今天是:

སྲིད་ཇུས་ཡིག་ཆ།

ཀྲུང་དབྱང་སྲིད་ཇུས།

མདུན་ཤོག > སྲིད་ཇུས་ཡིག་ཆ། > ཀྲུང་དབྱང་སྲིད་ཇུས།

ཀྲུང་གོའི་གུང་ཁྲན་ཏང་གི་གཞི་རིམ་རྩ་འཛུགས་ཀྱི་འདེམས་བསྐོའི་ལས་དོན་སྲོལ་ཡིག

    (2020ལོའི་ཟླ་6ཚེས་29ཉིན་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཚོགས་འདུའི་ཐོག་2020ལོའི་ཟླ་7ཚེས་13ཉིན་ ཀྲུང་གུང་ཀྲུང་དབྱང་གིས་ཡོངས་བསྒྲགས་བྱ་རྒྱུར་གྲོས་ཞིབ་དང་ཆོག་མཆན་སྤྲད་པ)
    ལེའུ་དང་པོ། སྤྱིའི་དོན་ཚན།
དོན་ཚན་དང་པོ།ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ལག་བསྟར་གཏིང་ཟབ།དུས་རབས་གསར་པའི་ཏང་འཛུགས་སྐྱོང་གི་སྤྱིའི་བླང་བྱ་དང་དུས་རབས་གསར་པའི་ཏང་གི་རྩ་འཛུགས་ལམ་ཕྱོགས་ལག་བསྟར་དོན་འཁྱོལ་བྱེད།ཏང་གིས་ཕྱོགས་ཡོངས་ནས་འགོ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་དང་ཤུགས་སྣོན་རྒྱག་པ་དང་།ཏང་གིས་ཏང་ལ་དོ་དམ་དང་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱ་རྒྱུ་མཐའ་འཁྱོངས།ཏང་གི་དམངས་གཙོ་གཅིག་སྡུད་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་།ཏང་ནང་གི་འདེམས་བསྐོའི་ལམ་ལུགས་འཐུས་ཚང་དུ་གཏོང་བ།གཞི་རིམ་ཏང་རྩ་འཛུགས་ཀྱི་ཆབ་སྲིད་ནུས་པ་ཆེ་རུ་གཏོང་བ་དང་། གཞི་རིམ་ཏང་རྩ་འཛུགས་ཀྱི་རྩ་འཛུགས་ནུས་པ་ཆེ་རུ་གཏོང་དགོས། 《ཀྲུང་གོའི་གུང་ཁྲན་ཏང་གི་སྒྲིག་ཡིག་》དང་ཏང་ནང་གི་འབྲེལ་ཡོད་ཁྲིམས་སྲོལ་གཞིར་བཟུང་ནས་སྲོལ་ཡིག་འདི་བཟོས་པ་ཡིན།
དོན་ཚན་གཉིས་པ། སྲོལ་ཡིག་འདི་ཁེ་ལས་དང་། གྲོང་གསེབ། ལས་ཁུངས། སློབ་གྲྭ། ཚན་རིག་ཞིབ་འཇུག་ཁང་། སྲང་ལམ་སྡེ་ཁུལ། སྤྱི་ཚོགས་རྩ་འཛུགས། གཞི་རིམ་སྡེ་ཚན་གཞན་དག་བཅས་ཀྱིས་བཙུགས་པའི་ཏང་གི་ཨུ་ཡོན་ལྷན་ཁང་དང་། སྤྱི་ཁྱབ་ཀྲི་པུའུ་ཨུ་ཡོན་ལྷན་ཁང་། ཀྲི་པུའུ་ཨུ་ཡོན་ལྷན་ཁང་(ཨུ་ཡོན་ལྷན་ཁང་བཙུགས་མེད་པའི་ཏང་ཀྲི་པུའུ་ ཚུད་ཡོད། ) དེ་བཞིན་ཏང་གི་གཞི་རིམ་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་འདེམས་བསྐོའི་ལས་ཀ་བསྒྲུབ་དགོས།
དོན་ཚན་གསུམ་པ། ཏང་གི་གཞི་རིམ་རྩ་འཛུགས་ཀྱིས་བཙུགས་པའི་ཨུ་ཡོན་ལྷན་ཁང་གི་འགན་འཛིན་ཡུན་ཚད་ཐིམ་རྗེས་དུས་བཀག་ལྟར་སྐབས་བརྗེའི་འདེམས་བསྐོ་བྱ་དགོས། གལ་ཏེ་དུས་ཚོད་ཕྱིར་འགྱངས་སམ་སྔ་སྣུར་གྱིས་སྐབས་བརྗེའི་འདེམས་བསྐོ་བྱ་དགོས་ན། གོང་རིམ་ཏང་རྩ་འཛུགས་ལ་ཆོག་མཆན་ཞུ་དགོས། དུས་འགྱངས་སམ་སྔ་སྣུར་གྱི་དུས་ཚད་ནི་སྤྱིར་བཏང་དུ་ལོ་གཅིག་ལས་བརྒལ་མི་ཆོག
དོན་ཚན་བཞི་པ། ཏང་གི་གཞི་རིམ་རྩ་འཛུགས་ཀྱིས་བཙུགས་པའི་ཨུ་ཡོན་ལྷན་ཁང་ནི་སྤྱིར་བཏང་དུ་ཏང་ཡོན་ཚོགས་ཆེན་གྱིས་བདམས་ཐོན་བྱ་རྒྱུ།ཏང་ཡོན་མི་གྲངས་500ཡན་ཟིན་པའམ་ཡང་ན་ཁོངས་གཏོགས་ཏང་རྩ་འཛུགས་གནས་ཡུལ་ཁ་ཐོར་ཡིན་པ།གོང་རིམ་ཏང་རྩ་འཛུགས་ཀྱི་ཆོག་མཆན་ཐོབ་རྗེས་ཏང་ཡོན་གྱི་འཐུས་མིའི་ཚོགས་ཆེན་འཚོགས་ནས་འདེམས་བསྐོ་བྱས་ཆོག
དོན་ཚན་ལྔ་པ། ཏང་ཡོན་ངོ་མར་བརྡས་ཐག་གཅོད་པའི་དབང་ཆ་དང་། འདེམས་བསྐོའི་དབང་ཆ། གདམ་བྱའི་དབང་ཆ་བཅས་ཡོད།ཏང་ནང་བཞག་ནས་ལྟ་ཞིབ་བྱེད་པའི་ཆད་པ་ཕོག་པའི་ཏང་ཡོན་ལ་ཏང་ནང་བཞག་ནས་ལྟ་ཞིབ་བྱེད་རིང་བརྡས་ཐག་གཅོད་པའི་དབང་ཆ་དང་། འདེམས་བསྐོའི་དབང་ཆ། གདམ་བྱའི་དབང་ཆ་བཅས་མེད། གྲ་སྒྲིག་ཏང་ཡོན་ལ་བརྡས་ཐག་གཅོད་པའི་དབང་ཆ་དང་། འདེམས་བྱེད་ཀྱི་དབང་ཆ། གདམ་བྱའི་དབང་ཆ་བཅས་མེད། ཏང་ཡོན་ཁྲིམས་ལྟར་
ཉར་འཇོག་དང་འཛིན་བཟུང་བྱས་ན། ཏང་རྩ་འཛུགས་ཀྱིས་དོ་དམ་གྱི་དབང་ཚད་ལྟར་དེའི་བརྡས་ཐག་གཅོད་དབང་དང་། འདེམས་བསྐོའི་དབང་ཆ། གདམ་བྱའི་དབང་ཆ་སོགས་ཏང་ཡོན་གྱི་ཁེ་དབང་སྤྱོད་མཚམས་འཇོག་དགོས།
དོན་ཚན་དྲུག་པ། འདེམས་བསྐོ་བྱེད་སྐབས་དམངས་གཙོ་དར་སྤེལ་གང་ལེགས་བྱ་དགོས། ཏང་ཡོན་གྱི་དམངས་གཙོའི་ཁེ་དབང་ལ་བརྩི་འཇོག་དང་འགན་སྲུང་བྱས་ནས་འདེམས་བསྐོ་བྱེད་མཁན་གྱི་འདོད་བློ་མཚོན་པ་བྱ་དགོས། རྩ་འཛུགས་གང་དང་མི་སྒེར་སུ་ཞིག་གིས་ཀྱང་བྱེད་ཐབས་གང་རུང་ལ་བརྟེན་ནས་འདེམས་བསྐོ་བྱེད་མཁན་ལ་མི་སུ་ཞིག་འདེམས་བསྐོ་བྱེད་དུ་འཇུག་པའམ་ཡང་ན་མི་འཇུག་པའི་བཙན་སྐུལ་བྱས་མི་ཆོག
    ལེའུ་གཉིས་པ། འཐུས་མིའི་འབྱུང་ཐབས།
དོན་ཚན་བདུན་པ། ཏང་ཡོན་འཐུས་མིའི་ཚོགས་ཆེན་གྱི་འཐུས་མིས་རང་རྟོགས་ཀྱི་སྒོ་ནས་“འདུ་ཤེས་བཞི་”ཇེ་བརྟན་དུ་གཏོང་བ་དང་། “གདེང་ཚོད་བཞི་”ཇེ་བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས་”བྱེད་ཐུབ་པ་བཅས་བྱས། ཏང་གི་སྒྲིག་ཡིག་དང་། ཏང་གི་སྒྲིག་སྲོལ། ཏང་གི་སྒྲིག་ཁྲིམས། བཅའ་ཁྲིམས་དང་ཁྲིམས་སྲོལ་བཅས་ལ་བརྩི་སྲུང་ཞུ་བར་འགན་འཁྲི་སྒྲུབ་པའི་ནུས་པ་ལྡན་པ། འདེམས་བསྐོ་སྡེ་ཚན་དེ་ཉིད་ཀྱི་བསམ་འཆར་མཚོན་ཐུབ་པ་དང་། ཏང་ཡོན་གྱི་འདོད་བློ་མཚོན་ཐུབ།
དོན་ཚན་བརྒྱད་པ། འཐུས་མིའི་མི་གྲངས་སྤྱིར་ན་100ནས་200བར་ཡིན། མང་ཤོས་ལ་མི་གྲངས་300ལས་བརྒལ་མི་ཆོགམི་གྲངས་ཞིབ་ཕྲ་ནི་ཏང་ཡོན་གྱི་འཐུས་མིའི་ཚོགས་ཆེན་སྐོང་འཚོག་བྱེད་མཁན་ཏང་གི་རྩ་འཛུགས་ཀྱིས་ཏང་ ཡོན་གྱིས་ཏང་ནང་གི་དོན་དག་ཤེས་རྟོགས་བྱེད་པར་ཕན་པ་དང་དེའི་ནང་དངོས་སུ་ཞུགས་པར་ཕན་ཐོགས་ཡོད། གནད་དོན་གྲོས་བསྡུར་དང་ཐག་གཅོད་བྱེད་པར་ཕན་པའི་རྩ་དོན་གཏན་འཁེལ་བྱས་ཏེ་གོང་རིམ་ཏང་རྩ་འཛུགས་ལ་ཆོག་ མཆན་ཞུ་དགོས།
འཐུས་མིའི་མི་གྲངས་བགོ་བཤའ་རྒྱག་སྟངས་ནི་རང་ཁོངས་ཀྱི་ཏང་རྩ་འཛུགས་ཀྱི་གྲངས་འབོར་དང་། ཏང་ཡོན་གྱི་མི་གྲངས།འཐུས་མི་བཅས་ལ་ཡོངས་ཁྱབ་ཀྱི་རང་བཞིན་ལྡན་པའི་རྩ་དོན་ལ་གཞིགས་ནས་གཏན་འཁེལ་བྱ་རྒྱུ།འཐུས་མིའི་གྲུབ་ཆ་ལེགས་སུ་བཏང་ནས་ཐོན་སྐྱེད་དང་ལས་ཀའི་འཐབ་ཕྱོགས་དང་པོའི་འཐུས་མིའི་བསྡུར་ཚད་འགན་ལེན་བྱེད་དགོས། རྒྱལ་ཁབ་ལ་དབང་བའི་ཁེ་ལས་ཆེ་གྲས་དང་མཐོ་རིམ་སློབ་གྲྭས་ཏང་ཡོན་གྱི་འཐུས་མིའི་ཚོགས་ཆེན་སྐོང་འཚོགས་བྱས
།དེའི་རིམ་པ་གཉིས་པའི་ཁེ་ལས་དང་ཐད་གཏོགས་སྡེ་ཚན་གྱི་ཏང་རྩ་འཛུགས་ཀྱི་ཁོངས་གཏོགས་ས་གནས་སམ་སྡེ་ཚན་གཞནདག་གི་ཏང་རྩ་འཛུགས་ཡིན་པ་མ་ཟད། ཏང་ཡོན་མི་གྲངས་ཅུང་མང་བའི་རིགས། འོས་འཚམ་ཞིག་བགོ་འགྲེམས་བྱས་ཆོག
དོན་ཚན་དགུ་པ། འཐུས་མིའི་འོས་མིའི་ཆད་གྲངས་དེ་འདེམས་དགོས་པའི་མི་གྲངས་ཀྱི་བརྒྱ་ཆ་20ལས་ཉུང་མི་རུང་།
དོན་ཚན་བཅུ་པ། འཐུས་མི་ཐོན་པའི་གོ་རིམ་གཙོ་བོ་ནི།
(གཅིག)ཏང་ཀྲི་པུའུ་ནས་འོས་སྦྱོར་དང་མིང་འདོན་བྱེད་དགོས། ཏང་རྩ་འཛུགས་དང་ཏང་ཡོན་མང་ཆེ་བའི་བསམ་འཆར་གཞིར་བཟུང་འཐུས་མིའི་འོས་མི་འོས་སྦྱོར་བྱ་རྒྱུའི་གྲོས་འགོ་འདོན་དགོས།
(གཉིས། ) འཐུས་མིའི་འོས་མི་རགས་ཙམ་འདོན། བྱེད་ཐབས་འོས་འཚམ་སྤྱད་དེ་ཞིབ་བཤེར་གཏན་འབེབས་དང་གནད་འགག་དམ་འཛིན་བྱེད་པར་ཤུགས་སྣོན་རྒྱག་པ་དང་།འཐུས་མིའི་འོས་མིའི་ཐོག་མའི་འོས་མི་ཁྱབ་ཁོངས་ངེས་ཅན་ནང་ཡོངས་བསྒྲགས་བྱས་ཆོག
(གསུམ། )འདེམས་བསྐོའི་སྡེ་ཚན་གྱིས་འཐུས་མིའི་འོས་མིའི་གྲ་སྒྲིག་འོས་མི་ཞིབ་འཇུག་གཏན་འཁེལ་བྱ་རྒྱུ། ཏང་ཡོན་གྱི་འཐུས་མིའི་ཚོགས་ཆེན་འཚོགས་པའི་ཏང་གི་གཞི་རིམ་ཨུ་ཡོན་ལྷན་ཁང་ལ་ཞིབ་བཤེར་གནང་བྱར་འབུལ་དགོས།
(བཞི། )འདེམས་བསྐོའི་སྡེ་ཚན་གྱིས་ཏང་ཡོན་གྱི་ཚོགས་ཆེན་ནམ་ཏང་ཡོན་གྱི་འཐུས་མིའི་ཚོགས་ཆེན་འཚོགས། འདེམས་བསྐོ་བྱེད་མཁན་མང་ཆེ་བའི་བསམ་འཆར་ལྟར་འོས་མི་གཏན་འཁེལ་བྱས་ཏེ་འདེམས་བསྐོ་བྱ་རྒྱུ།
དོན་ཚན་བཅུ་གཅིག་པ། སྐབས་གོང་མའི་ཏང་གི་ཨུ་ཡོན་ལྷན་ཁང་དུ་འཐུས་མིའི་ཐོབ་ཐང་ཞིབ་བཤེར་ཚོ་ཆུང་འཛུགས་རྒྱུ། འཐུས་མི་ཐོན་རིམ་དང་ཐོབ་ཐང་ལ་ཞིབ་བཤེར་བྱེད་འགན་འཁུར་རྒྱུ།འཐུས་མི་ཐོན་པ་དེ་གཏན་འབེབས་ཀྱི་གོ་རིམ་དང་མི་མཐུན་ཚེ་དེ་སྔའི་འདེམས་བསྐོའི་ཚན་པར་བསྐྱར་དུ་འདེམས་བསྐོ་བྱེད་དུ་འཇུག་དགོས། འཐུས་མིར་ཐོབ་ཐང་མེད་ཚེ་དེ་སྔའི་འདེམས་བསྐོ་བྱེད་མཁན་ཚན་པར་བརྗེ་འཐེན་བྱེད་དུ་འཇུག་དགོས།འཐུས་མིའི་ཐོབ་ ཐང་ཞིབ་བཤེར་ཚོ་ཆུང་གིས་ཏང་ཡོན་འཐུས་མིའི་ཚོགས་ཆེན་གྱི་གྲ་སྒྲིག་གྲོས་ཚོགས་ལ་ཞིབ་བཤེར་བྱས་ཚུལ་སྙན་སེང་ཞུ་ དགོས། ཞིབ་བཤེར་བྱས་པ་བརྒྱུད་གྲོས་འཆམ་བྱུང་རྗེས་ཀྱི་འཐུས་མིར་ཐོབ་ཐང་ངོ་མ་ཐོབ་ཡོད།
    ལེའུ་གསུམ་པ། ཨུ་ཡོན་ལྷན་ཁང་བདམས་ཐོན་བྱེད་ཕྱོགས་སྐོར།
དོན་ཚན་བཅུ་གཉིས་པ། ཏང་གི་གཞི་རིམ་རྩ་འཛུགས་ཀྱིས་བཙུགས་པའི་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་གྱི་འོས་མི་ནི་སྤྱོད་ཡོན་གཉིས་ལྡན་དང་། ཀུན་སྤྱོད་གཙོ་བོར་འཛིན་པ། ཚན་པའི་གྲུབ་ཚུལ་ལུགས་མཐུན་ཡིན་པ་བཅས་ཀྱི་རྩ་དོན་ལྟར་མིང་འདོན་བྱ་དགོས།
ཁྱབ་ཁོངས་མི་འདྲ་བ་དང་རིགས་མི་འདྲ་བ། རིམ་པ་མི་འདྲ་བ་བཅས་ཀྱི་ཏང་གི་གཞི་རིམ་རྩ་འཛུགས་ཀྱིས། དེའི་ཨུ་ཡོན་གྱི་གདམ་བྱའི་འོས་མིའི་ཆ་རྐྱེན་ནི་ཏང་ཀྲུང་དབྱང་གི་དགོངས་དོན་དང་གོང་རིམ་ཏང་རྩ་འཛུགས་ཀྱི་བླང་བྱ་ལྟར་གནས་ཚུལ་དངོས་དང་ཟུང་འབྲེལ་བྱས་ནས་སྔར་བས་ཞིབ་ཕྲ་བཟོ་དགོས།
དོན་ཚན་བཅུ་གསུམ་པ། ཨུ་ཡོན་གྱི་འོས་མིའི་ཆད་གྲངས་དེ་འདེམས་དགོས་པའི་མི་གྲངས་ཀྱི་བརྒྱ་ཆ་20ལས་ཉུང་མི་རུང་།
དོན་ཚན་བཅུ་བཞི་པ། ཏང་གི་སྤྱི་ཁྱབ་ཀྲི་པུའུ་ཨུ་ཡོན་ལྷན་ཁང་དང་ཀྲི་པུའུ་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་འདེམས་དུས།སྐབས་སྔ་མའི་ཨུ་ཡོན་ལྷན་ཁང་གིས་ཏང་ཡོན་མང་ཆེ་བའི་བསམ་འཆར་ལྟར་འོས་མི་འདོན།གོང་རིམ་ཏང་རྩ་འཛུགས་ལ་ཞིབ་བཤེར་དང་འཐད་པ་བྱུང་རྗེས།ཏང་ཡོན་རྩ་འཛུགས་བྱས་ཏེ་ནང་མོལ་བྱས་ཏེ་གདམ་བྱའི་འོས་མི་གཏན་འཁེལ་བྱས་ཏེ། ཏང་ཡོན་ཚོགས་ཆེན་སྟེང་འདེམས་བསྐོ་བྱེད་དགོས།
དོན་ཚན་བཅོ་ལྔ་པ། ཏང་གི་གཞི་རིམ་ཨུ་ཡོན་ལྷན་ཁང་དང་ཆོག་མཆན་ཐོབ་ནས་བཙུགས་པའི་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་འདེམས་སྐབས།ཏང་ཡོན་གྱི་ཚོགས་ཆེན་འཚོག་མཁན།སྐབས་གོང་མའི་ཏང་གི་ཨུ་ཡོན་ལྷན་ཁང་གིས་རང་ཁོངས་སུ་གཏོགས་པའི་ཏང་གི་རྩ་འཛུགས་མང་ཆེ་བའི་བསམ་འཆར་ལྟར་འོས་མི་བཏོན་ཏེ་གོང་རིམ་ཏང་གི་རྩ་འཛུགས་ལ་ཞིབ་བཤེར་དང་མོས་མཐུན་བྱུང་རྗེས།ཏང་ཡོན་སྒྲིག་འཛུགས་བྱས་ཏེ་ནང་མོལ་བྱས་ནས་འོས་མི་གཏན་འཁེལ་བྱ་རྒྱུ་དང་། ཏང་ཡོན་ཚོགས་ཆེན་ལ་འདེམས་བསྐོ་བྱ་རྒྱུར་འབུལ་རྒྱུ། ཏང་ཡོན་གྱི་འཐུས་མིའི་ཚོགས་ཆེན་འཚོགས། སྐབས་གོང་མའི་ཏང་གི་ཨུ་ཡོན་ལྷན་ཁང་གིས་རང་ཁོངས་སུ་གཏོགས་པའི་ཏང་གི་རྩ་འཛུགས་མང་ཆེ་བའི་བསམ་འཆར་ལྟར་འོས་མི་བཏོན་ཏེ་གོང་རིམ་ཏང་གི་རྩ་འཛུགས་ལ་ཞིབ་བཤེར་དང་མོས་མཐུན་བྱུང་རྗེས།ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པར་ གྲོས་བསྡུར་དང་གྲོས་འཆམ་བྱ་རྒྱུར་འབུལ།ཚོགས་ཆེན་གྱི་ཀྲུའུ་ཞིའི་ཚོགས་པས་འཐུས་མིའི་ཚོགས་པ་(ཚོ་ཆུང་)ཁག་ལ་ནང་མོལ་དང་གྲོས་བསྡུར་བྱ་རྒྱུར་ཕུལ་ཏེ་འཐུས་མི་མང་ཆེ་བའི་བསམ་འཆར་ལྟར་འོས་མི་གཏན་འཁེལ་བྱ།ཏང་ཡོན་གྱི་འཐུས་མིའི་ཚོགས་ཆེན་ལ་འདེམས་བསྐོ་བྱ་རྒྱུར་འབུལ་དགོས།
དོན་ཚན་བཅུ་དྲུག་པ། ཏང་གི་གཞི་རིམ་རྩ་འཛུགས་ཀྱིས་བཙུགས་པའི་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་དང་ཧྲུའུ་ཅི་གཞོན་པ་བདམས་ཐོན་བྱེད་པར།སྐབས་གོང་མའི་ཨུ་ཡོན་ལྷན་ཁང་གིས་འོས་མི་བཏོན་ཏེ་གོང་རིམ་ཏང་རྩ་འཛུགས་ལ་ཞིབ་བཤེར་དང་མོས་མཐུན་ཐོབ་རྗེས་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐོག་འདེམས་བསྐོ་བྱ་རྒྱུ།
ཨུ་ཡོན་ལྷན་ཁང་བཙུགས་མེད་པའི་ཏང་ཀྲི་པུའུ་ཧྲུའུ་ཅི་དང་ཧྲུའུ་ཅི་གཞོན་པ་བདམས་ཐོན་བྱེད་སྐབས། ཏང་ཡོན་ཡོངས་ཀྱིས་ནང་མོལ་གང་ལེགས་བྱས་ཏེ་འོས་མི་བཏོན་ནས་གོང་རིམ་ཏང་རྩ་འཛུགས་ལ་ཞིབ་བཤེར་དང་མོས་མཐུན་བྱུང་རྗེས་འདེམས་བསྐོ་བྱ་རྒྱུ།
དོན་ཚན་བཅུ་བདུན་པ། ཆོག་མཆན་ཐོབ་ནས་རྒྱུན་ལས་ཨུ་ཨོན་ལྷན་ཁང་བཙུགས།  རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་གྱི་འོས་མི།སྐབས་གོང་མའི་ཨུ་ཡོན་ལྷན་ཁང་གིས་འདེམས་བསྐོ་བྱ་དགོས་པའི་མི་གྲངས་ལས་1ནས་2བར་མང་བའི་ཆད་གྲངས་ལྟར་འདོན་དགོས་པ་དང་། གོང་རིམ་ཏང་རྩ་འཛུགས་ལ་ཞིབ་བཤེར་དང་མོས་མཐུན་བྱུང་རྗེས།ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐོག་འདེམས་བསྐོ་བྱ།
དོན་ཚན་བཅོ་བརྒྱད་པ། ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་གྱི་འགན་འཛིན་ཡུན་ཚད་ནང་ཆད་ལྷག་བྱུང་ན། སྤྱིར་བཏང་དུ་ཏང་ཡོན་ཚོགས་ཆེན་ནམ་ཏང་ཡོན་འཐུས་མིའི་ཚོགས་ཆེན་བསྡུས་ནས་གསབ་འདེམས་བྱ་དགོས། གོང་རིམ་ཏང་གི་རྩ་འཛུགས་ཀྱིས་དགོས་པ་འདུག་སྙམ་ན་འོག་རིམ་ཏང་གི་རྩ་འཛུགས་ཀྱི་འགན་འཁུར་པ་ལས་གནས་སྤོ་བའམ་མངག་གཏོང་བྱས་ཆོག
      ལེའུ་བཞི་པ། འདེམས་བསྐོ་ལག་བསྟར་བྱེད་ཕྱོགས་སྐོར།
དོན་ཚན་བཅུ་དགུ་པ། འདེམས་བསྐོ་བྱེད་སྐབས་ འདེམས་བྱེད་ཀྱི་དབང་ཆ་ཡོད་པའི་ཚོགས་འདུར་ཞུགས་མཁན་མི་གྲངས་དེ་ཚོགས་འདུར་ཞུགས་དགོས་པའི་མི་གྲངས་ཀྱི་ལྔ་ཆ་བཞི་ལས་མི་ཉུང་བ་ཡོད་པས་གྲོས་ཚོགས་ལ་རྩིས་འགྲོ་ཡོད།
དོན་ཚན་ཉི་ཤུ་པ། ཏང་ཡོན་གྱི་ཚོགས་ཆེན་འཚོགས་ནས་འདེམས་བསྐོ་བྱེད་པར་སྐབས་གོང་མའི་ཨུ་ཡོན་ལྷན་ཁང་གིས་གཙོ་སྐྱོང་བྱ་རྒྱུ།ཨུ་ཡོན་ལྷན་ཁང་བཙུགས་མེད་པའི་ཏང་ཀྲི་པུའུ་འདེམས་བསྐོ་བྱེད་པར་སྐབས་གོང་མའི་ཏང་ཀྲི་པུའུ་ཧྲུའུ་ཅིས་གཙོ་སྐྱོང་བྱ་རྒྱུ།
ཏང་ཡོན་གྱི་འཐུས་མིའི་ཚོགས་ཆེན་འཚོགས་ནས་འདེམས་བསྐོ་བྱ་རྒྱུ་དེ་ཚོགས་ཆེན་གྱི་ཀྲུའུ་ཞིའི་ཚོགས་པས་གཙོ་ སྐྱོང་བྱ་རྒྱུ།ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་ཁོངས་མི་ནི་སྐབས་གོང་མའི་ཏང་གི་ཨུ་ཡོན་ལྷན་ཁང་ངམ་ཡང་ན་འཐུས་མི་ཚོགས་པ་(ཚོ་ཆུང་)ཁག་གིས་འཐུས་མིའི་ཁྲོད་ནས་མིང་འདོན་རྒྱུ།འཐུས་མི་ཡོངས་ཀྱིས་ནང་མོལ་དང་གྲོས་བསྡུར་བྱས་པ་བརྒྱུད་ཏང་ཡོན་འཐུས་མི་ཚོགས་ཆེན་གྱི་གྲ་སྒྲིག་ཚོགས་འདུའི་ཐོག་བརྡས་ཐག་གཅོད་རྒྱུར་ཕུལ་ནས་གྲོས་འཆམ་བྱུང་བ་རེད།
ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོའི་ཐོག་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་དང་། ཧྲུའུ་ཅི།ཧྲུའུ་ཅི་གཞོན་པ་བཅས་འདེམས་བསྐོ་བྱ།ཏང་ཡོན་གྱི་འཐུས་མིའི་ཚོགས་ཆེན་འཚོགས་ན།ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པས་གསར་དུ་བདམས་ཐོན་བྱུང་བའི་ཨུ་ཡོན་གཅིག་དམིགས་འཛུགས་བྱས་ནས་གཙོ་སྐྱོང་བྱ་རྒྱུ།ཏང་ཡོན་གྱི་ཚོགས་ཆེན་སྐོང་འཚོག་བྱེད་པར་སྐབས་གོང་མའི་ཨུ་ཡོན་ལྷན་ཁང་གིས་གསར་དུ་བདམས་ཐོན་བྱུང་བའི་ཨུ་ཡོན་1འོས་སྦྱོར་བྱས་ནས་གཙོ་སྐྱོང་བྱ་རྒྱུ།
དོན་ཚན་ཉེར་གཅིག་པ། འདེམས་བསྐོ་མ་བྱས་གོང་འདེམས་བསྐོའི་སྡེ་ཚན་གྱི་ཏང་རྩ་འཛུགས་སམ་ཚོགས་ཆེན་གྱི་ཀྲུའུ་ཞིའི་ཚོགས་པས་བྱེད་ཐབས་འོས་འཚམ་སྤྱད་དེ་གདམ་བྱའི་འོས་མིའི་ལོ་རྒྱུས་མདོར་བསྡུས་དང་། ལས་ཀའི་གྲུབ་འབྲས། སྐྱོན་ཆ་གཙོ་བོ་བཅས་འདེམས་བསྐོ་བྱེད་མཁན་ལ་དངོས་ཐོག་བདེན་འཚོལ་གྱིས་ངོ་སྤྲོད་བྱ་དགོས་པ་དང་། འདེམས་བསྐོ་བྱེད་མཁན་གྱིས་བཏོན་པའི་དྲི་བར་འགན་འཁུར་བའི་ལན་འདེབས་དགོས།འདེམས་བསྐོ་བྱེད་མཁན་གྱི་བླང་བྱ་ལྟར་འོས་མི་སྒྲིག་འཛུགས་ཀྱིས་འདེམས་བསྐོ་བྱེད་མཁན་དང་ཐུག་འཕྲད་བྱས་ཏེ་འདེམས་བསྐོ་བྱེད་མཁན་གྱིས་བཏོན་པའི་གནད་དོན་ལ་ལན་བཏབ་ཆོག
དོན་ཚན་ཉེར་གཉིས་པ། འདེམས་བསྐོ་བྱེད་སྐབས་འདེམས་ཤོག་ལྟ་ཞིབ་པ་བསྐོ་གཞག་བྱ་རྒྱུ་དང་། འདེམས་བསྐོའི་གོ་རིམ་ཧྲིལ་པོར་ལྟ་སྐུལ་བྱེད་འགན་འཁུར་རྒྱུ།
ཏང་ཡོན་གྱི་ཚོགས་ཆེན་ནམ་ཏང་ཡོན་གྱི་འཐུས་མིའི་ཚོགས་ཆེན་ཐོག་འདེམས་བསྐོ་བྱས་པའི་འདེམས་ཤོག་ལྟ་ཞིབ་པ།ཏང་ཡོན་ཡོངས་སམ་ཡང་ན་འཐུས་མི་ཚོགས་པ་(ཚོགས་ཆུང་)ཁག་གིས་གདམ་བྱའི་འོས་མི་མིན་པའི་ཏང་ཡོན་ནམ་ཡང་ན་འཐུས་མིའི་ཁྲོད་ནས་འདེམས་སྒྲུག་བྱེད་དགོས་པ་དང་།ཏང་ཡོན་ཚོགས་ཆེན་དང་ཏང་ཡོན་འཐུས་མི་ཚོགས་ཆེན་ནམ་ཡང་ན་ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་ཚོགས་འདུའི་ཐོག་བརྡས་ཐག་བཅད་དེ་གྲོས་འཆམ་བྱེད་དགོས། ཨུ་ཡོན་ལྷན་ཁང་གིས་འདེམས་བསྐོ་བྱས་པའི་འདེམས་ཤོག་ལྟ་ཞིབ་པ། ཧྲུའུ་ཅི་དང་། ཧྲུའུ་ཅི་གཞོན་པ། རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་གྱི་འོས་མི་མིན་པའི་ཨུ་ཡོན་ནང་ནས་འདེམས་སྒྲུག་བྱས་ཏེ་ཨུ་ཡོན་ཡོངས་ཀྱིས་བརྡས་ཐག་བཅད་དེ་གྲོས་འཆམ་བྱ་རྒྱུ།
དོན་ཚན་ཉེར་གསུམ་པ། འདེམས་བསྐོ་བྱེད་མཁན་འདེམས་བསྐོ་བྱ་རྒྱུ། འདེམས་ཤོག་རྩིས་རྒྱག་མཁན་གྱིས་འདེམས་ཤོག་ལྟ་ཞིབ་པའི་ལྟ་སྐུལ་འོག་ལས་ཀ་བྱ་རྒྱུ།
དོན་ཚན་ཉེར་བཞི་པ། འདེམས་བསྐོ་བྱེད་སྐབས་རང་མིང་མི་འགོད་པའི་འདེམས་ཤོག་འཕེན་ཐབས་སྤྱོད་རྒྱུ། འདེམས་ཤོག་ཐོག་གི་འཐུས་མི་དང་། ཨུ་ཡོན། རྒྱུན་ལས་ཨུ་ཡོན་ལྷན་ཁང་བཅས་ཀྱི་ཨུ་ཡོན་གྱི་འོས་མིའི་མཚན་ཐོ་རྣམས་རྒྱ་ཡིག་རུས་མིང་གི་པིར་རིས་མང་ཉུང་ལྟར་བསྒྲིགས།ཧྲུའུ་ཅི་དང་ཧྲུའུ་ཅི་གཞོན་པའི་འོས་མིའི་མིང་ཐོ་དེ་གོང་རིམ་ཏང་རྩ་འཛུགས་ཀྱིས་ཆོག་མཆན་བཀོད་པའི་གོ་རིམ་ལྟར་བསྒྲིག་དགོས། འདེམས་བསྐོ་བྱེད་མཁན་གྱིས་འདེམས་ཤོག་འབྲི་མ་ཐུབ་ན།རང་ཉིད་ཀྱིས་གདམ་བྱའི་འོས་མི་མིན་པར་མངགས་ བཅོལ་བྱས་ཏེ་འདེམས་བསྐོ་བྱེད་མཁན་གྱི་འདོད་བློ་ལྟར་ཚབ་འབྲི་བྱས་ཆོགརྒྱུ་རྐྱེན་གྱི་དབང་གིས་ཚོགས་འདུར་ཞུགས་མེད་པའི་ཏང་ཡོན་ནམ་འཐུས་མིས་མི་གཞན་ལ་རང་ཉིད་ཀྱི་ཚབ་ཏུ་འདེམས་ཤོག་འཕེན་རྒྱུའི་མངགས་བཅོལ་བྱེད་མི་ཐུབ།   
དོན་ཚན་ཉེར་ལྔ་པ།འདེམས་བསྐོ་བྱེད་མཁན་གྱིས་འོས་མིར་མོས་མཐུན་ཡོད་པའི་འདེམས་ཤོག་འཕངས་ཆོག་པའམ་མོས་མཐུན་མེད་པའི་འདེམས་ཤོག་འཕངས་ཆོགའདེམས་དབང་བསྐྱུར་ནའང་ཆོགམོས་མཐུན་མེད་པའི་འདེམས་ཤོག་འཕེན་མཁན་གྱིས་མི་གཞན་པ་འདེམས་བསྐོ་བྱས་ཆོག
དོན་ཚན་ཉེར་དྲུག་པ། འདེམས་ཤོག་འཕངས་ཚར་རྗེས། འདེམས་ཤོག་ལྟ་ཞིབ་བྱེད་མཁན་དང་འདེམས་ཤོག་ རྩིས་རྒྱག་མཁན་གྱིས་འདེམས་ཤོག་འཕེན་མཁན་གྱི་མི་གྲངས་དང་།འདེམས་ཤོག་བཀྲམ་གྲངས།འདེམས་ཤོག་ཕྱིར་བསྡུས་པའི་ཁ་གྲངས་བཅས་ཞིབ་བསྡུར་བྱས་ནས་ཟིན་ཐོ་འགོད་དགོས།འདེམས་ཤོག་ལྟ་ཞིབ་པས་མིང་རྟགས་འགོད་རྒྱུ་མ་ཟད་འདེམས་བསྐོ་བྱ་ཡུལ་གྱི་མིར་འདེམས་ཤོག་ཐོབ་གྲངས་སྙན་སེང་ཡང་ཞུ།
དོན་ཚན་ཉེར་བདུན་པ། འདེམས་བསྐོ་བྱས་ནས་ཕྱིར་བསྡུས་པའི་འདེམས་ཤོག་གི་གྲངས་ཀ་དེ་འདེམས་ཤོག་འཕེན་མཁན་གྱི་མི་གྲངས་དང་མང་ཉུང་གཅིག་པ་ཡིན་པའམ་དེ་ལས་ཉུང་བ་ཡིན་ན་འདེམས་བསྐོ་རྩིས་འགྲོ་ཡོད་པ་དང་། འདེམས་ཤོག་འཕེན་མཁན་མི་གྲངས་ལས་མང་ན་འདེམས་བསྐོ་རྩིས་འགྲོ་མེད་པས་བསྐྱར་དུ་འདེམས་བསྐོ་བྱ་དགོས། འདེམས་ཤོག་རེ་རེས་བདམས་པའི་མི་གྲངས། གཏན་འཁེལ་བྱས་པའི་འདེམས་བསྐོ་བྱ་དགོས་པའི་མི་གྲངས་དང་མཚུངས་པའམ་དེ་ལས་ཉུང་ན་འདེམས་ཤོག་དེ་གོ་ཆོད་པར་བརྩི་རྒྱུ་དང་།གཏན་འཁེལ་བྱས་པའི་འདེམས་བསྐོ་བྱ་དགོས་པའི་མི་གྲངས་ལས་མང་ན་གོ་མི་ཆོད་པར་བརྩི་རྒྱུ།
དོན་ཚན་ཉེར་བརྒྱད་པ།འཁྲོལ་ཡོད་སྟ་གོན་གྱི་འདེམས་བསྐོ་བྱེད་སྐབས་མོས་མཐུན་ཡོད་པའི་འདེམས་ཤོག་དེ་ཚོགས་འདུར་ཞུགས་དགོས་པའི་འདེམས་བསྐོའི་དབང་ཆ་ཡོད་པའི་མི་གྲངས་ཀྱི་ཕྱེད་ཀ་ལས་བརྒལ་ན་ད་གཟོད་འོས་མི་ངོ་མའི་ གྲས་སུ་བཞག་ཆོག"
དོན་ཚན་ཉེར་དགུ་པ། འདེམས་བསྐོ་དངོས་སུ་བྱེད་སྐབས་ འདེམས་བསྐོ་བྱ་ཡུལ་གྱི་མིར་ཐོབ་པའི་མོས་མཐུན་འདེམས་ཤོག་དེ་ཚོགས་འདུར་ཞུགས་དགོས་པའི་འདེམས་བསྐོའི་དབང་ཆ་ཡོད་པའི་མི་གྲངས་ཀྱི་ཕྱེད་ཀ་ལས་བརྒལ་ཚེ་གཞི་ནས་བདམས་ཐོན་བྱུང་བར་བརྩི་རྒྱུ། མོས་མཐུན་བྱས་པའི་འདེམས་ཤོག་ཐོབ་གྲངས་ཕྱེད་ཀ་ལས་བརྒལ་བའི་འདེམས་བསྐོ་བྱ་ཡུལ་གྱི་མི་གྲངས་དེ་འདེམས་བསྐོ་བྱ་དགོས་པའི་མི་གྲངས་ལས་མང་བའི་ཚེ།འདེམས་ཤོག་ཐོབ་གྲངས་མང་ཉུང་དེ་གོ་རིམ་དུ་བྱས་ནས་འདེམས་བསྐོ་བྱ་དགོས་པའི་མི་གྲངས་གྲངས་ཚད་ལོངས་པ་ཞིག་ལེན་པའི་བར་ཡིན།གལ་ཏེ་འདེམས་ཤོག་གི་གྲངས་ཀ་མང་ཉུང་གཅིག་མཚུངས་ཡིན་པས་བདམས་ཐོན་པ་གཏན་འཁེལ་བྱེད་མི་ཐུབ་པའི་སྐབས་སུ།འདེམས་ཤོག་ཐོབ་གྲངས་གཅིག་མཚུངས་ཡིན་པའི་འདེམས་བསྐོ་བྱ་ཡུལ་གྱི་མིར་ཡང་བསྐྱར་འདེམས་ཤོག་འཕངས་ནས་མོས་མཐུན་བྱས་པའི་འདེམས་ཤོག་མང་བ་ཐོབ་མཁན་བདམས་ཐོན་བྱུང་བ་ཡིན།  མོས་མཐུན་བྱས་པའི་འདེམས་ཤོག་ཐོབ་གྲངས་ཕྱེད་ཀ་ལས་བརྒལ་བའི་འདེམས་བསྐོ་བྱ་ཡུལ་གྱི་མི་གྲངས་དེ་འདེམས་བསྐོ་བྱ་དགོས་པའི་མི་གྲངས་ལས་ཉུང་བའི་ཚེ།ཁ་གྲངས་ཆད་རིགས་ལོགས་སུ་འདེམས་བསྐོ་བྱ།གལ་ཏེ་འདེམས་བསྐོ་བྱ་དགོས་པའི་མི་གྲངས་དང་ཧ་ལམ་འདྲ་བ་ཡིན།འདེམས་བསྐོ་བྱེད་མཁན་ཕྱེད་ཀ་ཡན་གྱིས་ཡིད་མཐུན་བྱས་པའམ་ཚོགས་ཆེན་གྱི་ཀྲུའུ་ཞིའི་ཚོགས་པས་གྲོས་ཐག་བཅད་རྗེས་མི་གྲངས་ཉུང་དུ་བཏང་ནའང་ཆོག བསྐྱར་དུ་འདེམས་བསྐོ་མི་བྱེད།
དོན་ཚན་སུམ་ཅུ་པ། འདེམས་བསྐོ་བྱ་ཡུལ་གྱི་མིར་འདེམས་ཤོག་ཐོབ་པའི་གནས་ཚུལ། དེའི་ཁོངས་སུ་མོས་མཐུན་འདེམས་ཤོག་ཐོབ་པ་དང་།མོས་མཐུན་འདེམས་ཤོག་མི་སྤྲོད་པ།དབང་ཆ་དོར་བའི་འདེམས་ཤོག་དང་མི་གཞན་དག་འདེམས་བསྐོ་བྱ་རྒྱུ་སོགས་ཚུད་ཡོད་ཅིང་།གྲ་སྒྲིག་འདེམས་བསྐོ་བྱེད་སྐབས་འདེམས་ཤོག་ལྟ་ཞིབ་པས་སྐབས་གོང་མའི་ཨུ་ཡོན་ལྷན་ཁང་ངམ་ཚོགས་ཆེན་གྱི་ཀྲུའུ་ཞིའི་ཚོགས་པར་སྙན་སེང་ཞུ་རྒྱུ།འདེམས་བསྐོ་དངོས་སུ་བྱེད་སྐབས་འདེམས་ཤོག་ལྟ་ཞིབ་པས་འདེམས་བསྐོ་བྱེད་མཁན་ལ་སྙན་སེང་ཞུ།
དོན་ཚན་སོ་གཅིག་པ། བདམས་ཐོན་བྱུང་བའི་མིང་ཐོ་གྲོས་ཚོགས་ཀྱི་གཙོ་སྐྱོང་པས་འདེམས་བསྐོ་བྱེད་མཁན་ལ་ཁྱབ་བསྒྲགས་བྱ་རྒྱུ།བདམས་ཐོན་བྱུང་བའི་ཏང་ཡོན་འཐུས་མི་ཚོགས་ཆེན་གྱི་འཐུས་མི་དང་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་གྱི་མིང་ཐོ་དེ་རྒྱ་ཡིག་རུས་མིང་གི་པིར་རིས་མང་ཉུང་ལྟར་བསྒྲིགས་ཡོད། བདམས་ཐོན་བྱུང་བའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་དང་།ཧྲུའུ་ཅི།ཧྲུའུ་ཅི་གཞོན་པ་བཅས་ཀྱི་མིང་ཐོ་དེ་ གོང་རིམ་ཏང་རྩ་འཛུགས་ཀྱིས་ཆོག་མཆན་བཀོད་པའི་གོ་རིམ་ལྟར་བསྒྲིག་རྒྱུ།
    ལེའུ་ལྔ་པ། ཞིབ་བཤེར་ཆོག་མཆན་ཞུ་རྒྱུར་འབུལ་དགོས།
དོན་ཚན་སོ་གཉིས་པ།ཏང་ཡོན་གྱི་ཚོགས་ཆེན་ནམ་ཏང་ཡོན་གྱི་འཐུས་མིའི་ཚོགས་ཆེན་སྐོང་འཚོག་བྱ་རྒྱུའི་དགོངས་སྐོར་ཞུ་བ།ཏང་རྩ་འཛུགས་ཀྱི་ཁོངས་གཏོགས་འབྲེལ་བ་ལྟར་ཞིབ་མཆན་འགོད་དབང་ཡོད་པའི་གོང་རིམ་ཏང་རྩ་འཛུགས་ལ་ཞིབ་མཆན་ཞུ་དགོས།ཏང་ཡོན་གྱི་ཚོགས་ཆེན་འཚོགས་པར་སྤྱིར་བཏང་དུ་ཟླ་བ་གཅིག་གི་སྔོན་ལ་ཆོག་མཆན་ཞུ་དགོས་པ་དང་། ཏང་ཡོན་གྱི་འཐུས་མིའི་ཚོགས་ཆེན་འཚོགས་པར་སྤྱིར་བཏང་དུ་ཟླ་4ཡི་སྔོན་ལ་ཆོག་མཆན་ཞུ་དགོས།
དོན་ཚན་སོ་གསུམ་པ།སྐབས་གསར་པའི་ཏང་གི་ཨུ་ཡོན་ལྷན་ཁང་དང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན།རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན།ཧྲུའུ་ཅི་དང་ཧྲུའུ་ཅི་གཞོན་པའི་འོས་མི་གྲ་སྒྲིག་འོས་མི།སྤྱིར་བཏང་དུ་ཏང་ཡོན་གྱི་ཚོགས་ཆེན་ནམ་ཏང་ཡོན་གྱི་འཐུས་མིའི་ཚོགས་ཆེན་འཚོགས་ནས་ཟླ་བ་གཅིག་གི་སྔོན་ལ་ཞིབ་མཆན་འགོད་དབང་ཡོད་པའི་གོང་རིམ་ཏང་རྩ་འཛུགས་ལ་ཞིབ་མཆན་འགོད་རྒྱུར་འབུལ་དགོས།
དོན་ཚན་སོ་བཞི་པ།བདམས་ཐོན་བྱུང་བའི་ཨུ་ཡོན་རྣམས་གོང་རིམ་ཏང་གི་རྩ་འཛུགས་ལ་ཐོ་འགོད་སྙན་སེང་ཞུ་རྒྱུ་དང་།རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་དང་།ཧྲུའུ་ཅི།ཧྲུའུ་ཅི་གཞོན་པ་བཅས་ཀྱིས་གོང་རིམ་ཏང་གི་རྩ་འཛུགས་ལ་ཆོག་མཆན་ཞུ་དགོས།  སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གིས་བདམས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་དང་ཧྲུའུ་ཅི་དང་ཧྲུའུ་ཅི་གཞོན་པ།རང་དང་རིམ་པ་མཉམ་པའི་ཏང་གི་ཨུ་ཡོན་ལྷན་ཁང་ནས་གྲོས་འཆམ་བྱུང་རྗེས་གོང་རིམ་ཏང་གི་རྩ་འཛུགས་ལ་ཆོག་མཆན་ཞུ་དགོས།
     ལེའུ་དྲུག་པ། སྒྲིག་ཁྲིམས་དང་ལྟ་སྐུལ།
དོན་ཚན་སོ་ལྔ་པ།ཏང་གི་གཞི་རིམ་རྩ་འཛུགས་ཀྱི་འདེམས་བསྐོའི་ལས་ཀར་འགོ་ཁྲིད་བྱེད་ཤུགས་ཆེ་རུ་གཏོང་དགོས། སློབ་གསོ་སྔོན་ལ་སྤེལ་བ་དང་། ཉེན་བརྡ་སྔོན་ལ་གཏོང་བ། སྔོན་འགོག་སྔོན་དུ་བྱེད་པ་བཅས་མཐའ་འཁྱོངས་དང་། ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་རྩ་འཛུགས་ཀྱི་སྒྲིག་ཁྲིམས་དང་དེ་བཞིན་སྐབས་བརྗེའི་ལས་ཀའི་སྒྲིག་ཁྲིམས་ཀྱི་བླང་བྱ་ནན་དུ་ གཏོང་བ། ལམ་ལུགས་ཀྱི་འདུ་ཤེས་འཛིན་ཤུགས་ཆེར་གཏོང་དང་། ལམ་ལུགས་ལག་བསྟར་ནན་པོ། ལམ་ལུགས་ཀྱི་དབང་གྲགས་སྲུང་སྐྱོང་བཅས་བྱས།ཏང་ཡོན་དང་འཐུས་མིས་དམངས་གཙོའི་ཁེ་དབང་ཡང་དག་སྤྱོད་རྒྱུར་ཁྲིད་སྟོན་བྱས་ཏེ་འདེམས་བསྐོའི་ལས་དོན་བརྟན་ལ་གོ་རིམ་ལྡན་པ་ཞིག་ཡོང་བའི་འགན་ལེན་བྱེད་དགོས། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་གི་འགན་འཁྲི་དོན་འཁྱོལ་བྱེད་དགོས།ཤོག་ཁག་སྒྲིག་པ་དང་།འདེམས་ཤོག་འཕེན་སྐུལ་དང་རྔན་བསླུས་འདེམས་བསྐོ། རླུང་ཡན་རླུང་ཤོར་སོགས་རྩ་འཛུགས་མ་ཡིན་པའི་བྱ་སྤྱོད་ནན་འགོག་དང་། ནག་སྤྱོད་སྟོབས་ཤུགས་དང་།རུས་རྒྱུད་སྟོབས་ཤུགས།ཆོས་ལུགས་སྟོབས་ཤུགས་བཅས་ཀྱིས་འདེམས་བསྐོར་འགལ་རྐྱེན་བཟོ་བ་དང་གཏོར་བཤིག་གཏོང་བར་ནན་འགོག་བྱེད་དགོས།ལྟ་སྐུལ་ཞིབ་བཤེར་དང་འགན་འཁྲི་བདའ་འདེད་བྱེད་ཤུགས་ཆེ་རུ་བཏང་ནས་འདེམས་བསྐོའི་ལས་དོན་སྤྱོད་གཙང་གཞུང་དྲང་ཡོང་བའི་འགན་ལེན་བྱས་ཡོད།    
དོན་ཚན་སོ་དྲུག་པ།སྲོལ་ཡིག་འདི་གོང་རིམ་ཏང་གི་ཨུ་ཡོན་ལྷན་ཁང་དང་དེའི་རྩ་འཛུགས་སྡེ་ཁག་དང་གོང་རིམ་ཏང་གི་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གིས་ལྟ་སྐུལ་དང་ལག་བསྟར་བྱེད་འགན་འཁུར་རྒྱུ།ལག་བསྟར་བྱས་ཚུལ་སྐོར་ཞིབ་སྐོར་དཔྱོད་ལྟ་སྐུལ་ལས་ཀའི་ནང་དོན་དུ་འཇུག་དགོས།
དོན་ཚན་སོ་བདུན་པ།འདེམས་བསྐོ་བྱེད་སྐབས་ཏང་གི་སྒྲིག་ཡིག་དང་སྲོལ་ཡིག་འདིའི་གཏན་འབེབས་དང་འགལ་བའི་བྱ་སྤྱོད་ཡོད་ཕྱིན།ངེས་པར་དུ་རྩད་ཞིབ་ཐག་གཅོད་ནན་ཏན་བྱ་དགོས།གནད་དོན་གྱི་ངོ་བོ་དང་གནས་ཚུལ་ཚབས་ཆེ་ ཆུང་ལ་གཞིགས།འབྲེལ་ཡོད་ཏང་ཡོན་ལ་སྐྱོན་བརྗོད་དང་སློབ་གསོ་གཏོང་བ་དང་ཐ་ན་སྒྲིག་ཁྲིམས་ཀྱི་ཆད་པ་གཅོད་པ་དང་། འགན་འཛོལ་དང་འགན་འཛོལ་བྱུང་བའི་ཏང་རྩ་འཛུགས་དང་ཏང་གི་འགོ་ཁྲིད་ལས་བྱེད་པར་འགན་འཁྲི་རྩད་གཅོད་བྱེད་དགོས།
     ལེའུ་བདུན་པ། ཞར་བྱུང་དོན་ཚན།
དོན་ཚན་སོ་བརྒྱད་པ།འདེམས་བསྐོའི་སྡེ་ཚན་གྱིས་སྲོལ་ཡིག་འདི་གཞིར་བཟུང་ནས་འདེམས་བསྐོ་བྱེད་ཐབས་གཏན་འབེབས་བྱ་དགོས་པ་དང་།ཏང་ཡོན་གྱི་ཚོགས་ཆེན་ནམ་ཏང་ཡོན་གྱི་འཐུས་མིའི་ཚོགས་ཆེན་ཐོག་གྲོས་འཆམ་བྱུང་རྗེས་ལག་བསྟར་བྱ་དགོས།  
དོན་ཚན་སོ་དགུ་པ།ཀྲུང་གོའི་མི་དམངས་བཅིངས་འགྲོལ་དམག་དང་ཀྲུང་གོའི་མི་དམངས་ཉེན་རྟོག་དྲག་དཔུང་གི་ཏང་གི་གཞི་རིམ་རྩ་འཛུགས་འདེམས་བསྐོ་བྱེད་སྐབས་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གིས་སྲོལ་ཡིག་འདིའི་དགོངས་དོན་ལྟར་གཏན་འབེབས་བྱ་རྒྱུ།
དོན་ཚན་བཞི་བཅུ་པ། སྲོལ་ཡིག་འདི་ཀྲུང་དབྱང་རྩ་འཛུགས་པུའུ་ཡིས་གསལ་འགྲེལ་བྱེད་འགན་འཁུར་རྒྱུ།
དོན་ཚན་ཞེ་གཅིག་པ། སྲོལ་ཡིག་འདི་བསྒྲགས་ཉིན་ནས་བཟུང་ལག་ཏུ་བསྟར་རྒྱུ། 1990ལོའི་ཟླ་6ཚེས་27ཉིན་ཀྲུང་གུང་ཀྲུང་དབྱང་གིས་པར་འགྲེམས་བྱས་པའི་《ཀྲུང་གོའི་གུང་ཁྲན་ཏང་གི་གཞི་རིམ་རྩ་འཛུགས་ཀྱི་འདེམས་བསྐོའི་ལས་ཀའི་གནས་སྐབས་ལག་བསྟར་སྲོལ་ཡིག་》དུས་མཚུངས་སུ་རྩིས་མེད་དུ་གཏོང་རྒྱུ།


©༢༠༡༧ཀན་ལྷོའི་ཏང་གི་འཛུགས་སྐྲུན་དྲ་བ། ཀྲུང་གུང་ཀན་ལྷོ་ཁུལ་ཨུའི་རྩ་འཛུགས་པུའུ་ཡིས་གཙོ་སྒྲུབ་བྱས་པས་པར་དབང་འདི་གར་དབང་།

སྡོད་གནས། ཀན་ལྷོ་ཁུལ་ཨུའི་གཅིག་གྱུར་གཞུང་ལས་ཐོག་ཁང་གི་དྲུག་ཐོག ཁ་པར། ༠༩༤༡--༨༢༢༢༡༥༩ སྦྲག་ཨང་། ༧༤༧༠༠༠

དྲ་ངོས་རྡེབ་ཚད།མི་ཐེངས། དྲ་ངོས་སྒྲིག་བཟོ། ཧུང་ཏེན་དྲ་རྒྱ།

甘公网安备 62300102000044号