོ་སྤྱི་བསྒྲགས་བྱ་རྒྱུ།

 དོན་ཚན་བཅུ་བདུན་པ། སྡེ་མིའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་དང་།ཀྲུའུ་རེན་གཞོན་པ།ཨུ་ཡོན་བཅས་ཀྱི་འོས་མི་ནི་སྡེ་མིའི་འདེམས་བསྐོ་ཨུ་ཡོན་ལྷན་ཁང་གིས་གཙོ་སྐྱོང་བྱས་ནས་སྡེ་མིའི་གྲོས་ཚོགས་སམ་སྡེ་མིའི་ཚོ་ཆུང་ཁག་གི་ གྲོས་ཚོགས་འཚོག་རྒྱུ་དང་།འདེམས་བསྐོར་ཞུགས་རྒྱུའི་ཐོ་འགོད་བྱས་པའི་མི་གྲངས་ཕྱེད་ཀ་ཡན་ཟིན་པའི་སྡེ་མིས་ཐད་ཀར་མིང་བཏོན་ཆོག ཐད་ཀར་མིང་བཏོན་པའི་འོས་མིའི་ནང་བུད་མེད་ཀྱི་འོས་མིའི་ཁ་གྲངས་འོས་འཚམ་ཡོད་དགོས། སྡེ་མི་རེ་རེས་བཏོན་པའི་འོས་མིའི་མི་གྲངས་དེ་འདེམས་དགོས་པའི་མི་གྲངས་ལས་བརྒལ་མི་ཆོག  མི་རིགས་མང་པོ་འཚོ་སྡོད་བྱེད་པའི་སྡེ་བར་མི་གྲངས་ཅུང་ཉུང་བའི་མི་རིགས་ཀྱི་ཁོངས་མིའི་འོས་མི་གཅིག་ཡོད་དགོས།

དངོས་གཞིའི་འོས་མིར་མིང་འདོན་འདེམས་ཤོག་ཐོབ་གྲངས་མང་ཉུང་ལྟར་མཐོ་ས་ནས་དམའ་སར་གཏན་འཁེལ་བྱ་རྒྱུ་དང་། དེའི་ནང་ཉུང་མཐར་ཡང་བུད་མེད་ཀྱི་འོས་མི་གཅིག་ཡོད་དགོས།

དོན་ཚན་བཅོ་བརྒྱད་པ། དངོས་གཞིའི་འོས་མིའི་མིང་ཐོ་ནི་སྡེ་མི་འདེམས་བསྐོ་ཨུ་ཡོན་ལྷན་ཁང་གིས་མིང་འདོན་

པར་རྩིས་འགྲོ་ཡོད་པ་གཏན་འཁེལ་བྱས་པ་མ་ཟད་ཐོབ་ཐང་ཞིབ་བཤེར་བྱས་རྗེས།འདེམས་བསྐོ་བྱེད་ཉིན་གྱི་ཉིན་ལྔའི་སྔོན་ལ་ལས་གནས་ཀྱི་འདེམས་ཤོག་ཐོབ་གྲངས་མང་ཉུང་གོ་རིམ་ལྟར་ཁྱབ་བསྒྲགས་བྱ།

  དེ་ཉིད་འོས་མིའི་གྲས་སུ་འཇོག་འདོད་མེད། མིང་ཐོ་ཁྱབ་བསྒྲགས་བྱས་པའི་ཉིན་ནས་ཉིན་གསུམ་གྱི་ནང་ཚུན་དུ་སྡེ་མི་འདེམས་བསྐོ་ཨུ་ཡོན་ལྷན་ཁང་ལ་ཡིག་ཐོག་ནས་གསལ་བཤད་བྱེད་དགོས་པ་དང་།སྡེ་མི་འདེམས་བསྐོ་ཨུ་ཡོན་ལྷན་ ཁང་གིས་དེའི་འདོད་བློར་བརྩི་འཇོག་བྱེད་དགོས་པ་མ་ཟད་སྡེ་མིར་ཁྱབ་བསྒྲགས་ཀྱང་བྱེད་དགོས།     འོས་མིའི་ཁ་གྲངས་ཆད་སྐབས་འོས་མི་བཏོན་པའི་འདེམས་ཤོག་ཐོབ་གྲངས་མང་ཉུང་གི་གོ་རིམ་ལྟར་རིམ་པ་ ལྟར་ཁ་སྐོང་བྱ།

  དོན་ཚན་བཅུ་དགུ་པ། སྡེ་མི་འདེམས་བསྐོ་ཨུ་ཡོན་ལྷན་ཁང་གིས་འོས་མི་སྒྲིག་འཛུགས་བྱས་ཏེ་དམིགས་འཛུགས་བྱས་པའི་ཡུལ་དུ་སྡེ་མི་དང་ཐུག་འཕྲད་བྱ་དགོས།འོས་མིས་འགན་འཁྲི་བསྒྲུབ་རྒྱུའི་བསམ་ཚོད་ངོ་སྤྲོད་བྱས་ནས་སྡེ་མིས་བཏོན་པའི་གནད་དོན་ལ་ལན་འདེབས་དགོས།

དོན་ཚན་ཉི་ཤུ་པ། སྡེ་མིའི་ཨུ་ཡོན་ལྷན་ཁང་གི་ཁོངས་མིར་ལྷག་གྲངས་ཡོད་པའི་འདེམས་བསྐོ་བྱ་རྒྱུ།ཀྲུའུ་རེན་དང་ཀྲུའུ་རེན་གཞོན་པའི་འོས་མིའི་ཁ་གྲངས་ནི་དངོས་སུ་འདེམས་བསྐོ་བྱ་དགོས་པའི་མི་གྲངས་ལས་མི་གཅིག་མང་ དགོས་པ་དང་།ཨུ་ཡོན་གྱི་འོས་མིའི་ཁ་གྲངས་དེ་དངོས་སུ་འདེམས་བསྐོ་བྱ་དགོས་པའི་མི་གྲངས་ལས་གཅིག་ནས་གསུམ་བར་མང་དགོས།

 དོན་ཚན་ཉེར་གཅིག་པ། སྡེ་མིའི་ཨུ་ཡོན་ལྷན་ཁང་འདེམས་བསྐོ་བྱེད་སྐབས་ཐེངས་གཅིག་རང་ལ་འདེམས་ཤོག་འཕངས་ནས་ཀྲུའུ་རེན་རྒན་གཞོན་དང་། ཨུ་ཡོན་བཅས་འདེམས་བསྐོ་བྱས་ཆོག་ལ། སོ་སོར་འདེམས་ཤོག་འཕངས་ནས་ཀྲུའུ་རེན་རྒན་གཞོན་དང་ཨུ་ཡོན་བཅས་འདེམས་བསྐོ་བྱས་ཀྱང་ཆོག

 དོན་ཚན་ཉེར་གཉིས་པ། སྡེ་མིའི་ཨུ་ཡོན་ལྷན་ཁང་འདེམས་བསྐོ་བྱེད་པར་འདེམས་བསྐོའི་ཚོགས་ཆེན་འཚོག་དགོས་པ་དང་།ལྟེ་གནས་ཀྱི་འདེམས་བསྐོའི་ཚོགས་ར་འཛུགས་དགོས།ཐག་རིང་ལུང་ཁུག་ཏུ་སྡོད་པའི་སྡེ་བ་དང་ཚོགས་ཆུང་གིས་ཡན་ལག་ཚོགས་རའམ་ཡང་ན་འདེམས་ཤོག་འཕེན་ས་བཙུགས་ནས་སྡེ་མིས་འདེམས་ཤོག་འཕེན་རྒྱུར་སྟབས་བདེ་བསྐྲུན་ཆོག

ལོ་ན་རྒས་པ་དང་། ལུས་སྟོབས་ཞན་པ། ནད་ཕོག་པ། དབང་པོ་སྐྱོན་ཅན། སྦྲུམ་ཆགས་སོགས་ཀྱི་རྐྱེན་གྱིས་འདེམས་བསྐོའི་ཚོགས་ཆེན་གྱི་ཚོགས་རའམ་ཡང་ན་འདེམས་ཤོག་འཕེན་སར་འདེམས་ཤོག་འཕེན་པར་འགྲོ་མི་ཐུབ།སྡེ་མིའི་འདེམས་ བསྐོ་ཨུ་ཡོན་ལྷན་ཁང་གིས་གྲོས་འགོ་བཏོན་རྗེས་སྡེ་མིའི་གྲོས་ཚོགས་སམ་ཡང་ན་སྡེ་མིའི་འཐུས་མིའི་གྲོས་ཚོགས་ཐོག་གྲོས་ བསྡུར་བྱས་ནས་གྲོས་ཐག་བཅད་རྗེས་སྐོར་སྐྱོད་འདེམས་ཤོག་བླུག་སྒམ་བཙུགས་ཆོགསྡེ་མིའི་འདེམས་བསྐོ་ཨུ་ཡོན་ལྷན་ཁང་གིས་འདེམས་བསྐོ་བྱེད་ཉིན་གྱི་ཉིན་གཉིས་ཀྱི་སྔོན་ལ་སྐོར་སྐྱོད་འདེམས་ཤོག་འཕེན་སྒམ་དུ་འདེམས་ཤོག་འཕེན་པར་ཞུགས་པའི་སྡེ་མིའི་མིང་ཐོ་སྤྱི་བསྒྲགས་བྱ་དགོས།

 སྐོར་སྐྱོད་འདེམས་ཤོག་བླུག་སྒམ་བདེ་འཇགས་དང་གསང་སྲུང་བྱ་དགོས། འདེམས་ཤོག་བླུག་སྒམ་རེར་འདེམས་བསྐོའི་ལས་བྱེད་མི་སྣ་གསུམ་ཡན་གྱིས་འགན་འཁུར་དགོས་པ་དང་།དེའི་ནང་ཉུང་མཐར་ཡང་སྡེ་མི་འདེམས་བསྐོ་ཨུ་ཡོན་ལྷན་ཁང་གི་ཁོངས་མི་གཅིག་ཡོད་དགོས།

དོན་ཚན་ཉེར་གསུམ་པ།འདེམས་བསྐོར་ཞུགས་རྒྱུའི་ཐོ་འགོད་བྱས་པའི་སྡེ་མི་འདེམས་བསྐོ་བྱེད་རིང་ཕྱིར་བསྐྱོད་དེ་འདེམས་ཤོག་འཕེན་པར་ཞུགས་མ་ཐུབ་ན།སྡེ་བ་དེ་གའི་འདེམས་བསྐོའི་དབང་ཆ་ཡོད་པའི་གཉེན་ཉེར་ཡིག་ཐོག་ནས་འདེམས་ཤོག་འཕེན་རྒྱུའི་མངགས་བཅོལ་བྱས་ཆོགཚབ་ཏུ་འདེམས་ཤོག་འཕེན་པར་མངགས་བཅོལ་བྱེད་མཁན་གྱི་འདོད་བློ་དང་འགལ་མི་ཆོག   

མངགས་བཅོལ་བྱ་ཡུལ་གྱིས་འདེམས་བསྐོ་བྱེད་ཉིན་གྱི་ཉིན་གསུམ་གྱི་སྔོན་ལ་སྡེ་མིའི་འདེམས་བསྐོ་ཨུ་ཡོན་ལྷན་ཁང་དུ་མངགས་བཅོལ་ཐོ་འགོད་བྱ་དགོས།སྡེ་མིའི་འདེམས་བསྐོ་ཨུ་ཡོན་ལྷན་ཁང་གིས་འདེམས་བསྐོ་བྱེད་ཉིན་གྱི་ཉིན་གཉིས་ཀྱི་སྔོན་ལ་མངགས་བཅོལ་བྱེད་མཁན་དང་མངགས་བཅོལ་བྱ་ཡུལ་གྱི་མིང་ཐོ་སྤྱི་བསྒྲགས་བྱ་དགོས།

 དོན་ཚན་ཉེར་བཞི་པ། འདེམས་ཤོག་དངོས་སུ་མ་འཕངས་གོང་། སྡེ་མི་འདེམས་བསྐོ་ཨུ་ཡོན་ལྷན་ཁང་གིས་ངེས་པར་དུ་འདེམས་ཤོག་གཏོང་མཁན་དང་། འདེམས་ཤོག་རྩིས་རྒྱག་མཁན། འདེམས་ཤོག་ལྟ་ཞིབ་པ། སྤྱི་པའི་ཚབ་འབྲི་བྱེད་མཁན་བཅས་ཀྱི་འོས་མི་རྣམས་འདེམས་བསྐོར་ཞུགས་པའི་སྡེ་མིར་བརྡས་ཐག་གཅོད་རྒྱུར་སྤྲད་དེ་གྲོས་འཆམ་བྱེད་དུ་འཇུག་དགོས།སྡེ་མིའི་ཨུ་ཡོན་ལྷན་ཁང་གི་ཁོངས་མིའི་འོས་མི་དངོས་དང་དེའི་གཉེན་ཚན་ཉེ་གྲས་འདེམས་ཤོག་ལེན་པ་དང་། འདེམས་ཤོག་རྩིས་རྒྱག་པ། འདེམས་ཤོག་རྩིས་རྒྱག་པ། འདེམས་ཤོག་ལ་ལྟ་ཞིབ་བྱེད་པ། སྤྱི་པའི་ཚབ་འབྲི་སོགས་ཀྱི་ལས་ཀར་ཞུགས་མི་ཆོག

 དོན་ཚན་ཉེར་ལྔ་པ། སྡེ་མིའི་ཨུ་ཡོན་ལྷན་ཁང་འདེམས་བསྐོ་བྱེད་སྐབས་རང་མིང་མི་འགོད་པའི་འདེམས་ཤོག་འཕེན་རྒྱུ་དང་།ཡོངས་གྲགས་སུ་འདེམས་ཤོག་བརྩི་རྒྱུ།རྒྱུ་རྐྱེན་དམིགས་བསལ་ཡོད་པའི་དབང་གིས་འདེམས་ཤོག་འབྲི་མ་ཐུབ། སྤྱི་པའི་ཚབ་འབྲི་མི་སྣར་ཚབ་འབྲི་བྱེད་དུ་བཅུག་ཆོག་ལ། མི་གཞན་ལ་ཚབ་འབྲི་བྱེད་དུ་བཅུག་ཀྱང་ཆོག ཚབ་འབྲི་བྱེད་མཁན་གྱིས་མངགས་བཅོལ་བྱེད་མཁན་གྱི་འདོད་བློ་དང་འགལ་མི་ཆོག

 དོན་ཚན་ཉེར་དྲུག་པ། སྡེ་མིའི་ཨུ་ཡོན་ལྷན་ཁང་འདེམས་བསྐོ་བྱེད་སྐབས་འདེམས་བསྐོར་ཞུགས་རྒྱུའི་ཐོ་འགོད་བྱས་པའི་སྡེ་མིའི་རྩ་འབོར་གྱི་ཕྱེད་ཀ་ལས་བརྒལ་བའི་འདེམས་ཤོག་འཕངས་ན་འདེམས་བསྐོ་རྩིས་འགྲོ་ཡོད། འདེམས་ཤོག་འཕེན་པར་ཞུགས་པའི་སྡེ་མིའི་མི་གྲངས་ནི་ཕྱིར་བསྡུས་པའི་འདེམས་ཤོག་གི་གྲངས་ཀ་ལྟར་རྩིས་རྒྱག།  

འདེམས་བསྐོ་བྱེད་ཐེངས་རེར་བསྡུས་པའི་འདེམས་ཤོག་ཐོབ་གྲངས་དེ་འདེམས་ཤོག་བཀྲམ་གྲངས་དང་མང་ཉུང་ གཅིག་པ་ཡིན་པའམ་དེ་ལས་ཉུང་ན་འདེམས་ཤོག་འཕངས་ན་རྩིས་འགྲོ་ཡོད།འདེམས་ཤོག་བཀྲམ་གྲངས་ལས་མང་བ་ཡིན་ན་འདེམས་ཤོག་འཕངས་ན་རྩིས་འགྲོ་མེད།འདེམས་ཤོག་རེ་རེས་བདམས་པའི་མི་གྲངས་དེ་འདེམས་བསྐོ་བྱ་དགོས་པའི་མི་གྲངས་དང་མང་ཉུང་གཅིག་པ་ཡིན་པའམ་དེ་ལས་ཉུང་བ་ཡིན་ན་འདེམས་ཤོག་དེ་རྩིས་འགྲོ་ཡོད།འདེམས་བསྐོ་བྱ་དགོས་པའི་མི་ གྲངས་ལས་མང་བ་ཡིན་ན་འདེམས་ཤོག་དེ་རྩིས་འགྲོ་མེད།

དོན་ཚན་ཉེར་བདུན་པ། འདེམས་ཤོག་འབྲི་སྐབས་རབ་རིབ་དང་དབྱེ་འབྱེད་དཀའ་བ་ཡིན།འདེམས་ཤོག་ལྟ་ཞིབ་པས་སྡེ་མིའི་འདེམས་བསྐོ་ཨུ་ཡོན་ལྷན་ཁང་ལ་ངོས་འཛིན་བྱ་རྒྱུར་ཕུལ་ནས་ངོས་འཛིན་གཏན་འཁེལ་བྱས་རྗེས།སྔར་བཞིན་

ངོས་འཛིན་བྱེད་ཐབས་བྲལ་ན།འདེམས་ཤོག་དེ་རྩིས་འགྲོ་མེད་མོད།འོན་ཀྱང་ངོས་འཛིན་ཐུབ་པའི་ཆ་ཤས་སྔར་བཞིན་རྩིས་འགྲོ་ཡོད།

སྡེ་མིའི་ཨུ་ཡོན་ལྷན་ཁང་གི་ཁོངས་མི་འདེམས་བསྐོ་བྱེད་ཐེངས་གཅིག་རང་ལ་འདེམས་ཤོག་འཕངས་ན། འདེམས་ཤོག་གཅིག་དང་མཉམ་དུ་འོས་མི་གཅིག་གམ་ཡང་ན་འདེམས་བསྐོ་བྱེད་དབང་ཡོད་པའི་སྡེ་མི་གཞན་དག་བདམས་ནས་ ལས་གནས་གཉིས་ཡན་འཁུར་དུ་འཇུག་མི་ཆོག

དོན་ཚན་ཉེར་བརྒྱད་པ། ཐེངས་གཅིག་རང་གི་ཐོག་ནས་སྡེ་མིའི་ཨུ་ཡོན་ལྷན་ཁང་གི་ཁོངས་མི་འདེམས་བསྐོ་བྱེད་སྐབས་ཨུ་ཡོན་གྱི་འོས་མིར་འདེམས་ཤོག་ཐོབ་གྲངས་དེ་ དེ་དག་གི་ཀྲུའུ་རེན། ཀྲུའུ་རེན་གཞོན་པ། ཨུ་ཡོན་བཅས་ཀྱི་འདེམས་ཤོག་ཐོབ་གྲངས་བསྣན་ནས་འདེམས་ཤོག་ཐོབ་གྲངས་སུ་བརྩི་རྒྱུ་དང་།ཀྲུའུ་རེན་གཞོན་པའི་འོས་མིའི་འདེམས་ཤོག་ཐོབ་གྲངས།དེའི་ཀྲུའུ་རེན་དང་ཀྲུའུ་རེན་གཞོན་པའི་འདེམས་ཤོག་ཐོབ་གྲངས་བསྣན་ནས་འདེམས་ཤོག་ཐོབ་གྲངས་དེ་འདེམས་ཤོག་

ཐོབ་གྲངས་ལ་བརྩི་དགོས།

དོན་ཚན་ཉེར་དགུ་པ། སྡེ་མིའི་ཨུ་ཡོན་ལྷན་ཁང་གི་ཁོངས་མིའི་འོས་མིའམ་ཡང་ན་འདེམས་བསྐོ་བྱེད་དབང་ཡོད་པའི་སྡེ་མི་གཞན་དག་གིས་འདེམས་ཤོག་འཕེན་པར་ཞུགས་པའི་སྡེ་མིའི་རྩ་འབོར་གྱི་ཕྱེད་ཀ་ལས་བརྒལ་བའི་འདེམས་ ཤོག་ཐོབ་མཚམས་སུ་གཞི་ནས་བདམས་ཐོན་བྱུང་བར་བརྩི་རྒྱུ།

དོན་ཚན་སུམ་ཅུ་པ། སྡེ་མིའི་ཨུ་ཡོན་ལྷན་ཁང་གི་ཁོངས་མི་བདམས་ཐོན་བྱུང་བར་འདེམས་ཤོག་ཐོབ་གྲངས་མང་ཉུང་གི་གོ་རིམ་ལྟར་གཏན་འཁེལ་བྱ་རྒྱུ།   

འདེམས་ཤོག་བསྡོམས་འབོར་གྱི་ཕྱེད་ཀ་ལས་བརྒལ་བ་ཐོབ་པའི་མི་གྲངས་ནང་བུད་མེད་བདམས་ཐོན་མ་བྱུང་བ་ ཡིན་ན།སྔོན་ལ་འདེམས་ཤོག་མང་བ་ཐོབ་པའི་བུད་མེད་ཀྱི་ཁྲོད་ནས་མི་གྲངས་གཅིག་གཏན་འཁེལ་བྱས་ཏེ་ལོགས་སུ་འདེམས་བསྐོ་བྱ་རྒྱུ།   

འདེམས་ཤོག་བསྡོམས་འབོར་གྱི་ཕྱེད་ཀ་ལས་བརྒལ་བ་ཐོབ་པའི་མི་གྲངས་དེ་འདེམས་བསྐོ་བྱ་དགོས་པའི་མི་གྲངས་ལས་ཉུང་བའི་ཚེ། འདེམས་ཤོག་བསྡོམས་འབོར་གྱི་ཕྱེད་ཀ་ལས་བརྒལ་བ་ཐོབ་མཁན་བདམས་ཐོན་བྱུང་བ་དང་། མི་གྲངས་མ་ཚང་བ་ཡང་བསྐྱར་འདེམས་བསྐོ་བྱ་རྒྱུ།བདམས་ཐོན་བྱུང་བའི་ཁྲོད་བུད་མེད་མེད་ན་ལོགས་སུ་འདེམས་བསྐོ་བྱེད་སྐབས་བུད་མེད་ཀྱི་ཁོངས་མི་སྔོན་ལ་འདེམས་བསྐོ་བྱ་དགོས།

དོན་ཚན་སོ་གཅིག་པ། བདམས་ཐོན་བྱུང་བའི་སྡེ་མི་ཨུ་ཡོན་ལྷན་ཁང་གི་ཁོངས་མིའི་དབར་གཉེན་ཉེའི་འབྲེལ་བ་ཡོད་ཚེ་དེའི་ནང་གི་གོ་གནས་མཐོ་ཤོས་ཀྱི་མི་གཅིག་གི་གོ་གནས་ཁོ་ན་འཇོག་རྒྱུ་དང་།གལ་ཏེ་གོ་གནས་གཅིག་མཚུངས་ཡིན་ན།འདེམས་ཤོག་མང་ཤོས་སོར་འཇོག་བྱས་པའི་མི་གཅིག་གི་གོ་གནས་དང་།བདམས་ཐོན་བྱུང་བའི་མི་གཞན་དག་སྡེ་མིའི་ འདེམས་བསྐོ་ཨུ་ཡོན་ལྷན་ཁང་གིས་བདམས་ཐོན་བྱུང་བ་རྩིས་མེད་དུ་གཏོང་རྒྱུའི་ཁྱབ་བསྒྲགས་བྱ་རྒྱུ།

 དོན་ཚན་སོ་གཉིས་པ། འོས་མིར་འདེམས་ཤོག་ཐོབ་གྲངས་མང་ཉུང་གཅིག་མཚུངས་ཡིན་པས་བདམས་ཐོན་པ་གཏན་འཁེལ་བྱེད་མི་ཐུབ།ཉིན་གསུམ་ནང་ཚུན་འདེམས་ཤོག་ཐོབ་གྲངས་གཅིག་མཚུངས་ཡིན་པའི་མི་སྣར་བསྐྱར་དུ་འདེམས་ཤོག་འཕངས་ནས་འདེམས་ཤོག་མང་བ་ཐོབ་མཁན་བདམས་ཐོན་བྱུང་བར་བརྩི་རྒྱུ།

བདམས་ཐོན་བྱུང་བའི་མི་གྲངས་དེ་གདམ་དགོས་པའི་མི་གྲངས་མ་ལོངས་ན།ཉིན་བཅུའི་ནང་ཚུན་དུ་མི་འདང་བའི་མི་གྲངས་དེ་ལོགས་སུ་འདེམས་བསྐོ་བྱ་དགོས། ལོགས་སུ་འདེམས་བསྐོ་བྱེད་སྐབས། འདེམས་ཤོག་འཕེན་ཐེངས་དང་པོར་བདམས་ཐོན་མ་བྱུང་བའི་མི་སྣར་འདེམས་ཤོག་མང་བ་ཐོབ་མཁན་གདམ་བྱའི་འོས་མིར་བརྩི་རྒྱུ་དང་།བདམས་ཐོན་བྱུང་བའི་འདེམས་ཤོག་ཐོབ་གྲངས་དེ་འདེམས་ཤོག་འཕངས་ཟིན་པའི་བསྡོམས་གྲངས་ཀྱི་གསུམ་ཆ་གཅིག་ལས་ཉུང་མི་ཆོག

དོན་ཚན་སོ་གསུམ་པ། འདེམས་བསྐོ་ཐེངས་གཉིས་བྱས་རྗེས། བདམས་ཐོན་བྱུང་བའི་མི་གྲངས་དེ་ད་དུང་གདམ་དགོས་པའི་མི་གྲངས་མི་འདང་ཡང་མི་གསུམ་ཡན་ཟིན་ན། སྔོན་ལ་སྡེ་མིའི་ཨུ་ཡོན་ལྷན་ཁང་བཙུགས་ཆོག ཀྲུའུ་རེན་གནས་སྐབས་ཆད་ལྷག་བྱུང་ན།འདེམས་ཤོག་མང་བ་ཐོབ་པའི་ཀྲུའུ་རེན་གཞོན་པས་ལས་ཚབ་བྱ་རྒྱུ།ཀྲུའུ་རེན་དང་ཀྲུའུ་རེན་གཞོན་ པ་ཚང་མ་གནས་སྐབས་སྟོང་པར་ལུས་པ་རྣམས་འདེམས་ཤོག་མང་བ་ཐོབ་པའི་ཨུ་ཡོན་གྱིས་ལས་ཚབ་བྱས་ནས་ལས་ཀ་བྱེད་དགོས།

དོན་ཚན་སོ་བཞི་པ། འདེམས་བསྐོ་བྱས་འབྲས་དེ་སྡེ་མི་འདེམས་བསྐོ་ཨུ་ཡོན་ལྷན་ཁང་གིས་ས་དེ་གར་ཁྱབ་བསྒྲགས་བྱ་རྒྱུ།ཉིན་དེའམ་ཡང་ན་ཕྱི་ཉིན་སྤྱི་བསྒྲགས་བྱ་རྒྱུ་མ་ཟད།ཞང་(གྲོང་རྡལ)མི་དམངས་སྲིད་གཞུང་ལ་ཐོ་འགོད་སྙན་སེང་ཞུ་དགོས།

 དོན་ཚན་སོ་ལྔ་པ། སྐབས་གོང་མའི་སྡེ་མིའི་ཨུ་ཡོན་ལྷན་ཁང་གིས་སྐབས་གསར་པའི་སྡེ་མིའི་ཨུ་ཡོན་ལྷན་ཁང་ཐོན་ཉིན་ནས་བཟུང་གི་ཉིན་བཅུའི་ནང་ཚུན་ ཐེལ་ཙེ་དང་། གཞུང་ལས་ཁང་། གཞུང་ལས་ཡོ་བྱད།ཐུན་མོང་གི་ནོར་དོན་རྩིས་ཐོ།གཏན་འཇགས་རྒྱུ་ནོར།བུན་དབང་དང་བུ་ལོན།དེ་བཞིན་དོན་ཚན་གཞན་དག་བཅས་སྐབས་གསར་པའི་གྲོང་ མིའི་ཨུ་ཡོན་ལྷན་ཁང་ལ་རྩིས་སྤྲོད་བྱ་རྒྱུ།ལས་དོན་རྩིས་སྤྲོད་བྱེད་རྒྱུ་དེ་སྡེ་མི་འདེམས་བསྐོ་ཨུ་ཡོན་ལྷན་ཁང་གིས་གཙོ་འགན་འཁུར་རྒྱུ་དང་ཞང་(གྲོང་རྡལ)མི་དམངས་སྲིད་གཞུང་གིས་ལྟ་སྐུལ་བྱེད་རྒྱུ།

དོན་ཚན་སོ་དྲུག་པ། སྡེ་བ་དེ་གའི་འདེམས་བསྐོ་བྱེད་དབང་ཡོད་པའི་སྡེ་མི་ལྔ་ཆ་གཅིག་ཡན་ནམ་སྡེ་མིའི་འཐུས་མི་གསུམ་ཆ་གཅིག་ཡན་གྱིས་མིང་མཉམ་འགོད་ཀྱིས་སྡེ་མིའི་ཨུ་ཡོན་ལྷན་ཁང་གི་ཁོངས་མི་གནས་དབྱུང་གཏོང་རྒྱུའི་བླང་བྱ་བཏོན་ཆོག གནས་དབྱུང་གཏོང་རེ་ཞུ་ཡིག་དེ་ཡིག་ཐོག་ནས་འདོན་དགོས་པ་མ་ཟད། གནས་དབྱུང་གཏོང་རྒྱུའི་རྒྱུ་མཚན་གསལ་བཤད་བྱ་དགོས་པ་དང་།གནས་དབྱུང་གཏོང་རེ་ཞུས་པའི་སྡེ་མིའི་ཨུ་ཡོན་ལྷན་ཁང་གི་ཁོངས་མིར་དག་འབུད་བསམ་འཆར་འདོན་དབང་ཡོད།

གནས་དབྱུང་གཏོང་རྒྱུའི་རེ་འདུན་ཞུས་པར་སྡེ་མིའི་ཨུ་ཡོན་ལྷན་ཁང་གིས་ཉིན་སུམ་ཅུའི་ནང་ཚུན་སྡེ་མིའི་གྲོས་ཚོགས་སྐོང་འཚོགས་བྱས་ཏེ་རང་མིང་མ་བཀོད་པར་འདེམས་ཤོག་འཕངས་ནས་བརྡས་ཐག་གཅོད་དགོས།

དོན་ཚན་སོ་བདུན་པ། སྡེ་མིའི་ཨུ་ཡོན་ལྷན་ཁང་གི་ཁོངས་མི་གནས་དབྱུང་གཏོང་སྐབས་ འདེམས་བསྐོར་ཞུགས་རྒྱུའི་ཐོ་འགོད་བྱས་པའི་སྡེ་མིའི་རྩ་འབོར་གྱི་ཕྱེད་ཀ་ལས་བརྒལ་བའི་འདེམས་ཤོག་འཕེན་དགོས་པ་མ་ཟད།འདེམས་ཤོག་ འཕེན་མཁན་སྡེ་མིའི་རྩ་འབོར་གྱི་ཕྱེད་ཀ་ལས་བརྒལ་བས་གྲོས་འཆམ་བྱུང་ན་གཞི་ནས་རྩིས་འགྲོ་ཡོད།གནས་དབྱུང་གཏོང་འབྲས་སྤྱི་བསྒྲགས་བྱ་དགོས།

གནས་དབྱུང་གཏོང་བར་གྲོས་འཆམ་མ་བྱུང་ན། ཟླ་བ་དྲུག་གི་ནང་ཚུན་དུ་དོན་དངོས་དང་རྒྱུ་མཚན་གཅིག་འདྲའི་ཐོག་ནས་གནས་དབྱུང་གཏོང་རྒྱུའི་རེ་འདུན་ཡང་བསྐྱར་བཏོན་མི་ཆོག

དོན་ཚན་སོ་བརྒྱད་པ། སྡེ་མིའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ནམ་ཡང་ན་སྡེ་མིའི་ཨུ་ཡོན་ལྷན་ཁང་གི་ཁོངས་མི་ཡོངས་རྫོགས་གནས་དབྱུང་གཏོང་བར་རྫོང་(གྲོང་ཁྱེར་དང་ཆུད)མི་དམངས་སྲིད་གཞུང་གི་གཙོ་འགན་སྡེ་ཚན་དང་ཞང་(གྲོང་རྡལ)མི་དམངས་སྲིད་གཞུང་གི་མཛུབ་ཁྲིད་འོག་བསྐྱར་དུ་བདམས་ཐོན་བྱུང་བའི་སྡེ་མི་འདེམས་བསྐོ་ཨུ་ཡོན་ལྷན་ཁང་གིས་གཙོ་འགན་འཁུར་དགོས།

དོན་ཚན་སོ་དགུ་པ། སྡེ་མིའི་ཨུ་ཡོན་ལྷན་ཁང་གི་ཁོངས་མིས་འགན་དབང་སྒྲུབ་པའི་བྱ་སྤྱོད་སྤེལ་ནུས།ནུས་པའམ་ཁྲིམས་ཆད་བཅད་པ་ཡིན་ན། དེའི་གོ་གནས་འཛིན་མཚམས་རང་ཤུགས་སུ་འཇོག་རྒྱུ།

སྡེ་མིའི་ཨུ་ཡོན་ལྷན་ཁང་གི་ཁོངས་མིའི་གོ་གནས་འཛིན་མཚམས་རང་ཤུགས་སུ་བཞག་པ་ཡིན། སྡེ་མིའི་ཨུ་ཡོན་ལྷན་ཁང་གིས་ཟླ་བ་གཅིག་གི་ནང་ཚུན་སྤྱི་བསྒྲགས་བྱ་དགོས་པ་མ་ཟད།ཞང་(གྲོང་རྡལ་)མི་དམངས་སྲིད་གཞུང་ལ་ཐོ་

འགོད་སྙན་སེང་ཡང་ཞུ་དགོས།

 དོན་ཚན་བཞི་བཅུ་པ། སྡེ་མིའི་ཨུ་ཡོན་ལྷན་ཁང་གི་ཁོངས་མིས་ལས་ཁུར་རྩ་དགོངས་ཞུས་ན་ཡིག་ཐོག་ནས་སྡེ་མིའི་ཨུ་ཡོན་ལྷན་ཁང་ལ་འདོན་དགོས་པ་དང་།སྡེ་མིའི་གྲོས་ཚོགས་སམ་སྡེ་མིའི་འཐུས་མིའི་གྲོས་ཚོགས་ཀྱིས་ཉུང་ བས་མང་བར་བརྩི་བཀུར་བྱ་དགོས་པའི་རྩ་དོན་ལྟར་གྲོས་བསྡུར་བྱས་ཏེ་ཐག་གཅོད་བྱ་དགོས།

 དོན་ཚན་ཞེ་གཅིག་པ། སྡེ་མིའི་ཨུ་ཡོན་ལྷན་ཁང་གི་ཁོངས་མི་ཆད་ལུས་བྱུང་ཚེ་ སྐབས་འདིའི་སྡེ་མིའི་ཨུ་ཡོན་ལྷན་ཁང་གི་འགན་འཛིན་ཡུན་ཚད་ལོ་གཅིག་ཡན་ཟིན་ན།སྡེ་མིའི་གྲོས་ཚོགས་སམ་སྡེ་མིའི་འཐུས་མིའི་གྲོས་ཚོགས་ཀྱིས་ གསབ་འདེམས་བྱས་ཆོག  གསབ་འདེམས་ཀྲུའུ་རེན་དང་ཀྲུའུ་རེན་གཞོན་པ་སྡེ་མིའི་གྲོས་ཚོགས་ཐོག་བྱ་རྒྱུ་དང་།གསབ་ འདེམས་ཨུ་ཡོན་ནི་སྡེ་མིའི་འཐུས་མིའི་གྲོས་ཚོགས་ཐོག་བྱས་ཆོག

 སྡེ་མིའི་ཨུ་ཡོན་ལྷན་ཁང་གི་ཁོངས་མི་མི་གསུམ་མ་ལོངས་ཚེ། ཟླ་བ་གཅིག་གི་ནང་གསབ་འདེམས་བྱ་དགོས། མི་གསུམ་ལོངས་ཀྱང་ད་དུང་ཁ་གྲངས་ཆད་ཡོད་ན་གསབ་འདེམས་བྱེད་མིན།སྡེ་མིའི་ཨུ་ཡོན་ལྷན་ཁང་གིས་བསམ་འཆར་ བཏོན་ནས་སྡེ་མིའི་གྲོས་ཚོགས་སམ་སྡེ་མིའི་འཐུས་མིའི་གྲོས་ཚོགས་ཐོག་གྲོས་ཐག་གཅོད་རྒྱུ།སྡེ་མིའི་ཨུ་ཡོན་ལྷན་ཁང་གི་ཁོངས་མི་རེ་ཟུང་གསབ་འདེམས་བྱས་ན།སྡེ་མིའི་ཨུ་ཡོན་ལྷན་ཁང་གིས་གཙོ་སྐྱོང་བྱ་རྒྱུ།སྡེ་མིའི་ཨུ་ཡོན་ལྷན་ཁང་གི་ཁོངས་མི་ཡོངས་རྫོགས་གསབ་འདེམས་བྱས་ན་བསྐྱར་དུ་འདེམས་སྒྲུག་བྱས་ནས་ཐོན་པའི་སྡེ་མི་འདེམས་བསྐོ་ཨུ་ཡོན་ལྷན་ཁང་ གིས་གཙོ་སྐྱོང་བྱ་རྒྱུ།   

གསབ་འདེམས་བྱས་པའི་སྡེ་མིའི་ཨུ་ཡོན་ལྷན་ཁང་གི་ཁོངས་མིའི་འགན་འཛིན་ཡུན་ཚད་ནི་སྐབས་འདིའི་ཡུལ་མིའི་ཨུ་ཡོན་ལྷན་ཁང་གི་འགན་འཛིན་ཡུན་ཚད་ཐིམ་མཚམས་བར་ཡིན།

སྡེ་མིས་གཤམ་གསལ་བྱ་སྤྱོད་ཁག ཞང་(གྲོང་རྡལ)མི་དམངས་འཐུས་མི་ཚོགས་ཆེན་དང་མི་དམངས་སྲིད་

གཞུང་ངམ་ཡང་ན་རྫོང་(གྲོང་ཁྱེར་དང་ཆུད)མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་མི་དམངས་ སྲིད་གཞུང་དང་དེའི་འབྲེལ་ཡོད་གཙོ་འགན་སྡེ་ཚན་ལ་ཐེར་འདོན་བྱེད་དབང་ཡོད་པ་དང་།ཞང་(གྲོང་རྡལ)མི་དམངས་སྲིད་གཞུང་ངམ་ཡང་ན་རྫོང་(གྲོང་ཁྱེར་དང་ཆུད)མི་དམངས་སྲིད་གཞུང་གིས་བརྟག་དཔྱད་བྱེད་འགན་འཁུར་རྒྱུ་མ་ཟད་ཁྲིམས་ལུགས་ལྟར་ཐག་གཅོད་བྱེད་རྒྱུ་སྟེ།

(གཅིག)དྲག་ཤུགས་དང་། འཇིགས་སྐུལ། མགོ་སྐོར། སྙོན་འཛུགས་ཞུ་གཏུགསྐུར་འདེབས་སོགས་ཚུལ་མིན་གྱི་བྱེད་ཐབས་ལ་བརྟེན་ནས་སྡེ་མིས་འདེམས་བསྐོ་བྱེད་དབང་དང་གདམ་བྱའི་དབང་ཆ་སྤྱོད་པར་འགོག་རྐྱེན་བཟོས་རིགས་དང་།

(གཉིས། )རང་ཉིད་དམ་མི་གཞན་ལ་འདེམས་བསྐོར་ཞུགས་རྒྱུའི་ཐོ་འགོད་བྱས་པའི་སྡེ་མི་དང་། གདམ་བྱའི་འོས་མི། འདེམས་བསྐོའི་ལས་བྱེད་མི་སྣ་བཅས་ལ་ལྐོག་རྔན་སྤྲད་རིགས།

(གསུམ། )འདེམས་ཤོག་སུབ་བཅོས་དང་རྫུན་བཟོ་བྱས་ནས་འདེམས་ཤོག་ཐོབ་གྲངས་རྫུན་ཞུ་བྱས་པའམ་ཡང་ན་འདེམས་བསྐོ་བྱས་འབྲས་གཡོ་བཅོས་བྱས་རིགས།

(བཞི། )སྡེ་མི་འདེམས་བསྐོ་ཨུ་ཡོན་ལྷན་ཁང་དང་འདེམས་བསྐོའི་ལས་བྱེད་མི་སྣས་འགན་འཁྲི་སྒྲུབ་པར་འགོག་རྐྱེན་བཟོས་པ།

(ལྔ། )སྡེ་མིའི་ཨུ་ཡོན་ལྷན་ཁང་འདེམས་བསྐོ་བྱེད་རིང་ཁྲིམས་འགལ་གྱི་བྱ་སྤྱོད་ཡོད་མཁན་སྡེ་མིར་རྡུང་རྡེག་འཁོན་སློག་བྱས་རིགས་བཅས་ཡིན།

དོན་ཚན་ཞེ་གསུམ་པ། གཤམ་གསལ་གྱི་བྱ་སྤྱོད་ལས་རིགས་གཅིག་ཡོད་ན། འབྲེལ་ཡོད་མི་དམངས་སྲིད་གཞུང་གིས་ཡོ་བསྲང་བྱེད་འགན་དཀྲི་རྒྱུ་དང་། ཐད་ཀར་འགན་འཁྲི་འཁུར་མཁན་ཁྲིམས་ལྟར་ཐག་གཅོད་བྱ་རྒྱུ་སྟེ།

(གཅིག)སྡེ་མིའི་ཨུ་ཡོན་ལྷན་ཁང་གི་ཁོངས་མིའི་འོས་མི་དམིགས་འཛུགས་དང་། མངགས་གཏོང་། བརྗེ་འཐེན་བཅས་བྱས་རིགས་དང་།

         (གཉིས། )སྡེ་མིའི་ཨུ་ཡོན་ལྷན་ཁང་གི་ཁོངས་མི་དམིགས་འཛུགས་དང་མངག་གཏོང་ངམ་བརྗེ་འཐེན་བྱས་རིགས།

         (གསུམ)བཅའ་ཁྲིམས་དང་ཁྲིམས་སྲོལ་གྱི་གཏན་འབེབས་ལས་འགལ་ཏེ་སྡེ་མི་ཨུ་ཡོན་ལྷན་ཁང་གི་ཁོངས་མིའི་གོགནས་མཚམས་འཇོག་བྱས་པ།

(བཞི)ལུགས་མཐུན་གྱི་རྒྱུ་མཚན་མེད་པར་སྡེ་མིའི་ཨུ་ཡོན་ལྷན་ཁང་གི་སྐབས་བརྗེའི་འདེམས་བསྐོ་སྒྲིག་འཛུགས་མི་བྱེད་པའམ་ཡང་ན་ནར་འགྱངས་བྱེད་པ།     

(ལྔ། )ཚུལ་དང་མི་མཐུན་པའི་བྱེད་ཐབས་སྤྱད་དེ་སྡེ་མིའི་ཨུ་ཡོན་ལྷན་ཁང་གི་ཁོངས་མིས་འགན་འཁྲི་སྒྲུབ་པར་འགོག་རྐྱེན་བཟོས་པ།

(དྲུག)གཏན་འབེབས་ཀྱི་དུས་བཀག་ནང་ལས་ཀ་རྩིས་སྤྲོད་མ་བྱས་པ།

དོན་ཚན་ཞེ་བཞི་པ། ཁོངས་གཏོགས་སྡེ་བའི་ཁྲོམ་གཞུང་དོན་གཅོད་ཁང་གིས་བྱ་ཐབས་འདི་གཞིར་བཟུང་ཡུལ་མིའི་ཨུ་ཡོན་ལྷན་ཁང་གི་སྐབས་བརྗེ་སྐབས་ཞང་(གྲོང་རྡལ)མི་དམངས་སྲིད་གཞུང་གི་འགན་འཁྲི་སྒྲུབ་དགོས།

དོན་ཚན་ཞེ་ལྔ་པ། བྱ་ཐབས་འདི་2013ལོའི་ཟླ་8ཚེས་1ཉིན་ནས་བཟུང་ལག་བསྟར་བྱེད་རྒྱུ། 1998ལོའི་ཟླ་12ཚེས་11ཉིན་ཞིང་ཆེན་མི་དམངས་འཐུས་ཚོགས་སྐབས་དགུ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་ བདུན་པའི་ཐོག་གྲོས་འཆམ་བྱུང་བའིཀན་སུའུ་ཞིང་ཆེན་གྱི་སྡེ་མིའི་ཨུ་ཡོན་ལྷན་ཁང་འདེམས་བསྐོ་བྱེད་ཐབསདུས་མཚུངས་སུ་རྩིས་མེད་གཏོང་རྒྱུ།


©༢༠༡༧ཀན་ལྷོའི་ཏང་གི་འཛུགས་སྐྲུན་དྲ་བ། ཀྲུང་གུང་ཀན་ལྷོ་ཁུལ་ཨུའི་རྩ་འཛུགས་པུའུ་ཡིས་གཙོ་སྒྲུབ་བྱས་པས་པར་དབང་འདི་གར་དབང་།

སྡོད་གནས། ཀན་ལྷོ་ཁུལ་ཨུའི་གཅིག་གྱུར་གཞུང་ལས་ཐོག་ཁང་གི་དྲུག་ཐོག ཁ་པར། ༠༩༤༡--༨༢༢༢༡༥༩ སྦྲག་ཨང་། ༧༤༧༠༠༠

དྲ་ངོས་རྡེབ་ཚད།མི་ཐེངས། དྲ་ངོས་སྒྲིག་བཟོ། ཧུང་ཏེན་དྲ་རྒྱ།

甘公网安备 62300102000044号