今天是:

གཞི་རིམ་ཏང་འཛུགས།

གཞི་རིམ་རྩ་འཛུགས་འཛུགས་སྐྲུན།

མདུན་ཤོག > གཞི་རིམ་ཏང་འཛུགས། > གཞི་རིམ་རྩ་འཛུགས་འཛུགས་སྐྲུན།

ཀྲུང་གོའི་གུང་ཁྲན་ཏང་གི་ཀྲི་པུའུ་བྱ་བའི་སྲོལ་ཡིག(ཚོད་སྤྱོད)

ཀྲུང་གུང་ཀྲུང་དབྱང་གིས་ཉེན་སྔོན་ཀྲུང་གོའི་གུང་ཁྲན་ཏང་གི་ཀྲི་པུའུ་བྱ་བའི་སྲོལ་ཡིག་གི་ཚོད་ལྟའི་ལག་བསྟར་པར་གཞི་དཔར་ནས་བཀྲམ་པར་མ་ཟད། བརྡ་སྦྱོར་བཏང་སྟེ། ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་དེ་ལག་བསྟར་བྱེད་དགོས་པའི་རེ་བ་བཏོན།

བརྡ་སྦྱོར་ལས་བསྟན་དོན། སྲོལ་ཡིག་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་བཟུང་ནས། ཏང་གི་སྒྲིག་ཡིག་གི་བླང་བྱ་ལག་བསྟར་བྱས་ཡོད་དེ། ཀྲི་པུའུ་ལྡིང་ཤོག་གི་ནང་དུ་འཛུགས་པའི་གཟི་བརྗིད་གོམས་སྲོལ་དར་སྤེལ་བྱས་པ་ལས། གཞི་རིམ་གྱི་གསར་གཏོད་བྱས་པའི་བྱེད་ཐབས་གསར་པ་དང་ཉམས་མྱོང་གསར་པ་མཚོན་པར་བྱས་ནས། ཏང་ཀྲི་པུའུ་ཡི་བྱ་བ་ཕྱོགས་ཡོངས་ནས་ཚད་ལྡན་དུ་བཏང་ཡོད་པ་དང་། དེ་ནི་དུས་རབས་གསར་པའི་ཏང་ཀྲི་པུའུ་འཛུགས་སྐྲུན་གྱི་གཞི་རྩའི་བསྲུང་བྱ་ཡིན། སྲོལ་ཡིག་གཏན་འབེབས་དང་ལག་བསྟར་བྱས་པ་དེ་ཏང་གི་རྩ་འཛུགས་མ་ལག་གི་འཛུགས་སྐྲུན་ལ་ཤུགས་སྣོན་པ་དང་། ཏང་ཕྱོགས་ཡོངས་ནས་བཅོས་སྐྱོང་ནན་མོ་བྱེད་པ་གཞི་རིམ་དུ་བསྲིང་བར་སྐུལ་འདེད་གཏོང་བ། ཏང་ཀྲི་པུའུ་ཡི་རྩ་འཛུགས་ནུས་པ་ཕྱོགས་ཡོངས་ནས་མཐོར་འདེགས་བྱེད་པ། ཏང་ཀྲི་པུའུ་ཡི་ཆབ་སྲིད་བྱེད་ནུས་ཇེ་དྲག་ཏུ་གཏོང་བ། ཏང་གིས་ཡུན་རིང་པོར་སྲིད་འཛིན་པའི་རྩ་འཛུགས་རྨང་གཞི་སྲ་བརྟན་དུ་གཏོང་བ་བཅས་ལ་དོན་སྙིང་གལ་ཆེན་ལྡན།

བརྡ་སྦྱོར་ལས་ནན་གྱིས་བསྟན་དོན། ཏང་ཀྲི་པུའུ་ལ་མཐོང་ཆེན་དང་ཏང་ཀྲི་པུའུ་ལེགས་འཛིན་བྱེད་པ་ནི། ཏང་ཡོན་འགོ་ཁྲིད་ལས་བྱེད་པ་ཆབ་སྲིད་ལ་བྱང་བའི་མཚོན་རྟགས་གལ་ཆེན་ཡིན། རིམ་པ་སོ་སོའི་ཏང་ཨུ་དང་ཏང་ཙུའུ་ཡིས་ཆབ་སྲིད་འདུ་ཤེས་དང་ཁྱོན་ཡོངས་འདུ་ཤེས། སྲོག་ཤིང་འདུ་ཤེས། དཔེ་ལྟའི་འདུ་ཤེས་བཅས་བརྟན་པོར་བཙུགས་ནས། ཏང་ཀྲི་པུའུ་བཟང་པོར་འཛིན་པ་དེ་ཏང་གི་རྩ་འཛུགས་མ་ལག་འཛུགས་སྐྲུན་གྱི་གཞི་རྩའི་ནང་དོན་ དང་། ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་གི་གཞི་རྩའི་ལས་འགན། ཏང་འཛུགས་བྱ་བའི་ཕན་འབྲས་ལ་ཞིབ་བཤེར་བྱེད་པའི་གཞི་རྩའི་ཚད་གཞི་བཅས་ལ་བརྩིས་ཤིང་། བྱེད་ཐབས་ནུས་ལྡན་སྤྱད་ནས་སྲོལ་ཡིག་དོན་ཐོག་ཏུ་འཁྱོལ་བ་དང་དེར་ཕན་འབྲས་ཐོབ་པར་སྐུལ་འདེད་གཏོང་དགོས། སྲོལ་ཡིག་གི་སློབ་སྦྱོང་དྲིལ་སྒྲོག་དང་ལག་བསྟར་དངོས་འབེབས་དམ་འཛིན་བཟང་པོ་བྱས་ཏེ། ཏང་ཡོན་འགོ་ཁྲིད་ལས་བྱེད་པའི་གསོ་སྦྱོང་ལ་ཤུགས་སྣོན་པ་དང་། སྲོལ་ཡིག་འདི་ཏང་ཨུ་དང་ཏང་ཙུའུ་ཡི་གཞུང་ལུགས་སློབ་སྦྱོང་ལྟེ་གནས་ཚན་ཁག་གི་སློབ་སྦྱོང་ནང་དོན་དང་ཏང་གི་སློབ་གྲྭ་དང་སྲིད་འཛིན་སློབ་གླིང་གི་སློབ་གསོའི་བསླབ་ཚན་དུ་བཀོད་ནས། རིམ་པ་སོ་སོའི་འགོ་ཁྲིད་ཚན་ཁག་གིས་ཏང་ཀྲི་པུའུ་ཡི་བྱ་བ་དམ་འཛིན་བཟང་པོ་བྱེད་པ་དང་། ཏང་ཀྲི་པུའུ་ཡི་འཛུགས་ལ་སྐུལ་འདེད་གཏོང་བའི་ནུས་པ་ཇེ་ཆེར་གཏོང་དགོས། ལྟ་སྐུལ་ཞིབ་བཤེར་ལ་ཤུགས་བསྣན་ནས། སྲོལ་ཡིག་ལག་བསྟར་དངོས་འབེབས་ལེགས་པོ་མི་བྱེད་པའི་འགན་འཁྲི་རྩད་གཅོད་ནན་མོ་བྱེད་དགོས།

ཀྲུང་གོའི་གུང་ཁྲན་ཏང་གི་ཀྲི་པུའུ་བྱ་བའི་སྲོལ་ཡིག་གི་ཚོད་ལྟའི་ལག་བསྟར་པར་གཞི་དེར་བསྡོམས་པས་ལེའུ་བརྒྱད་དང་དོན་ཚན་སུམ་ཅུ་སོ་བདུན་ཡོད་ལ། ཉིས་སྟོང་བཅོ་བརྒྱད་ལོའི་ཟླ་བཅུ་པའི་ཚེས་ཉེར་བརྒྱད་ཉིན་ནས་བཟུང་ལ་བསྟར་བྱེད་རྒྱུ་རེད།

 

 

 

ཀྲུང་གོའི་གུང་ཁྲན་ཏང་གི་ཀྲི་པུའུ་བྱ་བའི་སྲོལ་ཡིག(ཚོད་སྤྱོད)

ལེའུ་དང་པོ། སྤྱིའི་རྩ་འཛིན།

དོན་ཚན་དང་པོ། ཏང་གི་ཕྱོགས་ཡོངས་མགོ་ཁྲིད་རྒྱུན་འཁྱོངས་དང་དེར་ཤུགས་སྣོན་བྱེད་པའི་ཆེད་དུ།ཀྲི་པུའུ་སྦྲེལ་ཐག་སྟེང་དུ་འཛུགསཔའི་གཟི་བརྗིད་ལྡན་པའི་སྲོལ་རྒྱུན་དར་སྤེལ་གཏོང་དགོས་པར་མ་ཟད།ཏང་གིས་ཏང་ལ་དོ་དམ་བྱེད་པ་དང་ཕྱོགས་ཡོངས་ནས་ཏང་གཟབ་ནན་གྱིས་སྐྱོང་བའི་བླང་བྱ་མཐའ་དག་དངོས་འབེབས་བྱེད་དགོས་པ་དང་།ཕྱོགས་ཡོངས་ནས་ཏང་ཀྲི་པུའུ་ཡི་རྩ་འཛུགས་ནུས་པ་ཇེ་མཐོར་བཏང་ནས།ཏང་ཀྲི་པུའུ་ཡི་ཆབ་སྲིད་བྱེད་ནུས་ཤུགས་ཇེ་དྲག་ཏུ་གཏོང་དགོས་ཤིང་།ཏང་ཀྲི་པུའུ་ཡི་འཐབ་འཛིང་གི་བཙན་རྫོང་ལྟ་བུའི་ནུས་པ་ཡང་གང་ལེགས་ཀྱིས་འདོན་སྤེལ་བྱས་ཏེ། ཏང་གིས་ཡུན་རིང་དུ་སྲིད་སྐྱོང་བའི་རྩ་འཛུགས་རྨང་གཞི་སྲ་བརྟན་དུ་གཏོང་དགོས་པར་བརྟེན།ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཡིགདང་འབྲེལ་ཡོད་ཏང་ནང་ཁུལ་གྱི་ཁྲིམས་སྲོལ་དག་གཞིར་བཟུང་ནས། སྲོལ་ཡིག་འདི་གཏན་འབེབས་བྱས་པ་ཡིན།

དོན་ཚན་གཉིས་པ། ཏང་ཀྲི་པུའུ་ནི་ཏང་གི་རྨང་གཞིའི་རྩ་འཛུགས་ཡིན་པ་དང་།ཏང་རྩ་འཛུགས་ཀྱིས་བྱ་བ་རྒྱ་ཆེར་སྤེལ་བའི་གཞི་རྩའི་སྡེ་ཚན་ཡིན་ཞིང་།ཏང་གིས་སྤྱི་ཚོགས་གཞི་རིམ་རྩ་འཛུགས་ཁྲོད་དུ་ལས་ཀ་སྒྲུབ་པའི་འཐབ་འཛིང་གི་བཙན་རྫོང་ལྟ་བུ་ཡིན་ལ།ཏང་གི་བྱ་བ་ཡོངས་རྫོགས་དང་འཐབ་འཛིང་ནུས་ཤུགས་ཀྱི་རྨང་གཞི་ཡིན་པས་ན།ཐད་ཀར་ཏང་ཡོན་ལ་སློབ་གསོ་གཏོང་བ་དང་ཏང་ཡོན་ལ་དོ་དམ་བྱེད་པ།ཏང་ཡོན་ལ་ལྟ་སྐུལ་བྱེད་པ།དེ་མིན་མང་ཚོགས་རྩ་འཛུགས་དང་མང་ཚོགས་ལ་དྲིལ་སྒྲོག མང་ཚོགས་གོང་བུར་སྒྲིལ་བ། མང་ཚོགས་ལ་ཞབས་འདེགས་ཞུ་བ་བཅས་ཀྱི་འགན་འཁྲི་ཁུར་དུ་ལེན་པ་ཡིན།

དོན་ཚན་གསུམ་པ། ཏང་ཀྲི་པུའུ་ཡི་བྱ་བས་ངེས་པར་དུ་གཤམ་གྱི་རྩ་དོན་འདི་དག་བརྩི་སྲུང་བྱ་དགོས་ཏེ།

(གཅིག) མར་ཁེ་སི་ལེ་ཉིན་རིང་ལུགས་དང་། མའོ་ཙེ་ཏུང་གི་དགོངས་པ།ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས། “མཚོན་བྱེད་གསུམགྱི་དགོངས་པ་གལ་ཆེན། ཚན་རིག་དང་མཐུན་པའི་འཕེལ་རྒྱས་ལྟ་བ།ཞི་ཅིན་ཕེགི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་བཅས་མཛུབ་སྟོན་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱས་ཏེ།ཏང་གི་སྒྲིག་ཡིག་བརྩི་སྲུང་བྱེད་པ་དང་། བསམ་བློ་དང་རིགས་པའི་གཞུང་ལུགས་ཀྱི་དྲག་ཆས་སྤྲ་བར་ཤུགས་སྣོན་པ།ཕུགས་བསམ་དང་ཡིད་ཆེས་བརྟན་པོར་བཏང་ནས། ཐོག་མའི་བསམ་འདུན་མི་བརྗེད་པར། འགན་འཁྲི་ཡིད་ལ་དམ་པོར་འཆང་བ་དང་།ཐོག་མཐའ་བར་གསུམ་དུ་སྔོན་ཐོན་རང་བཞིན་དང་དྭངས་གཙང་རང་བཞིན་རྒྱུན་སྲུང་བྱེད་དགོས།

(གཉིས) ཏང་གི་ཆབ་སྲིད་འཛུགས་སྐྲུན་གྱི་གོ་གནས་གཙོ་བོར་འཇོག་པ་རྒྱུན་འཁྱོངས་བྱས་ཏེ།འདུ་ཤེས་བཞིབརྟན་པོར་འཛུགས་པ་དང་།རང་རྟོན་བཞིཇེ་བརྟན་གཏོང་བ།ཞབས་འདེགས་བཞིསྒྲུབ་ཐུབ་པ་བཅས་བྱས་ཏེ།དར་ཆ་གསལ་སྒྲེང་གིས་ཆབ་སྲིད་ལ་དོ་སྣང་བྱེད་པ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེ་ག་ཏང་ཀྲུང་དབྱང་གི་སྲོག་ཤིང་དང་ཏང་ཡོངས་ཀྱི་སྲོག་ཤིང་གི་གོ་གནས་བློ་ཐག་རྦད་ཆོད་ཀྱིས་སྲུང་སྐྱོང་བྱེད་པ་དང་།ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་བསྡུས་གཅིག་གྱུར་གྱི་མགོ་ཁྲིད་ལ་བློ་ཐག་རྦད་ཆོད་ཀྱིས་སྲུང་སྐྱོང་བྱེད་དགོས།

(གསུམ)ཏང་གི་དགོངས་དོན་དང་མང་ཚོགས་ཀྱི་ལམ་ཕྱོགས་ལག་ལེན་ཏུ་བསྟར་བ་རྒྱུན་འཁྱོངས་བྱས་ཏེ།ཏང་ཡོན་དང་མང་ཚོགས་ཀྱིས་ཏང་གི་སྐད་ཆར་ཉན་པ་དང་ཏང་གི་རྗེས་སུ་འབྲངས་པར་རེ་བ་ནན་མོ་བཏོན་ཏེ་རྩ་འཛུགས་བྱེད་དགོས་ཤིང་།ཏང་ཡོན་དང་མང་ཚོགས་ཀྱི་སེམས་རྟེན་དུ་འགྱུར་བར་བྱེད་དགོས།

(བཞི)དམངས་གཙོ་གཅིག་སྡུད་ལམ་ལུགས་རྒྱུན་འཁྱོངས་བྱས་ཏེ།ཏང་ནང་ཁུལ་གྱི་དམངས་གཙོ་དར་སྤེལ་གཏོང་བ་དང་།ཏང་ཡོན་གྱི་གོ་གནས་གཙོ་བོར་བརྩི་འཇོག་བྱེད་པ།ཏང་གི་སྒྲིག་ཁྲིམས་གཟབ་ནན་བྱེད་པ་དང་།རང་སྟེང་གི་གནད་དོན་ཐག་གཅོད་པའི་ནུས་པ་ཇེ་མཐོར་བཏང་ནས།སྐྱེ་སྟོབས་ཀྱི་གསོན་ཤུགས་སྔར་ལས་ཇེ་དྲག་ཏུ་གཏོང་དགོས།

(ལྔ)ལྟེ་བར་དམིགས་ཤིང་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བ་རྒྱུན་འཁྱོངས་བྱས་ཏེ།ཧུར་བརྩོན་རང་བཞིན་དང་རང་འགུལ་རང་བཞིནགསར་སྐྲུན་རང་བཞིན་བཅས་གང་ལེགས་ཀྱིས་འདོན་སྤེལ་བྱེད་དགོས་པ་དང་། ཏང་གི་ལམ་ཕྱོགས་དང་བྱེད་ཕྱོགས།སྲིད་ཇུས་དང་ཇུས་ཆོད་བཀོད་སྒྲིག་ཐམས་ཅད་ལག་ལེན་དངོས་འབེབས་བྱེད་པར་ཁག་ཐེག་ནན་མོ་བྱེད་དགོས།

ལེའུ་གཉིས་པ།  རྩ་འཛུགས་སྒྲིག་སྟངས།

དོན་ཚན་བཞི་པ། ཏང་ཀྲི་པུའུ་སྤྱིར་བཏང་དུ་ལས་ཁུངས་དང་ས་ཁོངས་གཙོ་བོ་བྱས་ནས་འཛུགས་པ་དང་། ལོགས་སུ་ཁེར་རྐྱང་ལ་སྒྲིག་འཛུགས་བྱེད་པ་དེ་ཉིད་བྱེད་སྟངས་གཙོ་བོ་ཡིན།ཁེ་ལས་དང་ཞིང་སྡེ། ལས་ཁུངས། སློབ་གྲྭ། ཚན་རིག་ཞིབ་འཇུག་ཁང་སོ་སོ། སྡེ་ཁུལ།སྤྱི་ཚོགས་རྩ་འཛུགས།མི་དམངས་བཅིངས་འགྲོལ་དམག་དང་དྲག་ཆས་ཉེན་རྟོག་དམག་དཔུང་།མདའ་ཚན་རུ་འབྲིང་དང་དེ་མིན་གཞན་པའི་གཞི་རིམ་ལས་ཁུངས་བཅས་ལ་ཏང་ཡོན་ངོ་མ3ཡན་ཡོད་པ་ཡིན་ཕྱིན། ཚང་མར་ཏང་ཀྲི་པུའུ་འཛུགས་དགོས་པ་དང་།ཏང་ཀྲི་པུའུ་ཡི་ཏང་ཡོན་མི་གྲངས་སྤྱིར་བཏང་དུ་མི50ལས་མི་བརྒལ་བ་ཡིན།

དོན་ཚན་ལྔ་པ། དོན་དངོས་དང་ཟུང་འབྲེལ་བྱས་ནས་ཏང་ཀྲི་པུའུ་ཡི་སྒྲིག་སྟངས་གསར་སྐྲུན་བྱེད་པ་དང་།ཏང་གི་རྩ་འཛུགས་དང་ཏང་གི་བྱ་བ་ཡོངས་ལ་ཁེབས་སུ་འཇུག་དགོས།གཞི་ཁྱོན་ཅུང་ཆེ་བ་དང་ས་ཁོངས་བརྒལ་བའི་ཞིང་པའི་ཆེད་ལས་མཉམ་ལས་རྩ་འཛུགས་དང་།ཆེད་ལས་ཚོང་ར།ཚོང་ལས་ཁྲོམ་སྲང་། ཚོང་དོན་ཐོག་ཁང་སོགས་ཆ་རྐྱེན་དང་མཐུན་པ་ཡིན་ན།ཏང་ཀྲི་པུའུ་འཛུགས་དགོས།

ཏང་ཡོན་ངོ་མ་མི3མི་ལོངས་པའི་ལས་ཁུངས་ལ།ས་ཁོངས་ཀྱི་ཁྱིམ་མཚེས་ཉེ་འཁོར་དང་ལས་རིགས་ཀྱི་ཉེ་འདབས།གཞི་ཁྱོན་ཆེ་ཆུང་འཚམ་པོ་ཡིན་པ་དང་དོ་དམ་བྱེད་ན་སྟབས་བདེ་ཡིན་པའི་རྩ་དོན་ལྟར།མཉམ་འབྲེལ་ཏང་ཀྲི་པུའུ་འཛུགས་དགོས།མཉམ་འབྲེལ་ཏང་ཀྲི་པུའུ་དེས་ཁེབས་པའི་ལས་ཁུངས་སྤྱིར་བཏང་དུ5ལས་མི་བརྒལ་བ་ཡིན།

དུས་ཡུན་ཟླ་ངོ6ཡན་ཆད་ཀྱི་བཟོ་སྐྲུན་དང་བྱ་བའི་ལས་གཞི་སོགས་ཆ་རྐྱེན་དང་མཐུན་ཚེ།ཏང་ཀྲི་པུའུ་འཛུགས་དགོས།

ཡུལ་འཁྱར་ཏང་ཡོན་ཅུང་མང་བ་དང་།  བྱ་བ་ལས་ཡུལ་ལམ་ཡང་ན་གཞིས་ཆགས་སྡོད་གནས་དེ་ལྟོས་བཅས་ཀྱིས་བརྟན་པོ་དང་གཅིག་བསྡུས་ཡིན་ན།ཡུལ་འཁྱར་འགྲོ་སའི་ཏང་རྩ་འཛུགས་ཀྱིས་ཡུལ་འཁྱར་འོང་སའི་ཏང་རྩ་འཛུགས་ལ་གྲོས་བྱས་ཏེ།གླིང་ཁུལ་དང་ཚོང་ཚོགས། ལས་རིགས་མཐུན་ཚོགས།གཞན་ཡུལ་དུ་སྡོད་པའི་དོན་སྒྲུབ་ལས་ཁུངས་སོགས་ལ་རྒྱབ་རྟེན་བཅོལ་ནས་ཡུལ་འཁྱར་ཏང་ཡོན་གྱི་ཏང་ཀྲི་པུའུ་འཛུགས་དགོས།

དོན་ཚན་དྲུག་པ། ཏང་ཀྲི་པུའུ་ཞིག་འཛུགས་པ་ལ།སྤྱིར་བཏང་དུ་གཞི་རིམ་ལས་ཁུངས་ཀྱིས་རེ་འདུན་བཏོན་ནས།གནས་སའི་ཞང་གྲོང་རྡལ(སྲང་ལམ)དང་ཡང་ན་ལས་ཁུངས་གཞི་རིམ་གྱི་ཏང་ཨུས་གྲོས་ཚོགས་བསྡུས་ནས་ཞིབ་འཇུག་ཐག་གཅོད་བྱེད་པར་མ་ཟད་མཆན་འགོད་བཀའ་ལན་གནང་བ་དང་།མཆན་འགོད་བཀའ་ལན་གྱི་དུས་ཚོད་སྤྱིར་བཏང་དུ་ཟླ་བ1ལས་བརྒལ་མི་ཆོག

གཞི་རིམ་གྱི་ཏང་ཨུས་ཞིབ་བཤེར་ཆོག་མཆན་བཀོད་ནས་འཐད་པ་བྱུང་རྗེས།གཞི་རིམ་ལས་ཁུངས་ཀྱིས་ཏང་ཡོན་ཚོགས་ཆེན་བསྡུས་ནས་ཏང་ཀྲི་པུའུ་ཨུ་ཡོན་ལྷན་ཁང་ངམ་ཡང་ན་ཨུ་ཡོན་ལྷན་ཁང་གི་འཛུགས་པའི་ཏང་ཀྲི་པུའུ་ཧྲུའུ་ཅི་དང་ཧྲུའུ་ཅི་གཞོན་པ་འདེམ་བསྐོ་བྱས་ནས་ཐོན་དགོས་པ་ཡིན། མཆན་འགོད་བཀའ་ལན་གནང་བ་དང་འདེམ་བསྐོ་བྱས་པའི་མཇུག་འབྲས་དེ་གཞི་རིམ་གྱི་ཏང་ཨུས་གོང་རིམ་གྱི་ཏང་ཨུའི་རྩ་འཛུགས་སྡེ་ཁག་ལ་ཞུ་འབུལ་བྱས་ནས་སྙན་སེང་ཐོ་འགོད་བྱེད་དགོས།

བྱ་བའི་དགོས་མཁོ་ལྟར། གོང་རིམ་གྱི་ཏང་ཨུས་ཐད་ཀར་གཞི་རིམ་ལས་ཁུངས་སུ་ཏང་ཀྲི་པུའུ་འཛུགས་པའི་ཐག་གཅོད་བྱེད་ཆོག

དོན་ཚན་བདུན་པ། ཏང་ཡོན་གྱི་མི་གྲངས་དང་ཡང་ན་གནས་སའི་ལས་ཁུངས་དང་ས་ཁོངས་ལ་འགྱུར་ལྡོག་བྱུང་བའི་རྐྱེན་གྱིས།ཏང་ཀྲི་པུའུ་འཛུགས་པའི་ཆ་རྐྱེན་ཡང་བསྐྱར་མཐུན་པོ་མེད་ན། གོང་རིམ་ཏང་རྩ་འཛུགས་ཀྱིས་དུས་འཕྲལ་དུ་སྡེབ་སྒྲིག་བྱེད་པའམ་ཡང་ན་མེད་པར་བཟོ་དགོས།

ཏང་ཀྲི་པུའུ་ཡི་སྡེབ་སྒྲིག་དང་མེད་པར་བཟོ་བ་དེ།སྤྱིར་བཏང་དུ་ཏང་ཀྲི་པུའུ་ཡིས་གནས་སའི་ཞང་གྲོང(སྲང་ལམ)དང་ཡང་ན་ལས་ཁུངས་གཞི་རིམ་གྱི་ཏང་ཨུ་ལ་ཕུལ་ནས་ཆོག་མཆན་འགོད་དགོས།དེ་མིན་གནས་སའི་ཞང་གྲོང(སྲང་ལམ)དང་ཡང་ན་ལས་ཁུངས་གཞི་རིམ་གྱི་ཏང་ཨུས་ཐད་ཀར་ཐག་གཅོད་བྱས་ཀྱང་ཆོགདེར་མ་ཟད་གོང་རིམ་གྱི་ཏང་ཨུའི་རྩ་འཛུགས་སྡེ་ཁག་ལ་ཞུ་འབུལ་བྱས་ནས་ཐོ་འགོད་སྙན་སེང་ཞུ་དགོས།

དོན་ཚན་བརྒྱད་པ། ལས་འགན་ཆེ་གེ་མོ་ཞིག་ལག་བསྟར་བྱེད་པའི་ཆེད་དུ་གནས་སྐབས་སུ་སྒྲིག་འཛུགས་བྱས་པའི་ལས་ཁུངས་ནས།ཏང་ཡོན་གྱི་རྩ་འཛུགས་འབྲེལ་བ་སྤོ་བསྒྱུར་མི་བྱེད་ན།གོང་རིམ་ཏང་རྩ་འཛུགས་ཀྱིས་ཆོག་མཆན་བཀོད་པ་བརྒྱུད་ནས།གནས་སྐབས་ཀྱི་ཏང་ཀྲི་པུའུ་འཛུགས་ཆོག

གནས་སྐབས་ཀྱི་ཏང་ཀྲི་པུའུ་ཡིས་གཙོ་བོ་ཏང་ཡོན་རྩ་འཛུགས་བྱས་ནས་ཆབ་སྲིད་སློབ་སྦྱོང་སྤེལ་དགོས་པ་དང་།ཏང་ཡོན་ལ་སློབ་གསོ་དོ་དམ་དང་ལྟ་སྐུལ་བྱེད་དགོས་པ་ལས།ཏང་ནང་དུ་ཞུགས་པའི་ཧུར་རྩོན་ཅན་ལ་སློབ་གསོ་དང་སྐྱེད་སྲིང་བྱེད་པ་སོགས་ཀྱི་ཐད།སྤྱིར་བཏང་དུ་ཏང་ཡོན་འཕེལ་རྒྱས་གཏོང་བ་དང་ཏང་ཡོན་ལ་ཉེས་ཆད་གཅོད་པ་ཅི་ཡང་མི་བྱེད་ཅིང་།ཏང་གི་གྲོན་དངུལ་བསྡུ་ལེན་མི་བྱེད་ལ།ཏང་གི་འཐུས་མི་ཚོགས་ཆེན་གྱི་འཐུས་མི་འདེམ་བསྐོ་དང་སྐབས་བརྗེ་བ་སོགས་ཀྱང་མི་བྱེད།

གནས་སྐབས་ཀྱི་ཏང་ཀྲི་པུའུ་ཧྲུའུ་ཅི་དང་ཧྲུའུ་ཅི་གཞོན་པཨུ་ཡོན་ནི་ཆོག་མཆན་བཀོད་ནས་བཙུགས་པའི་ཏང་རྩ་འཛུགས་ཀྱིས་མཛུབ་སྟོན་གཏན་འཁེལ་བྱེད་དགོས།གནས་སྐབས་སུ་སྒྲིག་འཛུགས་བྱས་པའི་ལས་ཁུངས་དེ་མེད་པར་བཟོས་པའི་རྗེས་སུ།གནས་སྐབས་ཀྱི་ཏང་ཀྲི་པུའུ་དེ་ཡང་རང་ཤུགས་ཀྱིས་མེད་པར་བཟོས་པ་ཡིན།

ལེའུ་གསུམ་པ། གཞི་རྩའི་ལས་འགན།

དོན་ཚན་དགུ་པ། ཏང་ཀྲི་པུའུ་ཡི་གཞི་རྩའི་ལས་འགན་ནི།

(གཅིག)ཏང་གི་རིགས་པའི་གཞུང་ལུགས་དང་ལམ་ཕྱོགསབྱེད་ཕྱོགསསྲིད་ཇུས་བཅས་དྲིལ་སྒྲོག་དང་ལག་ལེན་དངོས་འབེབས་བྱས་ཏེ།ཏང་ཀྲུང་དབྱང་དང་གོང་རིམ་ཏང་རྩ་འཛུགས་ཀྱི་་ཏང་ཀྲི་པུའུ་འདི་གའི་གྲོས་ཆོད་ལེགས་པར་དྲིལ་སྒྲོག་དང་ལག་བསྟར་བྱེད་དགོས།རང་ས་ཁུལ་དང་རང་སྡེ་ཁག རང་ལས་ཁུངས་ཀྱི་དོན་དག་གལ་ཆེན་གྲོས་བསྡུར་ཐག་གཅོད་དམ་ཡང་ན་གྲོས་ཞུགས་ཐག་གཅོད་བྱེད་དགོས་ཤིང་།ཏང་ཡོན་གྱི་གདོང་ལེན་མིག་དཔེའི་ནུས་པ་གང་ལེགས་ཀྱིས་འདོན་སྤེལ་བྱས་ཏེ།མཐུན་སྒྲིལ་ངང་མང་ཚོགས་རྩ་འཛུགས་བྱེད་པ་དང་། རང་ས་ཁུལ་དང་རང་སྡེ་ཁགརང་ལས་ཁུངས་བཅས་ཀྱིས་ཁུར་དུ་བླངས་པའི་ལས་འགན་ཧུར་བརྩོན་གྱིས་འགྲུབ་པར་བྱེད་དགོས།

(གཉིས)ཏང་ཡོན་རྩ་འཛུགས་བྱས་ནས་ནན་ཏན་གྱིས་མར་ཁེ་སི་ལེ་ཉིན་རིང་ལུགས་དང་།མའོ་ཙེ་ཏུང་གི་དགོངས་པ། ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས། “མཚོན་བྱེད་གསུམགྱི་དགོངས་པ་གལ་ཆེན།ཚན་རིག་དང་མཐུན་པའི་འཕེལ་རྒྱས་ལྟ་བ།ཞི་ཅིན་ཕེགི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་བཅས་སློབ་སྦྱོང་བྱེད་དགོས་པ་དང་།སློབ་པ་གཉིས་དང་བྱེད་པ་གཅིགགི་སློབ་སྦྱོང་སློབ་གསོ་རྒྱུན་རྣམ་ཅན་དང་ལམ་ལུགས་ཅན་དུ་འགྱུར་བར་སྐུལ་འདེད་བྱེད་པ་དང་།ཏང་གི་ལམ་ཕྱོགས་བྱེད་ཕྱོགས་སྲིད་ཇུས་དང་གྲོས་ཆོད་བཅས་སློབ་སྦྱོང་བྱས་ཏེ།ཏང་གི་རྩ་བའི་ཤེས་བྱ་སློབ་སྦྱོང་དང་། ཚན་རིག་རིག་གནས། བཅའ་ཁྲིམས།ལས་སྒོའི་ཤེས་བྱ་བཅས་སློབ་སྦྱོང་བྱེད་དགོས།བསམ་བློའི་ཆབ་སྲིད་བྱ་བ་དང་འདུ་ཤེས་འཛིན་སྟངས་ཀྱི་བྱ་བ་ལེགས་པར་སྒྲུབ་དགོས།

(གསུམ)ཏང་ཡོན་ལ་སློབ་གསོ་དང་དོ་དམ། ལྟ་སྐུལ་དང་ཞབས་ཞུ་སོགས་བྱས་ཏེ།ཆབ་སྲིད་ཀྱི་སློབ་གསོ་འབུར་དུ་ཐོན་པར་བྱེད་པ་དང་།ཏང་ཡོན་གྱི་བྱང་ཚད་མཐོར་འདེགས་བཏང་སྟེ། ཕུགས་བསམ་ཡིད་ཆེས་བརྟན་པོར་གཏོང་བ།ཏང་གཤིས་ཇེ་དྲག་ཏུ་གཏོང་བ།ཏང་གི་རྩ་འཛུགས་འཚོ་བ་གཟབ་ནན་བྱེད་པ་དང་།སྐྱོན་བརྗོད་དང་རང་སྐྱོན་རང་བརྗོད་སྤེལ་ནས།ཏང་གི་སྒྲིག་ཁྲིམས་སྲུང་སྐྱོང་དང་ལག་བསྟར་བྱེད་དགོས་ལ།ཏང་ཡོན་ལ་ལྟ་སྐུལ་བྱས་ནས་ཁ་མིན་དོན་གྱིས་འོས་འགན་ལག་བསྟར་བྱེད་དགོས་ཤིང་།ཏང་ཡོན་གྱི་ཁེ་དབང་ལ་གནོད་འཚེ་མི་ཐེབས་པར་འགན་སྲུང་བྱེད་དགོས།ཡུལ་འཁྱར་ཏང་ཡོན་གྱི་དོ་དམ་ལ་ཤུགས་སྣོན་དང་ལེགས་བཅོས་བྱེད་དགོས།འཚོ་བར་དཀའ་ཁག་ཆེ་བའི་ཏང་ཡོན་དང་ཏང་ཡོན་རྒན་པར་ཐུགས་ཁུར་དང་རོགས་སྐྱོར་བྱེད་དགོས།ཏང་གི་གྲོན་དངུལ་བསྡུ་སྤྲོད་དང་བཀོལ་སྤྱོད་དང་དོ་དམ་གྱི་བྱ་བ་ལེགས་པོར་སྒྲུབ་དགོས།སྒྲིག་སྲོལ་ལྟར་ཚད་མཐུན་མིན་པའི་ཏང་ཡོན་ལ་འོས་འཚམ་གྱིས་ཐག་གཅོད་བྱེད་དགོས།

(བཞི)མང་ཚོགས་ལ་འབྲེལ་འདྲིས་དམ་ཟབ་བྱས་ཏེ།མང་ཚོགས་ལ་ཏང་གི་སྲིད་ཇུས་དྲིལ་སྒྲོག་བྱེད་པ་དང་།དུས་རྒྱུན་དུ་མང་ཚོགས་ཀྱིས་ཏང་ཡོན་དང་ཏང་གི་བྱ་བར་སྐྱོན་བརྗོད་དང་བསམ་འཆར་འདོན་པར་རྒྱུས་ལོན་བྱེད་དགོས་པ་དང་།མང་ཚོགས་ཀྱིས་སྐྱིད་སྡུག་ཞུས་པ་ལ་རྒྱུས་ལོན་བྱས་ནས།མང་ཚོགས་ཀྱི་ལུགས་མཐུན་ཁེ་དབང་དང་ཁེ་ཕན་སྲུང་སྐྱོང་བྱེད་པ་དང་།མང་ཚོགས་ཀྱི་བསམ་བློའི་ཆབ་སྲིད་བྱ་བ་ལེགས་པར་བསྒྲུབས་ནས།རྒྱ་ཆེའི་མང་ཚོགས་ཀྱི་བློ་གྲོས་དང་སྟོབས་ཤུགས་གོང་བུ་གཅིག་ཏུ་འགྲིལ་བར་བྱེད་དགོས།རང་ས་ཁུལ་དང་རང་སྡེ་ཁགརང་ལས་ཁུངས་ཀྱི་བཟོ་ཚོགས་དང་ན་གཞོན་ལྷན་ཚོགས།བུད་མེད་རྩ་འཛུགས་སོགས་མང་ཚོགས་ཚོགས་པའི་རྩ་འཛུགས་དག་ལ་མགོ་ཁྲིད་དེ།ཁོ་ཚོས་རང་རང་གི་སྒྲིག་ཡིག་ལྟར་རང་རྐྱ་ཐུབ་པར་འགན་འཁུར་པའི་སྒོ་ནས་བྱ་བ་སྤེལ་བར་རྒྱབ་སྐྱོར་བྱེད་དགོས།

(ལྔ)ཏང་ཞུགས་ཀྱི་རེ་འདུན་ཞུས་པའི་ཧུར་བརྩོན་ཅན་ལ་སློབ་གསོ་དང་སྐྱེད་སྲིང་བྱས་ནས།རྒྱུན་ལྡན་རང་བཞིན་གྱི་ཏང་ཡོན་སྐྱེད་སྲིང་བྱ་བ་ལེགས་སྒྲུབ་བྱེད་དགོས་པ་དང་།ཆབ་སྲིད་ཀྱི་ཚད་གཞི་གཙོ་གནས་སུ་བཞག་སྟེ།བརྒྱུད་རིམ་གཟབ་ནན་དང་སྒྲིག་ཁྲིམས་ནན་མོ་བྱེད་དགོས། ཆབ་སྲིད་ཀྱི་སྤུས་ཚད་ལེགས་པའི་ཏང་ཡོན་སྐྱེད་སྲིང་བྱེད་དགོས།ཏང་ཡོན་དང་མང་ཚོགས་ཁྲོད་ཀྱི་ཕུལ་བྱུང་འཇོན་མི་གསར་དུ་མཐོང་བ་དང་སྐྱེད་སྲིང་དང་འོས་སྦྱོར་བྱེད་དགོས།

(དྲུག)ཏང་ཡོན་ལས་བྱེད་པ་དང་གཞན་པའི་ལས་བྱེད་མི་སྣ་སུ་ལ་ཡང་ལྟ་སྐུལ་བྱས་ནས།རྒྱལ་ཁབ་ཀྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་གཟབ་ནན་གྱིས་བརྩི་སྲུང་བྱེད་པ་དང་།རྒྱལ་ཁབ་ཀྱི་ནོར་སྲིད་དཔལ་འབྱོར་ཁྲིམས་སྲོལ་དང་མི་དོན་ལམ་ལུགས་གཟབ་ནན་གྱིས་བརྩི་སྲུང་བྱེད་དགོས་ཤིང་།རྒྱལ་ཁབ་དང་ཐུན་མོང་མང་ཚོགས་ཀྱི་ཁེ་ཕན་ཧམ་བཟུང་བྱེད་མི་ཆོག

(བདུན)དངོས་ཐོག་བདེན་འཚོལ་གྱིས་ཏང་གི་འཛུགས་སྐྲུན་དང་ཏང་གི་བྱ་བར་བསམ་འཆར་དང་གྲོས་གཞི་བཏོན་ནས།དུས་ཐོག་ཏུ་རིམ་པ་གོང་མའི་ཏང་རྩ་འཛུགས་ལ་གནས་ཚུལ་གལ་ཆེན་ཡར་ཞུ་བྱེད་དགོས།ཏང་ཡོན་དང་མང་ཚོགས་ལ་སློབ་གསོ་བཏང་ནས་རང་རྟོགས་ཀྱིས་མི་ལེགས་པའི་ཕྱོགས་ཞེན་འགོག་དགོས་པ་དང་།བློ་ཐག་རྦད་ཆོད་ཀྱིས་སྒྲིག་འགལ་ཁྲིམས་འགལ་གྱི་བྱ་སྤྱོད་སྣ་ཚོགས་ལ་འཐབ་རྩོད་བྱེད་དགོས།

(བརྒྱད)གཏན་འབེབས་ལྟར།ཏང་ཡོན་དང་མང་ཚོགས་ལ་ཏང་གི་བྱ་བའི་གནས་ཚུལ་ཁྱབ་བསྒྲགས་བྱེད་དགོས་ཤིང་།ཏང་ནང་གི་འབྲེལ་ཡོད་ལས་དོན་ཡོངས་བསྒྲགས་བྱེད་དགོས།

དོན་ཚན་བཅུ་པ། ཁྱབ་ཁོངས་མི་འདྲ་བའི་ཏང་ཀྲི་པུའུ་ཡིས་དོན་དངོས་དང་ཟུང་འབྲེལ་བྱས་ནས།སོ་སོས་རང་རང་གི་གནད་སའི་ལས་འགན་མི་འདྲ་བ་ཁུར་དུ་ལེན་དགོས།

(གཅིག) སྡེ་བའི་ཏང་ཀྲི་པུའུ་ཡིས།ཕྱོགས་ཡོངས་ནས་རང་སྡེ་བར་གཏོགས་པའི་རྩ་འཛུགས་མི་འདྲ་བ་དང་བྱ་བ་སྣ་ཚོགས་ལ་མགོ་ཁྲིད་དགོས་པ་དང་།གྲོང་གསེབ་དར་སྤེལ་གྱི་འཐབ་ཇུས་ལག་བསྟར་དམིགས་ནས་བྱ་བ་སྤེལ་དགོས་ཤིང་།ཞིང་པ་མང་ཚོགས་ལ་རྩ་འཛུགས་དང་སྣེ་ཁྲིད་དེ་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་གཏོང་དགོས་པ་དང་།ཐུན་མོང་འབྱོར་ཕྱུག་གི་བགྲོད་ལམ་དུ་བསྐྱོད་ནས།སྡེ་བ་རིམ་པའི་བཅོས་སྐྱོང་ལ་མགོ་ཁྲིད་དང་།འཆམ་མཐུན་མཛེས་སྡུག་གི་ཡུལ་གྲོང་འཛུགས་སྐྲུན་བྱེད་དགོས།དབུལ་ཕོངས་སྡེ་བའི་ཏང་ཀྲི་པུའུ་ཡིས་ཧྲུའུ་ཅིས་ཀྱང་མང་ཚོགས་ལ་སྐུལ་སློང་དང་སྣེ་ཁྲིད་བྱས་ནས།སྟོབས་ཤུགས་ཡོད་རྒུས་དབུལ་ཐར་འགག་སྒྲོལ་གྱི་འཐབ་འཛིང་ལས་རྒྱལ་བར་བྱེད་དགོས།

(གཉིས) སྡེ་ཁུལ་གྱི་ཏང་ཀྲི་པུའུ་ཡིས།ཕྱོགས་ཡོངས་ནས་རང་སྡེ་ཁུལ་ལ་གཏོགས་པའི་རྩ་འཛུགས་མི་འདྲ་བ་དང་བྱ་བ་སྣ་ཚོགས་ལ་མགོ་ཁྲིད་དགོས་པ་དང་།ཏང་གིས་གྲོང་ཁྱེར་ནས་སྲིད་སྐྱོང་བའི་རྨང་གཞི་སྲ་བརྟན་གཏོང་བ་དང་མང་ཚོགས་ཀྱི་བདེ་སྐྱིད་ཆེ་རུ་བཏང་ནས་བྱ་བ་སྤེལ་བར་དམིགས་ཏེ།གཞི་རིམ་གྱི་སྤྱི་ཚོགས་བཅོས་སྐྱོང་ལ་མགོ་ཁྲིད་བྱེད་པ།མངའ་ཁུལ་གྱི་ཐོན་ཁུངས་ཧྲག་སྡེབ་ལ་རྩ་འཛུགས་བྱེད་པ།སྡེ་ཁུལ་གྱི་མང་ཚོགས་ལ་ཞབས་ཞུ་དང་འཆམ་མཐུན་བརྟན་བརླིང་སྲུང་སྐྱོང་།མཛེས་སྡུག་གི་ཁྱིམ་གཞིས་སྐྲུན་ཅི་ཐུབ་བཅས་བྱེད་དགོས།

(གསུམ) རྒྱལ་དབང་ཁེ་ལས་དང་ཐུན་མོང་ཁེ་ལས་ཁྲོད་ཀྱི་ཏང་ཀྲི་པུའུ་ཡིས།ཏང་དང་རྒྱལ་ཁབ་ཀྱི་བྱེད་ཕྱོགས་སྲིད་ཇུས་ལག་བསྟར་མཐིལ་ཕྱིན་ལ་ལྟ་སྐུལ་བྱེད་པར་ཁག་ཐེག་བྱས་ཏེ།ཁེ་ལས་ཀྱི་ཐོན་སྐྱེད་བདག་གཉེར་ལ་དམིགས་ནས་བྱ་བ་སྤེལ་དགོས་པ་དང་།གཏན་འཁེལ་ལྟར་ཁེ་ལས་གནད་དོན་གལ་ཆེན་གྱི་ཇུས་ཆོད་ལ་ཞུགས་པ།བཅོས་བསྒྱུར་འཕེལ་རྒྱས་ལ་ཞབས་ཞུ་དང་། ལས་བཟོ་པ་དང་མང་ཚོགས་གཅིག་ཏུ་བསྡུས་པ།ཁེ་ལས་རིག་གནས་འཛུགས་སྐྲུན་བྱེད་པ་བཅས་ཀྱི་སྒོ་ནས།རྩེར་སོན་གྱི་གྲུབ་འབྲས་གསར་སྐྲུན་བྱེད་དགོས།

(བཞི) མཐོ་རིམ་སློབ་གྲྭའི་ཁྲོད་ཀྱི་ཏང་ཀྲི་པུའུ་ཡིས།ཏང་གི་སློབ་གསོའི་བྱེད་ཕྱོགས་ལག་ལེན་དངོས་འབེབས་ལ་ལྟ་སྐུལ་བྱེད་པར་ཁག་ཐེག་བྱས་ཏེ།མར་ཁེ་སི་རིང་ལུགས་ཀྱི་མཐོ་རིམ་སློབ་གྲྭའི་འདུ་ཤེས་འཛིན་སྟངས་ཁྱབ་ཁོངས་ཀྱི་མཛུབ་སྟོན་གོ་གནས་བརྟན་པོར་གཏོང་བ་དང་།བསམ་བློའི་ཆབ་སྲིད་ཀྱི་སྣེ་ཁྲིད་ལ་ཤུགས་སྣོན་བྱས་ནས།སློབ་མའི་ཕུགས་བསམ་ཡིད་ཆེས་ཀྱི་གཞི་རྩ་བརྟན་པོ་བཟོ་བ་དང་།ཀུན་སྤྱོད་ལེགས་བཞེངས་ཀྱི་རྩ་བའི་ལས་འགན་དངོས་འབེབས་བྱས་ཏེ།སློབ་ཁྲིད་ཚན་ཞིབ་ཀྱི་ལས་འགན་སྣ་ཚོགས་འགྲུབ་པར་ཁག་ཐེག་བྱེད་དགོས།

(ལྔ)སྤྱི་དབང་ལམ་ལུགས་མ་ཡིན་པའི་དཔལ་འབྱོར་རྩ་འཛུགས་ཁྲོད་ཀྱི་ཏང་ཀྲི་པུའུ་ཡིས།ཁེ་ལས་ལ་ཁྲིད་སྟོན་དང་ལྟ་སྐུལ་བྱས་ཏེ་རྒྱལ་ཁབ་ཀྱི་བཅའ་ཁྲིམས་ཁྲིམས་སྲོལ་གཟབ་ནན་གྱིས་བརྩི་སྲུང་བྱེད་དགོས་པ་དང་།ལས་བཟོ་པ་དང་མང་ཚོགས་ལ་མཐུན་སྒྲིལ་དང་གཅིག་བསྡུས་བྱས་ཏེ།ཁྲིམས་ལྟར་ཕྱོགས་སོ་སོའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱེད་དགོས་པ་དང་།ཁེ་ལས་ཀྱི་སྔོན་ཐོན་རིག་གནས་འཛུགས་སྐྲུན་བྱས་ཏེ།ཁེ་ལས་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བྱེད་དགོས།

(དྲུག) སྤྱི་ཚོགས་རྩ་འཛུགས་ཁྲོད་ཀྱི་ཏང་ཀྲི་པུའུ་ཡིས།སྤྱི་ཚོགས་རྩ་འཛུགས་ལ་ཁྲིད་སྟོན་དང་ལྟ་སྐུལ་བྱས་ཏེ།ཁྲིམས་ལྟར་ལས་གཉེར་བྱེད་པ་དང་ཁ་དན་ཚིག་གནས་ཀྱིས་ལས་གཉེར་བྱེད་དགོས་ཤིང་།ལས་བཟོ་པ་དང་མང་ཚོགས་ལ་སློབ་གསོ་དང་ཁྲིད་སྟོན་བྱས་ཏེ།ཆབ་སྲིད་ཀྱི་ཁས་ལེན་ཤུགས་ཇེ་དྲག་ཏུ་གཏོང་བ།སྤྱི་ཚོགས་རྩ་འཛུགས་གོ་རིམ་དང་ལྡན་པའི་ངང་སྤྱི་ཚོགས་བཅོས་སྐྱོང་ལ་ཞུགས་པ་དང་།སྤྱི་པའི་ཞབས་ཞུ་འདོན་སྤྲོད་བྱེད་པ། སྤྱི་ཚོགས་ཀྱི་འགན་འཁྲི་ཁུར་དུ་ལེན་པར་ཁྲིད་སྟོན་དང་རྒྱབ་སྐྱོར་བྱེད་དགོས།

(བདུན) ལས་དོན་སྡེ་ཚན་ཁྲོད་ཀྱི་ཏང་ཀྲི་པུའུ་ཡིསབཅོས་བསྒྱུར་འཕེལ་རྒྱས་ཀྱི་ཁ་ཕྱོགས་ཡང་དག་ལ་ལྟ་སྐུལ་བྱེད་པར་ཁག་ཐེག་བྱས་ཏེ།ཇུས་ཆོད་གལ་ཆེན་ལ་ཞུགས་པ་དང་།ཤེས་ལྡན་མི་སྣ་འཚར་ལོངས་འབྱུང་བར་ཞབས་འདེགས་ཞུས་ཏེ།ལས་དོན་བྱ་གཞག་འཕེལ་རྒྱས་འགྲོ་བར་ཡར་སྐུལ་བྱེད་དགོས།ལས་དོན་སྡེ་ཚན་ཁྲོད་དུ་མགོ་ཁྲིད་ཀྱི་ནུས་པ་འདོན་སྤེལ་བྱེད་པའི་ཏང་ཀྲི་པུའུ་ཡིས།གལ་ཆེའི་གནད་དོན་ལ་གྲོས་བསྡུར་བགྲོ་གླེང་དང་ཐག་གཅོད་གཏན་འབེབས་བྱེད་དགོས།

(བརྒྱད)རིམ་པ་སོ་སོའི་ཏང་དང་རྒྱལ་ཁབ་ལས་ཁུངས་ཁྲོད་ཀྱི་ཏང་ཀྲི་པུའུ་ཡིས། ལྟེ་བར་ལ་ཞབས་ཞུ་དང་དཔུང་ཁག་འཛུགས་སྐྲུན་ལ་དམིགས་ནས་བྱ་བ་སྤེལ་དགོས་པ་དང་།ཏང་ཡོན་ལ་སློབ་གསོ་དང་དོ་དམ།ལྟ་སྐུལ་བྱེད་པའི་ནུས་པ་འདོན་སྤེལ་བྱས་ཏེ།རང་སྡེ་ཁག་གི་སྲིད་འཛིན་འགན་འཁུར་པར་རོགས་རམ་བྱས་ནས་ལས་འགན་འགྲུབ་པར་བྱེད་པ་དང་བྱ་བ་ལེགས་བཅོས་བྱེད་དགོས།

(དགུ) ཡུལ་འཁྱར་ཏང་ཡོན་གྱི་ཏང་ཀྲི་པུའུ་ཡིས།ཡུལ་འཁྱར་ཏང་ཡོན་རྩ་འཛུགས་བྱས་ནས་ཆབ་སྲིད་སློབ་སྦྱོང་ལེགས་པར་སྤེལ་དགོས་པ་དང་།རྩ་འཛུགས་འཚོ་བ་ལེགས་པར་རོལ་བཞིན་དམངས་གཙོ་དཔྱད་བསྡུར་བྱེད་དགོས་ཤིང་།ཏང་ཡོན་ལ་སྣེ་ཁྲིད་དེ་ཏང་ཡོན་གྱི་འོས་འགན་ལག་བསྟར་བྱེད་པ་དང་།ཏང་ཡོན་གྱི་དབང་ཆ་སྤྱོད་པ།ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས།རྩ་འཛུགས་འབྲེལ་བ་དེ་རང་གི་ཏང་ཀྲི་པུའུ་ནང་དུ་མེད་པའི་ཡུལ་འཁྱར་ཏང་ཡོན་གྱི་དམངས་གཙོ་དཔྱད་བསྡུར་སོགས་ཀྱི་གནས་ཚུལ་རྣམས།དེའི་རྩ་འཛུགས་འབྲེལ་བ་ཡོད་སའི་ཏང་ཀྲི་པུའུ་ལ་བརྡ་ཁྱབ་གཏོང་དགོས།

(བཅུ) ལས་བྲལ་དང་ལས་འཁྱུར་ངལ་གསོ་བྱས་པའི་ལས་བྱེད་པ་དང་ལས་བཟོ་པའི་ཏང་ཀྲི་པུའུ་ཡིས།ཏང་གི་ལམ་ཕྱོགས་དང་བྱེད་ཕྱོགས་སྲིད་ཇུས་དྲིལ་སྒྲོག་དང་ལག་བསྟར་བྱེད་དགོས་ཤིང་།ཏང་ཡོན་གྱི་དོན་དངོས་གནས་ཚུལ་གཞིར་བཟུང་ནས།སློབ་སྦྱོང་ལ་ཞུགས་པར་རྩ་འཛུགས་བྱེད་པ་དང་།ཏང་གི་རྩ་འཛུགས་འཚོ་བ་སྤེལ་བ།བསམ་འཆར་དང་གྲོས་གཞིར་མཉན་པ།ཁོ་ཚོར་ཁྲིད་སྟོན་བྱས་ནས་རང་སྟེང་གི་གནས་ཚུལ་ངོ་མ་དང་ཟུང་འབྲེལ་སྒོས་ནུས་པ་འདོན་སྤེལ་བྱེད་དགོས།

ལེའུ་བཞི་པ། བྱ་བའི་ནང་རྐྱེན།

དོན་ཚན་བཅུ་གཅིག་པ། ཏང་ཀྲི་པུའུ་ཡི་ཏང་ཡོན་ཚོགས་ཆེན་ནི་ཏང་ཀྲི་པུའུ་ཡི་གྲོས་དོན་ཇུས་ཐག་གཅོད་པའི་ལས་ཁུངས་ཡིན་ལ།ཏང་ཡོན་ཡོངས་རྫོགས་ཞུགས་པ་དང་། སྤྱིར་བཏང་དུ་དུས་ཚིགས་རེར་ཐེངས་རེ་འཚོགས་པ་ཡིན།

ཏང་ཀྲི་པུའུ་ཏང་ཡོན་ཚོགས་ཆེན་གྱི་འགན་དབང་ནི།ཏང་ཀྲི་པུའུ་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུ་ལ་ཉན་པ་དང་ཞིབ་བཤེར་བྱེད་པ།གཏན་འབེབས་ལྟར་ཏང་ཀྲི་པུའུ་ཡི་འདེམ་བསྐོ་བྱ་བ་སྤེལ་ནས། རིམ་པ་གོང་མའི་ཏང་གི་འཐུས་མི་ཚོགས་ཆེན་ལ་ཞུགས་པའི་འཐུས་མི་འདེམ་སྒྲུག་པ་འོས་སྦྱོར་བྱེད་པ་དང་།རིམ་པ་གོང་མའི་ཏང་གི་འཐུས་མི་ཚོགས་ཆེན་ལ་ཞུགས་པའི་འཐུས་མི་འདེམ་བསྐོ་བྱེད་པ།གྲ་སྒྲིག་ཏང་ཡོན་སྡུད་ལེན་བྱེད་པ་དང་གྲ་སྒྲིག་ཏང་ཡོན་དངོས་གཞིར་བསྒྱུར་བ།གྲ་སྒྲིག་དུས་ཡུན་རིང་དུ་བསྲིང་བའམ་ཡང་ན་གྲ་སྒྲིག་ཏང་ཡོན་གྱི་ཐོབ་ཐང་མེད་པར་བཟོ་བ་བཅས་ལ་བགྲོ་གླེང་དང་བརྡས་ཐག་གཅོད་པ།ཏང་ཡོན་ལ་གཟེངས་བསྟོད་བྱེད་པ་དང་རྩ་འཛུགས་ཐག་གཅོད།སྒྲིག་ཁྲིམས་ཉེས་ཆད་ལ་གྲོས་བསྡུར་དང་ཐག་གཅོད་པ།གཞན་པའི་དོན་དག་གལ་ཆེན་ཐག་གཅོད་བྱེད་པ་བཅས་ཡིན།

སྡེ་བ་དང་སྡེ་ཁུལ་གྱི་དོན་དག་གལ་ཆེན་དང་དེ་མིན་མང་ཚོགས་ཀྱི་ཁེ་ཕན་ལ་འབྲེལ་བ་དམ་ཟབ་ཡོད་པའི་དོན་དག་རྣམས།ངེས་པར་ཏང་ཀྲི་པུའུ་ཡི་ཏང་ཡོན་ཚོགས་ཆེན་བརྒྱུད་ནས་གྲོས་བསྡུར་བྱེད་དགོས།

ཏང་ཀྲི་པུའུ་ཡི་ཏང་ཡོན་ཚོགས་ཆེན་གྱི་གྲོས་དོན་དེ་བརྡས་ཐག་གཅོད་པར་མ་སྤྲད་སྔོན་ལ།ངེས་པར་གྲོས་བསྡུར་གང་ལེགས་བྱེད་དགོས། བརྡས་ཐག་གཅོད་པར་ངེས་པར་བརྡས་ཐག་གཅོད་དབང་ཡོད་པའི་ཏང་ཡོན་གྱི་ཕྱེད་གྲངས་ཡན་ཆད་ཚོགས་འདུར་ཐོན་ན་ད་གཟོད་ཐག་གཅོད་བྱེད་ཆོག་ལ།ཡིད་འཐད་བྱུང་བའི་མི་གྲངས་དེ་བརྡས་ཐག་གཅོད་དབང་ཡོད་པའི་ཏང་ཡོན་ཚོགས་འདུར་ཐོན་པའི་ཕྱེད་གྲངས་ཡན་དུ་བརྒལ་ན་གྲོས་འཆམ་འབྱུང་བ་ཡིན།

དོན་ཚན་བཅུ་གཉིས་པ། ཏང་ཀྲི་པུའུ་ཨུ་ཡོན་ལྷན་ཁང་ནི་ཏང་ཀྲི་པུའུ་ཡི་ཉིན་རྒྱུན་བྱ་བའི་མགོ་ཁྲིད་ལས་ཁུངས་ཡིན།ཏང་ཀྲི་པུའུ་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ནི་སྤྱིར་བཏང་དུ་ཟླ་རེར་ཐེངས་རེ་འཚོགས་པ་ཡིན།དགོས་མཁོ་ལྟར་ག་དུས་ཡིན་ནའང་འཚོགས་ཆོག་པ་ཡིན་ལ།ཏང་ཀྲི་པུའུ་ཡི་བྱ་བ་གལ་ཆེན་ལ་གྲོས་བསྡུར་བྱེད་པ་དང་ཐག་གཅོད་བྱེད་པ་སོགས་ཡིན།ཏང་ཀྲི་པུའུ་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ལ་ཨུ་ཡོན་གྱི་ཕྱེད་གྲངས་ཡན་ཆད་ཚོགས་འདུར་ཐོན་པ་ཡིན་ན་ད་གཟོད་ཐག་གཅོད་བྱེད་ཆོག་ཅིང་།དོན་དག་གལ་ཆེན་ཡིན་ན་ཏང་ཡོན་ཚོགས་ཆེན་ལ་ཐག་གཅོད་བྱེད་པར་མ་སྤྲད་སྔོན།སྤྱིར་བཏང་དུ་ཏང་ཀྲི་པུའུ་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་བརྒྱུད་ནས་གྲོས་བསྡུར་བྱེད་དགོས།

དོན་ཚན་བཅུ་གསུམ་པ། ཏང་ཡོན་གྱི་མི་གྲངས་ཅུང་མང་བའམ་ཡང་ན་ཏང་ཡོན་གྱི་བྱ་བ་སྒྲུབ་གནས་དང་སྡོད་གནས་ཅུང་ཟད་ཁ་ཐོར་ཡིན་པའི་ཏང་ཀྲི་པུའུ་ཡིས།བྱ་འགུལ་སྤེལ་བར་རྩ་འཛུགས་བྱེད་བདེ་བའི་རྩ་དོན་ལྟར།ཏང་གི་ཚན་ཆུང་དུ་མར་དབྱེ་དགོས་པར་མ་ཟད། ཏང་གི་ཚོ་ཆུང་གི་ཚོགས་གཙོ་འཛུགས་དགོས།ཏང་གི་ཚོ་ཆུང་གི་ཚོགས་གཙོ་དེ་ཏང་ཀྲི་པུའུ་ཡིས་དམིགས་བཙུགས་གཏན་འཁེལ་བྱེད་དགོས་ལ།ཏང་ཚ་ཆུང་གནས་སའི་ཏང་ཡོན་གྱིས་འོས་སྦྱོར་བྱས་ནས་བསྐོས་ན་ཡང་ཆོག

ཏང་ཚོ་ཆུང་གིས་གཙོ་བོ་ཏང་ཀྲི་པུའུ་ཡི་བྱ་བའི་བླང་བྱ་དངོས་འབེབས་བྱེད་དགོས་པ་དང་།ཏང་ཀྲི་པུའུ་ཡིས་བཀོད་སྒྲིག་བྱས་པའི་ལས་འགན་དག་འགྲུབ་པར་བྱེད་དགོས།

ཏང་ཚོ་ཆུང་གི་ཚོགས་འདུ་ནི་སྤྱིར་བཏང་དུ་ཟླ་རེར་ཐེངས་རེ་འཚོགས་པ་ཡིན།ཏང་ཡོན་རྩ་འཛུགས་བྱས་ནས་ཆབ་སྲིད་སློབ་སྦྱོང་ལ་ཞུགས་པ་དང་།སེམས་གཏམ་བརྗོད་པ། སྐྱོན་བརྗོད་དང་རང་སྐྱོན་རང་བརྗོད་སོགས་བྱེད་དགོས།

དོན་ཚན་བཅུ་བཞི་པ། ཏང་ཀྲི་པུའུ་ཡི་ཏང་ཡོན་ཚོགས་ཆེན་དང་ཏང་ཀྲི་པུའུ་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ལ་ཏང་ཀྲི་པུའུ་ཧྲུའུ་ཅི་ཡིས་གྲོས་ཚོགས་བསྡུ་བར་མ་ཟད་མགོ་འཛིན་བྱེད་དགོས།ཧྲུའུ་ཅི་གྲོས་ཚོགས་ལ་ཞུགས་མི་ཐུབ་ན།ཧྲུའུ་ཅི་གཞོན་པའམ་ཡང་ན་ཨུ་ཡོན་ལ་མངགས་བཅོལ་བྱས་ནས་གྲོས་ཚོགས་བསྡུ་བར་མ་ཟད་མགོ་འཛིན་བྱེད་ཆོགཏང་ཚོ་ཆུང་གི་ཚོགས་འདུ་དེ་ཏང་གི་ཚོ་ཆུང་གི་ཚོགས་གཙོ་ཡིས་སྐོང་འཚོགས་དང་མགོ་འཛིན་བྱེད་དགོས།  

དོན་ཚན་བཅོ་ལྔ་པ། ཏང་ཀྲི་པུའུ་ཡིས་ཏང་གི་རྩ་འཛུགས་འཚོ་བའི་ལམ་ལུགས་ལག་བསྟར་ནན་པོ་བྱས་ཏེ།རྒྱུན་དུ་སྐྱོན་བརྗོད་དང་རང་སྐྱོན་རང་བརྗོད་ནན་ཏན་དང་གཟབ་ནན་བྱས་ཏེ། ཏང་ནང་གི་ཆབ་སྲིད་འཚོ་བའི་ཆབ་སྲིད་རང་བཞིན་དང་། དུས་རབས་རང་བཞིན། རྩ་དོན་རང་བཞིན། འཐབ་འཛིང་རང་བཞིན་བཅས་ཤུགས་ཆེ་རུ་གཏོང་དགོས། 
    
ཏང་ཡོན་འགོ་ཁྲིད་ལས་བྱེད་པས་སྣེ་ཁྲིད་དེ་རང་གནས་སའི་ཏང་ཀྲི་པུའུ་འམ་ཏང་གི་ཚོ་ཆུང་གི་རྩ་འཛུགས་འཚོ་བར་ཞུགས་དགོས། 
དོན་ཚན་བཅུ་དྲུག་པ།ཏང་ཀྲི་པུའུ་ཡིས་ཏང་ཡོན་སྒྲིག་འཛུགས་བྱས་ཏེ་དུས་བཅད་ལྟར་ཏང་ཡོན་ཚོགས་ཆེན་དང་། ཏང་གི་ཚོ་ཆུང་ཚོགས་འདུ། ཏང་གི་སློབ་ཁྲིད་བཅས་ལ་ཞུགས་དགོས་པ་དང་། དུས་བཅད་ལྟར་ཏང་ཀྲི་པུའུ་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་སྐོང་འཚོག་བྱ་དགོས། 

ཚོགས་འདུ་གསུམ་དང་སློབ་ཁྲིད་གཅིག་གིས་ཆབ་སྲིད་སློབ་སྦྱོང་དང་སློབ་གསོ་མངོན་གསལ་ཡོང་བ་དང་། ཏང་གཤིས་སྦྱོང་བརྡར་མངོན་གསལ་ཡོང་བར་བྱེད་པ། སློབ་སྦྱོང་གཉིས་དང་བྱེད་པ་གཅིགགི་ནང་དོན་གཙོ་བོར་བྱེད་པ། ཏང་ཡོན་གྱི་བསམ་བློ་དང་ལས་ཀའི་དོན་དངོས་དང་ཟུང་འབྲེལ་བྱེད་པ། བརྗོད་བྱ་གཙོ་བོ་དང་བྱེད་ཐབས་ཞིབ་ཕྲ་གཏན་འཁེལ་བྱེད་པ། རྣམ་པ་འདྲ་མིན་སྣ་ཚོགས་དང་རྣམ་པ་གཟབ་ནན་ལྡན་པ་བཅས་བྱ་དགོས། 
  
ཏང་གི་སློབ་ཁྲིད་ནི་ཏང་ཡོན་གྱི་བསམ་བློ་དང་ལས་ཀའི་དོན་དངོས་ལ་དམིགས་ནས་ཡོངས་ཁྱབ་ཏུ་སེམས་ཁུར་བྱེད་པའི་གནད་དོན་ལ་ལན་འདེབས་པ་དང་། ཉེ་འགྲམ་གྱི་མིས་རང་གི་གམ་གྱི་དོན་དག་བཤད་པར་དོ་སྣང་བྱེད་པ། ཡིད་དབང་འགུག་ནུས་ཆེ་རུ་གཏོང་བ་བཅས་བྱེད་དགོས། ཏང་ཡོན་འགོ་ཁྲིད་ལས་བྱེད་པས་དུས་བཅད་ལྟར་གཞི་རིམ་ཏང་ཡོན་ལ་ཏང་གི་སློབ་ཁྲིད་འཁྲིད་དགོས་པ་དང་། ཏང་ཨུ་(ཏང་ཙུའུ་)ཡི་ཧྲུའུ་ཅིས་ལོ་རེར་ཉུང་མཐར་ཡང་ཏང་གི་སློབ་ཁྲིད་ཐེངས་རེ་འཚོགས་དགོས། 

ཏང་ཡོན་སྒྲིག་འཛུགས་བྱས་ནས་གཅིག་སྡུད་སློབ་སྦྱོང་དང་། རྩ་འཛུགས་ཀྱི་འཚོ་བ་སྐྱེལ་བ། དམངས་གཙོའི་དོན་གྲོས་དང་དང་བླངས་ཞབས་ཞུ་སོགས་བྱེད་ཀྱི་ཡོད། བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོ་མ་སྤེལ་གོང་ཏང་ཀྲི་པུའུ་ཡིས་བརྗོད་བྱ་དང་ནང་དོན་ལ་ཞིབ་འཇུག་ནན་ཏན་བྱས་ནས་གཏན་འཁེལ་བྱེད་དགོས་པ་དང་། སྤེལ་རྗེས་གྲོས་ཐག་གཅོད་པའི་དོན་ཚན་སྒྲིག་འཛུགས་དང་དོན་འཁྱོལ་བྱ་རྒྱུར་དམ་འཛིན་ཡག་པོ་བྱེད་དགོས། 
       ཏང་རྩ་འཛུགས་ཀྱི་མོས་མཐུན་ཐོབ་པ་བརྒྱུད་དེ་རྩ་འཛུགས་ཀྱི་འབྲེལ་བ་སྤོ་མཐུད་མ་བྱས་ཀྱང་ཆོག་པའི་ཏང་ཡོན་ལ། དེ་གནས་སའི་སྡེ་ཚན་གྱི་ཏང་རྩ་འཛུགས་ཀྱིས་དེ་ཏང་ཀྲི་པུའུ་འམ་ཏང་གི་ཚོ་ཆུང་ཞིག་གི་ནང་དུ་བཅུག་ནས་རྩ་འཛུགས་ཀྱི་འཚོ་བར་ཞུགས་ཆོག 

དོན་ཚན་བཅུ་བདུན་པ། ཏང་ཀྲི་པུའུ་ཡིས་ལོ་རེར་ཉུང་མཐའ་ཡང་རྩ་འཛུགས་འཚོ་བའི་ཚོགས་འདུ་ཐེངས་1རེ་འཚོགས་དགོས་ཤིང་། སྤྱིར་བཏང་དུ་དུས་ཚིགས་བཞི་པར་བཀོད་སྒྲིག་བྱས་ཡོད་ལ། ལས་ཀའི་དགོས་མཁོ་ལྟར་ག་དུས་འཚོགས་ཀྱང་ཆོག རྩ་འཛུགས་ཀྱི་འཚོ་བའི་ཚོགས་འདུ་ནི་སྤྱིར་བཏང་དུ་ཏང་ཀྲི་པུའུ་ཡི་ཏང་ཡོན་ཚོགས་ཆེན་དང་ཏང་ཀྲི་པུའུ་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་སམ་ཡང་ན་ཏང་གི་ཚོ་ཆུང་གི་གྲོས་ཚོགས་ཀྱི་རྣམ་པའི་ཐོག་ནས་འཚོགས་དགོས། 
     
རྩ་འཛུགས་ཀྱི་འཚོ་བའི་ཚོགས་འདུའི་ཐོག་བརྗོད་དོན་གཙོ་བོ་གཏན་འཁེལ་བྱས་ཏེ་ཚོགས་འདུ་མ་འཚོགས་གོང་སློབ་སྦྱོང་ནན་ཏན་དང་། སྙིང་གཏམ་ཤོད་རེས། བསམ་འཆར་ཉན་པ། ཚོགས་འདུའི་ཐོག་གནད་དོན་འཚོལ་འདོན་དང་། སྐྱོན་བརྗོད་དང་རང་སྐྱོན་རང་བརྗོད་སྤེལ་བ། དག་ཐེར་ཡོ་བསྲང་གི་ཁ་ཕྱོགས་གསལ་སྟོན་བཅས་བྱས་པ། ཚོགས་འདུ་གྲོལ་རྗེས་དག་ཐེར་བྱེད་ཐབས་བཟོས་ནས་རེ་རེ་བཞིན་དག་ཐེར་དོན་འཁྱོལ་བྱེད་དགོས། 

དོན་ཚན་བཅོ་བརྒྱད་པ། ཏང་ཀྲི་པུའུ་ཡིས་སྤྱིར་བཏང་ལོ་རེར་ཏང་ཡོན་ལ་དམངས་གཙོའི་དཔྱད་མོལ་ཐེངས་རེ་བྱེད་པ་དང་། ཏང་ཡོན་རྩ་འཛུགས་བྱས་ནས་ཏང་ཡོན་ཚད་ལྡན་གྱི་ཚད་གཞི་དང་ཏང་ཞུགས་དམ་ཚིག་ལ་ཞིབ་བསྡུར་བྱེད་པ། མི་སྒེར་གྱི་དོན་དངོས་དང་ཟུང་འབྲེལ་བྱས་ནས་ཏང་གཤིས་ལ་དབྱེ་ཞིབ་བྱེད་དགོས། 
      
ཏང་ཀྲི་པུའུ་ཡིས་ཏང་ཡོན་གྱི་ཚོགས་ཆེན་འཚོགས་ནས་མི་སྒེར་གྱིས་རང་དཔྱད་དང་། ཏང་ཡོན་ཕན་ཚུན་དཔྱད་བརྗོད། དམངས་གཙོས་ཚད་ལེན་ཚོད་ལྟ་དང་དཔྱད་བསྡུར་གཏན་འབེབས་བཅས་བྱེད་པའི་གོ་རིམ་ལྟར་ཏང་ཡོན་སྒྲིག་འཛུགས་བྱས་ནས་དཔྱད་མོལ་བྱ་དགོས། ཏང་ཡོན་མི་གྲངས་ཅུང་མང་བའི་ཏང་ཀྲི་པུའུ་ཡིས་རང་གིས་རང་ལ་གདེང་འཇོག་དང་ཏང་ཡོན་ཕན་ཚུན་དཔྱད་བསྡུར་བྱ་རྒྱུ་དེ་ཏང་ཚོ་ཆུང་གི་ཁྱབ་ཁོངས་སུ་སྤེལ་ཆོག ཏང་ཀྲི་པུའུ་ཨུ་ཡོན་ལྷན་ཁང་གི་ཚོགས་འདུའམ་ཡང་ན་ཏང་ཡོན་ཚོགས་ཆེན་གྱིས་དཔྱད་མོལ་གྱི་གནས་ཚུལ་དང་ཏང་ཡོན་གྱི་རྒྱུན་ལྡན་མཚོན་ཚུལ་ལ་གཞིགས་ནས་དཔྱད་བསྡུར་གཏན་འབེབས་ཀྱི་བསམ་འཆར་འདོན་དགོས། 
     
ཏང་ཡོན་ལ་དམངས་གཙོའི་དཔྱད་མོལ་བྱ་རྒྱུ་དེ་རྩ་འཛུགས་ཀྱི་འཚོ་བའི་ཚོགས་འདུ་དང་མཉམ་དུ་སྤེལ་ཆོག།

དོན་ཚན་བཅུ་དགུ་པ། ཏང་ཀྲི་པུའུ་ཡིས་རྒྱུན་དུ་སྙིང་གཏམ་བཤད་རེས་དང་གླེང་མོལ་བྱེད་རེས་བྱས། ཏང་ཀྲི་པུའུ་ཡི་ཨུ་ཡོན་བར་དང་། ཏང་ཀྲི་པུའུ་ཡི་ཨུ་ཡོན་དང་ཏང་ཡོན་བར། ཏང་ཡོན་དང་ཏང་ཡོན་བར་བཅས་སུ་ལོ་རེར་སྙིང་གཏམ་ཤོད་རེས་དང་གླེང་མོལ་བྱེད་ཐེངས་1ལས་ཉུང་མི་རུང་། སྙིང་གཏམ་ཤོད་རེས་དང་གླེང་མོལ་བྱེད་སྐབས་ལྷག་བསམ་ཟོལ་མེད་ཀྱི་སྤྱོད་ཚུལ་འཛིན་པ་དང་། བསམ་བློ་སྤེལ་རེས། བསམ་འཆར་བརྗེ་རེས་བཅས་གོང་དུ་སྤེལ་རོགས་བྱ་དགོས། 
    
ཏང་ཀྲི་པུའུ་ཡིས་ཏང་ཡོན་གྱི་བསམ་བློའི་གནས་ཚུལ་དང་སེམས་ཁམས་ཀྱི་རྣམ་པར་དབྱེ་ཞིབ་བྱེད་པར་དོ་སྣང་བྱེད་དགོས། ཁྱིམ་ཚང་དུ་རྐྱེན་ངན་ཚབས་ཆེན་བྱུང་བ་དང་། དཀའ་ངལ་ཚབས་ཆེན་བྱུང་བ། ལུས་སེམས་བདེ་ཐང་གི་གནད་དོན་མངོན་གསལ་ཅན་གནས་པ་སོགས་ཀྱི་གནས་ཚུལ་བྱུང་བའི་ཏང་ཡོན་ལ་ཏང་ཀྲི་པུའུ་ཧྲུའུ་ཅིས་སེམས་ཁམས་གསེས་དཀྲོལ་ལེགས་པོ་བྱེད་རོགས་བྱ་དགོས་པ་དང་། ཆད་པ་བཅད་པ་དང་དེ་བཞིན་བསམ་འཆར་ངན་པ་འདོན་མཁན་ཏང་ཡོན་ལ་ཏང་ཀྲི་པུའུ་ཧྲུའུ་ཅིས་དམིགས་ས་ཡོད་པའི་སྒོ་ནས་བསམ་བློ་དང་ཆབ་སྲིད་ཀྱི་ལས་ཀ་ལེགས་པར་བསྒྲུབ་དགོས། 

ལེའུ་དྲུག་པ། ཏང་ཀྲི་པུའུ་ཨུ་ཡོན་ལྷན་ཁང་འཛུགས་སྐྱོང་། 

དོན་ཚན་ཉི་ཤུ་པ། དངོས་གཞིའི་ཏང་ཡོན་7ཡན་ཡོད་པའི་ཏང་ཀྲི་པུའུ་ཡོད་ན། ཏང་ཀྲི་པུའུ་ཡི་ཨུ་ཡོན་ལྷན་ཁང་འཛུགས་དགོས། ཏང་ཀྲི་པུའུ་ཨུ་ཡོན་ལྷན་ཁང་ནི་མི་3ནས་5ལས་གྲུབ་པ་དང་། སྤྱིར་བཏང་དུ་མི་7ལས་བརྒལ་མི་ཆོག 

    ཏང་ཀྲི་པུའུ་ཨུ་ཡོན་ལྷན་ཁང་དུ་ཧྲུའུ་ཅི་དང་། རྩ་འཛུགས་ཨུ་ཡོན། དྲིལ་བསྒྲགས་ཨུ་ཡོན། སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་སོགས་བསྐོ་གཞག་བྱེད་དགོས་པ་དང་། དགོས་ངེས་སྐབས་ཧྲུའུ་ཅི་གཞོན་པ་1བཀོད་སྒྲིག་བྱས་ཆོག 
      
ཏང་ཡོན་ངོ་མ་7ཡང་མ་ཟིན་པའི་ཏང་ཀྲི་པུའུ་ལ་ཧྲུའུ་ཅི་1བཀོད་སྒྲིག་བྱ་རྒྱུ་དང་། དགོས་ངེས་སྐབས་ཧྲུའུ་ཅི་གཞོན་པ་1བཀོད་སྒྲིག་བྱས་ཆོག

དོན་ཚན་ཉེར་གཅིག་པ། གྲོང་ཚོ་དང་སྡེ་ཁུལ་གྱི་ཏང་ཀྲི་པུའུ་ཨུ་ཡོན་ལྷན་ཁང་སྐབས་རེའི་འགན་འཛིན་ཡུན་ཚད་ལོ་5ཡིན་པ་དང་། གཞི་རིམ་སྡེ་ཚན་གཞན་དག་གི་ཏང་ཀྲི་པུའུ་ཨུ་ཡོན་ལྷན་ཁང་སྤྱིར་བཏང་སྐབས་རེའི་འགན་འཛིན་ཡུན་ཚད་ལོ་3ཡིན། 
    
ཏང་ཀྲི་པུའུ་ཡི་ཨུ་ཡོན་ལྷན་ཁང་ནི་ཏང་ཀྲི་པུའུ་ཡི་ཏང་ཡོན་ཚོགས་ཆེན་ཐོག་བདམས་ཐོན་བྱ་རྒྱུ་དང་། ཏང་ཀྲི་པུའུ་ཡི་ཧྲུའུ་ཅི་དང་ཧྲུའུ་ཅི་གཞོན་པ་ནི་སྤྱིར་བཏང་དུ་ཏང་ཀྲི་པུའུ་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐོག་བདམས་ཐོན་བྱ་རྒྱུ། ཨུ་ཡོན་ལྷན་ཁང་བཙུགས་མེད་པའི་ཏང་ཀྲི་པུའུ་ཡི་ཧྲུའུ་ཅི་དང་ཧྲུའུ་ཅི་གཞོན་པ་ནི་ཏང་ཀྲི་པུའུ་ཡི་ཏང་ཡོན་ཚོགས་ཆེན་ཐོག་བདམས་ཐོན་བྱ་རྒྱུ། བདམས་ཐོན་བྱུང་བའི་ཏང་ཀྲི་པུའུ་ཡི་ཨུ་ཡོན་རྣམས་གོང་རིམ་ཏང་རྩ་འཛུགས་ལ་ཐོ་འགོད་སྙན་སེང་ཞུ་དགོས་པ་དང་། ཏང་ཀྲི་པུའུ་ཧྲུའུ་ཅི་དང་ཧྲུའུ་ཅི་གཞོན་པ་གོང་རིམ་ཏང་རྩ་འཛུགས་ལ་ཆོག་མཆན་ཞུ་དགོས། ཏང་ཀྲི་པུའུ་ཧྲུའུ་ཅི་དང་ཧྲུའུ་ཅི་གཞོན་པ། ཨུ་ཡོན་བཅས་ལས་གནས་སྟོང་པར་ལུས་ཚེ་དུས་ཐོག་ཏུ་གསབ་འདེམས་བྱེད་དགོས། དགོས་ངེས་ཀྱི་དུས་སུ་གོང་རིམ་ཏང་རྩ་འཛུགས་ཀྱིས་ཏང་ཀྲི་པུའུ་ཧྲུའུ་ཅིའམ་ཧྲུའུ་ཅི་གཞོན་པ་མངག་གཏོང་བྱས་ཆོག 

ཏང་ཀྲི་པུའུ་དུས་བཅད་ལྟར་སྐབས་བརྗེའི་དྲན་སྐུལ་དང་ལྟ་སྐུལ་ལམ་སྲོལ་འཛུགས་པ་དང་འཐུས་ཚང་དུ་གཏོང་དགོས། ཏང་རྩ་འཛུགས་ཀྱི་ཁོངས་གཏོགས་འབྲེལ་བ་དང་ལས་བྱེད་པའི་དོ་དམ་དབང་ཚད་གཞིར་བཟུང་། གོང་རིམ་ཏང་རྩ་འཛུགས་ཀྱིས་འགན་ཡུན་ཐིམ་པའི་ཏང་ཀྲི་པུའུ་ལ་སྤྱིར་ན་ཟླ་6གི་སྔ་སྣུར་དུ་འཕྲིན་ཡིག་གཏོང་བའམ་ཡང་ན་ཁ་པར་ཐོག་ནས་བརྡ་ཐོ་གཏོང་བ་སོགས་ཀྱི་རྣམ་པའི་ཐོག་ནས་སྐབས་བརྗེའི་གྲ་སྒྲིག་ཡག་པོ་བྱེད་དགོས་པའི་དྲན་སྐུལ་བྱེད་དགོས། དུས་འགྱངས་སམ་ཡང་ན་སྔ་སྣུར་གྱིས་སྐབས་བརྗེ་བྱེད་དགོས་ཚེ་ངེས་པར་དུ་ཞིབ་བཤེར་ནན་ཏན་དང་འགག་སྒོ་ནན་པོ་སྲུང་དགོས་པ་དང་ནར་འགྱངས་སམ་ཡང་ན་སྔ་སྣུར་གྱི་དུས་ཚད་སྤྱིར་ན་ལོ་གཅིག་ལས་བརྒལ་མི་ཆོག 
དོན་ཚན་ཉེར་གཉིས་པ། ཏང་ཀྲི་པུའུ་ཧྲུའུ་ཅིས་ཏང་ཀྲི་པུའུ་ཡི་ཕྱོགས་ཡོངས་ཀྱི་ལས་ཀ་གཙོ་སྐྱོང་བྱེད་པ་དང་། ཏང་ཀྲི་པུའུ་ཡི་ཨུ་ཡོན་གཞན་དག་གིས་འགན་འཁྲི་སྒྲུབ་པ་དང་ནུས་པ་འདོན་སྤེལ་བྱེད་པར་སྐུལ་འདེད་གཏོང་བ། ཏང་ཀྲི་པུའུ་ཨུ་ཡོན་ལྷན་ཁང་རང་ངོས་འཛུགས་སྐྱོང་དམ་འཛིན་ལེགས་པོ་བྱེད་པ། ཏང་ཀྲི་པུའུ་ཨུ་ཡོན་ལྷན་ཁང་དང་། ཏང་ཡོན་ཚོགས་ཆེན། གོང་རིམ་ཏང་རྩ་འཛུགས་བཅས་ལ་ལས་དོན་སྙན་སེང་ཞུ་དགོས། 

ཏང་ཀྲི་པུའི་ཧྲུའུ་ཅི་གཞོན་པས་ཏང་ཀྲི་པུའི་ཧྲུའུ་ཅིར་གཞོགས་འདེགས་བྱས་ནས་ལས་དོན་སྤེལ། ཏང་ཀྲི་པུའུ་ཡི་ཨུ་ཡོན་གཞན་དག་གིས་འགན་འཁྲིའི་ལས་བགོས་ལྟར་ལས་དོན་སྤེལ་དགོས། 
དོན་ཚན་ཉེར་གསུམ་པ། ཏང་ཀྲི་པུའུ་ཧྲུའུ་ཅིར་ཆབ་སྲིད་ཀྱི་བྱང་ཚད་བཟང་པོ་ལྡན་པ་དང་། ཏང་གི་ལས་ཀར་དགའ་ཞེན་ཆེ་བ། སྲིད་ཇུས་དང་རིགས་པའི་གཞུང་ལུགས་ཀྱི་ཆུ་ཚད་དང་། རྩ་འཛུགས་དང་མཐུན་སྦྱོར་གྱི་ནུས་པ། མང་ཚོགས་ཀྱི་ལས་དོན་སྒྲུབ་ནུས་བཅས་ངེས་ཅན་ལྡན་པ། འགན་འཁྲི་འཁུར་ཕོད་པ་དང་ལེགས་སྐྱེས་འབུལ་རྒྱུར་དགའ་བ། སྣེ་ཁྲིད་དེ་གདོང་ལེན་དཔེ་བཟང་གི་ནུས་པ་འདོན་སྤེལ་བྱེད་པ། ཏང་ཡོན་དང་མང་ཚོགས་ཁྲོད་སྙན་གྲགས་ཆེ་ཙམ་ལྡན་པ་བཅས་ཡིན་དགོས་ཤིང་། སྤྱིར་བཏང་དུ་ཏང་ལོ་1ཡན་ཡོད་དགོས། 

དོན་ཚན་ཉེར་བཞི་པ། གོང་རིམ་ཏང་རྩ་འཛུགས་ཀྱིས་ཁྱབ་ཁོངས་མི་འདྲ་བའི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ། ཆབ་སྲིད་ཀྱི་ཚད་གཞི་འབུར་ཐོན་བྱེད་པ་དང་། རྩ་འཛུགས་ཀྱི་གོ་རིམ་ལྟར། བྱེད་ཐབས་སྣ་མང་སྤྱད་དེ། ཆ་རྐྱེན་དང་མཐུན་པའི་ཏང་ཡོན་ཕུལ་བྱུང་ཅན་བདམས་ནས་ཏང་ཀྲི་པུའུ་ཧྲུའུ་ཅིའི་འགན་འཁུར་དུ་འཇུག་དགོས། 
    
    གྲོང་ཚོ་དང་སྡེ་ཁུལ་གྱིས་ཕྱུག་པོ་ཆགས་ནུས་ཆེ་བའི་གྲོང་མི་དང་། དམག་ཁོངས་ནས་ཕྱིར་ལོག་པའི་དམག་མི། ཚོང་གཉེར་ཅན་གྱི་མི་སྣ། གྲོང་གསེབ་ཀྱི་དགེ་རྒན། གྲོང་གསེབ་ཀྱི་སྨན་པ། སྤྱི་ཚོགས་ཀྱི་ལས་ཀ་བྱེད་མཁན། སློབ་ཆེན་ཐོན་པའི་གྲོང་དཔོན། ལས་འཁྱུར་ངལ་གསོ་བྱས་པའི་ལས་བྱེད་པ་དང་ལས་བཟོ་པ་སོགས་མི་ཚོགས་ཁྲོད་ནས་ཏང་ཀྲི་པུའུ་ཧྲུའུ་ཅི་འདེམས་བསྐོ་བྱེད་པར་མཐོང་ཆེན་བྱ་དགོས། འོས་མི་འཚམ་པོ་མེད་ན། གོང་རིམ་ཏང་རྩ་འཛུགས་ཀྱིས་ས་ཁོངས་ལས་བརྒལ་བའམ་ཡང་ན་ལས་ཁུངས་དང་ཁེ་ལས་དང་བྱ་ལས་སྡེ་ཚན་ནས་ཏང་ཀྲི་པུའུ་ཧྲུའུ་ཅི་བདམས་མངག་བྱས་ཆོག ལས་ཀའི་དགོས་མཁོར་གཞིགས་ནས། གོང་རིམ་ཏང་རྩ་འཛུགས་ཀྱིས་ཕུལ་བྱུང་ལས་བྱེད་པ་གྲོང་ཚོ་དང་སྡེ་ཁུལ་དུ་ཏང་ཀྲི་པུའི་ཧྲུའུ་ཅི་དང་པོ་བྱེད་པར་མངགས་ནས་ཏང་ཀྲི་པུའི་ཧྲུའུ་ཅིར་ལས་དོན་སྤེལ་རྒྱུར་མཛུབ་ཁྲིད་དང་རོགས་རམ་བྱེད་ཆོག་པ་དང་། གཙོ་བོ་ཏང་ཀྲི་པུའུ་སྟོབས་ཆེར་གཏོང་བ་དང་། ལྟེ་བའི་ལས་དོན་ལ་སྐུལ་འདེད་གཏོང་བ། དམངས་ཀྱི་ཆེད་དུ་བྱ་བ་སྒྲུབ་པར་ཞབས་འདེགས་ཞུ་བ། བཅོས་སྐྱོང་ཆུ་ཚད་མཐོ་རུ་གཏོང་བ་སོགས་ཀྱི་འགན་འཁྲི་དང་ལས་འགན་གཙོ་བོ་འཁུར་དགོས། ཆ་རྐྱེན་འཛོམས་པའི་གྲོང་ཚོ་དང་སྡེ་ཁུལ་གྱི་ཏང་ཀྲི་པུའུ་ཧྲུའུ་ཅིས་ཁྲིམས་བཀོད་གོ་རིམ་བརྒྱུད་དེ་གྲོང་མིའི་ཨུ་ཡོན་ལྷན་ཁང་དང་སྡོད་དམངས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་བྱས་ཆོག ལས་ཁུངས་དང་། རྒྱལ་ཁབ་ལ་དབང་བའི་ཁེ་ལས། བྱ་ལས་སྡེ་ཚན། ཏང་ཀྲི་པུའུ་ཡི་ཧྲུའུ་ཅི་ནི་སྤྱིར་བཏང་དུ་སྡེ་ཁག་དེ་དང་སྡེ་ཚན་དེ་གའི་འགན་འཁུར་པ་གཙོ་བོས་འགན་འཁུར་དགོས་ལ། སྡེ་ཁག་དེ་དང་སྡེ་ཚན་དེ་གའི་འགན་འཁུར་པ་གཞན་དག་གིས་འགན་འཁུར་ནའང་ཆོག ལས་ཀའི་དགོས་མཁོར་གཞིགས་ནས་གོང་རིམ་ཏང་རྩ་འཛུགས་ཀྱིས་ཏང་ཡོན་ལས་བྱེད་པ་ཆེད་བསྐོས་ཏང་ཀྲི་པུའུ་ཧྲུའུ་ཅིའི་འགན་འཁུར་བར་བདམས་མངག་བྱས་ཆོག 

         སྤྱི་ལ་དབང་བ་མ་ཡིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་རྩ་འཛུགས་དང་སྤྱི་ཚོགས་རྩ་འཛུགས་ཀྱིས་སྤྱིར་བཏང་དུ་དོ་དམ་རིམ་པའི་ཁྲོད་ནས་ཏང་ཀྲི་པུའུ་ཧྲུའུ་ཅི་འདེམས་བསྐོ་བྱེད་སྐབས། ལས་སྒོའི་རྐང་འཛིན་པའི་ཁྲོད་ནས་ཏང་ཀྲི་པུའུ་ཧྲུའུ་ཅི་འདེམས་བསྐོ་བྱེད་པར་དོ་སྣང་བྱེད་དགོས། འོས་མི་འཚམ་པོ་མེད་ན། གོང་རིམ་ཏང་རྩ་འཛུགས་ཀྱིས་ཏང་ཀྲི་པུའུ་ཧྲུའུ་ཅི་བདམས་མངག་བྱས་ཆོག 
    
     ཏང་ཀྲི་པུའུ་ཧྲུའུ་ཅིའི་རྗེས་གྲབས་དཔུང་ཁག་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཕུལ་བྱུང་ཏང་ཡོན་ཏང་ཀྲི་པུའུ་ཧྲུའུ་ཅིའི་རྗེས་གྲབས་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་པར་དོ་སྣང་བྱས་ཏེ། གྲོང་ཚོ་དང་སྡེ་ཁུལ་སོགས་ཁྱབ་ཁོངས་ཀྱི་ཏང་ཀྲི་པུའུ་ཧྲུའུ་ཅིའི་རྗེས་གྲབས་ཤེས་ལྡན་མི་སྣའི་མཛོད་འཛུགས་དགོས། 

དོན་ཚན་ཉེར་ལྔ་པ།  གོང་རིམ་ཏང་རྩ་འཛུགས་ཀྱིས་རྒྱུན་དུ་ཏང་ཀྲི་པུའུ་ཧྲུའུ་ཅི་དང་ཧྲུའུ་ཅི་གཞོན་པ། ཨུ་ཡོན་གཞན་དག་བཅས་ལ་གསོ་སྐྱོང་སྦྱོང་བརྡར་བྱ་དགོས། 
    
       ཏང་ཀྲི་པུའུ་ཧྲུའུ་ཅི་གསོ་སྦྱོང་བྱ་རྒྱུ་དེ་ཏང་ཡོན་དང་ལས་བྱེད་པར་སློབ་གསོ་དང་གསོ་སྐྱོང་སྦྱོང་བརྡར་བྱ་རྒྱུའི་འཆར་འགོད་ནང་འཇུག་དགོས་པ་དང་། གསར་དུ་བསྐོས་པའི་ཏང་ཀྲི་པུའུ་ཧྲུའུ་ཅིར་ལས་གནས་འཛིན་པའི་གསོ་སྐྱོང་སྦྱོང་བརྡར་བྱ་དགོས། ཀྲུང་དབྱང་རྩ་འཛུགས་པུའུ་ཡིས་ཏང་ཀྲི་པུའུ་ཧྲུའུ་ཅིའི་དཔེ་སྟོན་གསོ་སྦྱོང་སྒྲིག་འཛུགས་བྱས་ནས་སྤེལ་ཞིང་། ས་གནས་དང་། ལས་རིགས། མ་ལག་བཅས་ཀྱིས་སྤྱིར་བཏང་དུ་ཏང་རྩ་འཛུགས་ཀྱི་ཁོངས་གཏོགས་འབྲེལ་བ་གཞིར་བཟུང་སྟེ།རིམ་པ་དང་རིགས་དབྱེ་ནས་ཏང་ཀྲི་པུའུ་ཧྲུའུ་ཅིའི་ཁོངས་མི་ཡོངས་རྫོགས་རེས་སྐོར་གསོ་སྦྱོང་བྱེད་དགོས། ཏང་ཀྲི་པུའུ་ཧྲུའུ་ཅི་ལོ་རེར་ཉུང་མཐའ་ཡང་རྫོང་རིམ་པ་ཡན་གྱི་ཏང་རྩ་འཛུགས་ཀྱིས་འཛུགས་གཉེར་བྱས་པའི་གཅིག་བསྡུས་རེས་སྐོར་སྦྱོང་བརྡར་ལ་ཐེངས་1ཞུགས་དགོས། གཅིག་གྱུར་བཀོད་སྒྲིག་ལ་དོ་སྣང་དང་། སྦྱོང་བརྡར་ལ་ཐེངས་མང་ཞུགས་པར་སྔོན་འགོག་བྱས་ཏེ། ཏང་ཀྲི་པུའུ་ཧྲུའུ་ཅིས་ཉིན་རྒྱུན་གྱི་བྱ་བ་ལེགས་པོར་སྒྲུབ་པར་ཁག་ཐེག་བྱེད་དགོས། 

ཏང་ཀྲི་པུའུ་ཧྲུའུ་ཅི་དང་ཧྲུའུ་ཅི་གཞོན་པ། ཨུ་ཡོན་གཞན་དག་བཅས་ཀྱི་གསོ་སྦྱོང་ཐད་ཏང་གི་གཞི་རྩའི་རིགས་པའི་གཞུང་ལུགས་དང་། གཞི་རྩའི་སྲིད་ཇུས། གཞི་རྩའི་ཤེས་བྱ། དེ་བཞིན་ཏང་དོན་ལས་དོན་གྱི་གཞི་རྩའི་བླང་བྱ་དང་། ཏང་གི་སྲོལ་རྒྱུན་དང་སྤྱོད་ཚུལ། ཏང་གི་སྒྲིག་སྲོལ་དང་ཏང་གི་སྒྲིག་ཁྲིམས་སོགས་ཀྱི་ནང་དོན་མངོན་གསལ་དོད་པོ་ཡོང་བ་བྱེད་དགོས། ཕུལ་བྱུང་གི་ཏང་ཀྲི་པུའུ་ཧྲུའུ་ཅིའི་སྤེལ་རོགས་ཁྲིད་གསུམ་གྱི་ནུས་པ་འདོན་སྤེལ་བྱ་རྒྱུར་སྣང་ཆེན་བྱེད་དགོས། 
དོན་ཚན་ཉེར་དྲུག་པ། གྲོང་ཚོ་དང་སྡེ་ཁུལ་གྱི་ཏང་ཀྲི་པུའི་ཕུལ་བྱུང་ཧྲུའུ་ཅིའི་ཁྲོད་ནས་ཤང་གྲོང་དང་ཁྲོམ་གཞུང་གི་འགོ་ཁྲིད་ལས་བྱེད་པ་གདམ་གསེས་བྱ་རྒྱུ།གཞུང་ལས་པ་རྒྱུགས་བསྡུ་དང་བྱ་གཞག་ཚན་པའི་མི་སྣ་གདན་ཞུ་བྱ་རྒྱུར་སྣང་ཆེན་བྱེད་དགོས། 
    
   ཏང་ཀྲི་པུའུ་ཧྲུའུ་ཅིའི་སྔོན་ཐོན་མིག་དཔེ་གསོ་སྐྱོང་དང་འཛུགས་པ་དང་། ཏང་ཀྲི་པུའུ་ཧྲུའུ་ཅི་ཕུལ་བྱུང་ལ་གཟེངས་བསྟོད་བྱེད་དགོས། 
དོན་ཚན་ཉེར་བདུན་པ། ཏང་ཀྲི་པུའུ་ཨུ་ཡོན་ལྷན་ཁང་གི་ཁོངས་མིས་གོང་རིམ་ཏང་རྩ་འཛུགས་དང་། ཏང་ཡོན། མང་ཚོགས་ཀྱི་ལྟ་སྐུལ་བཅས་རང་རྟོགས་ཀྱིས་དང་ལེན་བྱེད་པ་དང་། ཕན་ཚུན་ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་དགོས། 

ཏང་ཀྲི་པུའུ་ཧྲུའུ་ཅིས་ལོ་ལྟར་གོང་རིམ་ཏང་རྩ་འཛུགས་དང་ཏང་ཀྲི་པུའུ་ཡི་ཏང་ཡོན་ཚོགས་ཆེན་ལ་འགན་བསྒྲུབས་ཞུ་འབུལ་དང་། དཔྱད་བསྡུར་དཔྱད་ཞིབ་དང་ལེན་བྱེད་པ། དཔྱད་ཞིབ་བྱས་འབྲས་སྔོན་ཐོན་དང་ཕུལ་བྱུང་འདེམས་པ་དང་། འདེམས་སྒྲུག་བཀོལ་སྤྱོད་བྱེད་པའི་གཞི་འཛིན་ས་གལ་ཆེན་དུ་བརྩི་དགོས། 
དོན་ཚན་ཉེར་བརྒྱད་པ།ནུས་མེད་ཟབ་ཟོབ་ཀྱི་ཏང་ཀྲི་པུའུ་ཡི་ལས་ཀའི་ལམ་སྲོལ་རྒྱུན་མཐུད་ངང་དག་ཐེར་བྱེད་དགོས།ཏང་ཀྲི་པུའུ་ཧྲུའུ་ཅི་དང་།ཧྲུའུ་ཅི་གཞོན་པ།ཨུ་ཡོན་བཅས་ཀྱི་གོ་གནས་འཁུར་མི་འོས་པའི་རིགས་ལ་གོང་རིམ་ཏང་རྩ་འཛུགས་ཀྱིས་དུས་ཐོག་ཏུ་ལེགས་སྒྲིག་བྱ་དགོས། སྐབས་བརྗེའི་འདེམས་བསྐོའི་འདེམས་ཤོག་འཕེན་སྐུལ་དང་རྔན་བསླུས་འདེམས་བསྐོ་དང་།རུས་རྒྱུད་དང་ཆོས་ལུགས།ནག་སྤྱོད་སྟོབས་ཤུགས་བཅས་ཀྱིས་སིམ་འཛུལ་ལ་འགལ་རྐྱེན་བཟོ་བ་སོགས་ཀྱི་གནད་དོན་ཡོད་རིགས་ལ། གོང་རིམ་ཏང་རྩ་འཛུགས་ཀྱིས་དུས་ཐོག་ཏུ་ཐག་གཅོད་ནན་པོ་བྱེད་དགོས། 

ལེའུ་བདུན་པ། འགོ་ཁྲིད་དང་འགན་སྲུང་།

དོན་ཚན་ཉེར་དགུ་པ། ཏང་ཨུ(ཏང་ཙུའུ་)རིམ་པ་ཁག་གིས་ཏང་ཀྲི་པུའུ་འཛུགས་སྐྱོང་བྱ་རྒྱུ་དེ་གཞི་རྩའི་འཛུགས་སྐྲུན་གལ་ཆེ་ཤོས་ཤིག་ཏུ་བརྩིས་ནས་དུས་བཅད་ལྟར་ཞིབ་འཇུག་དང་གྲོས་བསྡུརའགོ་ཁྲིད་ཀྱི་ཁྲིད་སྟོན་ལ་ཤུགས་སྣོན་བརྒྱབ་ནས་བྱེད་པོའི་འགན་འཁྲི་ཏན་ཏིག་བསྒྲུབ་དགོས། རྫོང་རིམ་པའི་ཏང་ཨུ་་ལོ་ལྟར་ཉུང་མཐར་ཡང་ཏང་ཀྲི་པུའུ་འཛུགས་སྐྱོང་ལས་དོན་ལ་ཆེད་དོན་ཞིབ་འཇུག་ཐེངས་1བྱས། ཏང་ཨུ་(ཏང་ཙུའུ་)རིམ་པ་ཁག་གི་ཧྲུའུ་ཅིས་སྣེ་ཁྲིད་དེ་ཏང་ཀྲི་པུའུ་ཡི་ལས་ཀའི་འབྲེལ་གཏུག་བྱེད་གནས་འཛུགས་པ་དང་། སྣེ་ཁྲིད་དེ་གཞི་རིམ་དུ་ཟབ་ཞུགས་བྱས་ཏེ་བརྟག་དཔྱད་ཞིབ་འཇུག་དང་། གནད་དོན་ཤེས་རྟོགས་དང་ཐག་གཅོད། ཉམས་མྱོང་ཕྱོགས་བསྡོམས་དང་ཁྱབ་སྤེལ་བཅས་བྱ་དགོས། 
དོན་ཚན་སུམ་ཅུ་པ། ཏང་ཨུའི་རྩ་འཛུགས་སྡེ་ཁག་གིས་རྒྱུན་དུ་ཏང་ཀྲི་པུའུ་འཛུགས་སྐྱོང་བྱས་ཚུལ་ལ་དབྱེ་ཞིབ་དང་བརྡར་ཤ་གཅོད་པ་དང་། རིགས་དབྱེ་ཁྲིད་སྟོན་དང་ལྟ་སྐུལ་ཞིབ་བཤེར་བྱེད་ཤུགས་ཆེ་རུ་གཏོང་བ། སྔོན་ཐོན་ཏང་ཀྲི་པུའུ་ཡི་འཕར་ཚད་ཆེ་རུ་གཏོང་བ། བར་གནས་ཏང་ཀྲི་པུའུ་ཡི་ཆུ་ཚད་མཐོ་རུ་གཏོང་བ། རྗེས་ལུས་ཏང་ཀྲི་པུའུ་དག་ཐེར་བཅས་བྱེད་དགོས། ཏང་ཀྲི་པུའུ་ཚད་ལྡན་ཅན་དང་ཚད་ལྡན་ཅན་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་དགོས།

གཞི་རིམ་ཏང་ཨུས་སྤྱིར་ན་ཆེད་གཉེར་དང་གཅིག་ལྕོགས་སྒྲིག་འཛུགས་པ་བཀོད་སྒྲིག་བྱས་ནས་ཏང་ཀྲི་པུའུ་འཛུགས་སྐྱོང་ལ་ཞིབ་ཕྲའི་མཛུབ་ཁྲིད་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས། 

རིམ་པ་ཁག་གི་ཏང་ཨུ་རྩ་འཛུགས་སྡེ་ཚན་གྱིས་ཏང་ཀྲི་པུའུ་བརྒྱུད་ཏང་ཡོན་ལས་བྱེད་པའི་རྒྱུན་གཏན་གྱི་གནས་ཚུལ་ཤེས་རྟོགས་དང་ཁོང་དུ་ཆུད་རྒྱུར་དོ་སྣང་བྱེད་དགོས་པ་དང་། ལས་བྱེད་པས་རྟོག་ཞིབ་བྱ་ཡུལ་གནས་སའི་ཏང་ཀྲི་པུའུ་ཡི་བསམ་འཆར་ཉན་དགོས། 
     
གྲོང་ཚོ་དང་སྡེ་ཁུལ་གྱི་ཏང་ཀྲི་པུའུ་ཧྲུའུ་ཅི་རྫོང་རིམ་པའི་ཏང་ཨུའི་རྩ་འཛུགས་པུའུ་ཡི་ཐོ་འགོད་སྙན་སེང་དང་དོ་དམ་བྱེད་ཁོངས་སུ་འཇུག་དགོས། 
དོན་ཚན་སོ་གཅིག་པ། གྲོང་ཚོ་དང་སྡེ་ཁུལ་གྱི་ཏང་ཀྲི་པུའུ་ཡི་ལས་ཀ་དེ་རྫོང་རིམ་པའི་ཏང་ཨུའི་སྐོར་ཞིབ་ལྟ་སྐུལ་ལས་ཀའི་ནང་དོན་དུ་འཇུག་དགོས། 
དོན་ཚན་སོ་གཉིས་པ། ཏང་ཀྲི་པུའུ་འཛུགས་སྐྱོང་དམ་འཛིན་བྱས་ཚུལ་དེ་རིམ་པ་ཁག་གི་ཏང་ཨུའི་ཧྲུའུ་ཅིས་གཞི་རིམ་ཏང་སྐྱོང་ལས་ཀའི་འགན་བསྒྲུབས་ཞུ་འབུལ་དང་དཔྱད་གླེང་དཔྱད་ཞིབ་བྱེད་པའི་ནང་དོན་གལ་ཆེན་དུ་འཇོག་དགོས་པ་དང་། དེས་ཏང་དོ་དམ་དང་ཏང་སྐྱོང་གི་ཆབ་སྲིད་འགན་འཁྲི་བསྒྲུབས་ཚུལ་ཤན་འབྱེད་བྱེད་པའི་གཞི་འཛིན་ས་གལ་ཆེན་དུ་བརྩི་དགོས། ཏང་ཀྲི་པུའུ་འཛུགས་སྐྱོང་དམ་འཛིན་བྱེད་ཤུགས་མི་འདང་བ་དང་། ལས་དོན་ཁག་དོན་འཁྱོལ་མི་བྱེད་པའི་རིགས་ལ། གོང་རིམ་ཏང་ཨུ་དང་དེའི་རྩ་འཛུགས་སྡེ་ཁག་གིས་སྐོང་འདྲི་བྱ་དགོས། ཏང་ཀྲི་པུའུ་འཛུགས་སྐྱོང་ཐད་གནད་དོན་ཚབས་ཆེན་ཐོན་པ་དང་། ཏང་ཡོན་དང་མང་ཚོགས་ཀྱིས་བསམ་འཆར་ཆེན་པོ་འདོན་པའི་རིགས་ལ་གཏན་འབེབས་ལྟར་འགན་འཁྲི་རྩད་གཅོད་ནན་པོ་བྱེད་དགོས། 

དོན་ཚན་སོ་གསུམ་པ། ཏང་ཀྲི་པུའུ་ཡིས་ལས་ཀ་སྤེལ་བར་ཏང་རྩ་འཛུགས་རིམ་པ་ཁག་གིས་དགོས་ངེས་ཀྱི་ཆ་རྐྱེན་བསྐྲུན་ནས་གྲོན་དངུལ་འགན་སྲུང་བྱ་དགོས། གྲོང་ཚོ་དང་སྡེ་ཁུལ་གྱི་ཏང་ཀྲི་པུའུ་ཡི་འཁོར་སྐྱོད་གྲོན་དངུལ་འགན་སྲུང་བྱེད་ནུས་ཆེ་རུ་གཏོང་བ་དང་། གྲོང་ཚོ་དང་སྡེ་ཁུལ་གྱི་ཏང་ཀྲི་པུའུ་ཧྲུའུ་ཅིའི་གླ་ཆ་དང་ཐོབ་ཐང་དོན་འཁྱོལ་བྱ་དགོས་པ་མ་ཟད། ས་གནས་དེ་གའི་དཔལ་འབྱོར་འཕེལ་རྒྱས་ཀྱི་ཆུ་ཚད་དང་བསྟུན་ནས་རྒྱུན་ལྡན་གྱི་འཕར་སྣོན་ལམ་སྲོལ་འཛུགས་དགོས། སྤྱི་ལ་དབང་བ་མ་ཡིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་རྩ་འཛུགས་དང་སྤྱི་ཚོགས་རྩ་འཛུགས་ཀྱི་ཏང་ཀྲི་པུའུ་ཡི་ལས་ཀའི་གྲོན་དངུལ་ཐོག་ནས་རྒྱབ་སྐྱོར་བྱ་དགོས། གྲོང་ཚོ་དང་། སྡེ་ཁུལ། གླིང་ཁུལ་སོགས་ཁྱབ་ཁོངས་ཀྱི་གཞི་རིམ་ཏང་རྩ་འཛུགས་ཀྱི་བྱེད་སྒོ་སྤེལ་གནས་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་བ་དང་། དེང་རབས་ཀྱི་ལག་རྩལ་དང་ཆ་འཕྲིན་ཅན་གྱི་བྱེད་ཐབས་བེད་སྤྱོད་ཧུར་ཐག་བྱས་ནས་གཞུང་དོན་གྲོས་མོལ་དང་། ཏང་གི་བྱེད་སྒོ་སྤེལ་བ། དམངས་ཕན་ཞབས་ཞུ་མཁོ་འདོན་སོགས་ཀྱི་ཕྱོགས་བསྡུས་ནུས་པ་འདོན་སྤེལ་གང་ལེགས་བྱ་དགོས། 
    
རྫོང་རིམ་པ་ཡན་གྱི་ཏང་ཨུ་ཡིས་དོ་དམ་བྱེད་པའི་ཏང་དངུལ་ལོ་རེར་བསྡུར་ཚད་ངེས་ཅན་ལྟར་ཏང་ཀྲི་པུའུ་ལ་སྤྲོད་དགོས་པ་དང་། དབུལ་ཕོངས་གྲོང་ཚོའི་ཏང་ཀྲི་པུའུ་དང་། དཀའ་ངལ་ཡོད་པའི་རྒྱལ་ཁབ་ལ་དབང་བའི་ཁེ་ལས་ཀྱི་ཏང་ཀྲི་པུའུ། སྤྱི་ལ་དབང་བ་མ་ཡིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་རྩ་འཛུགས་དང་སྤྱི་ཚོགས་རྩ་འཛུགས་ཀྱི་ཏང་ཀྲི་པུའུ། འགྲུལ་བཞུད་ཏང་ཡོན་གྱི་ཏང་ཀྲི་པུའུ། ལས་བྲལ་དང་ལས་འཁྱུར་ངལ་གསོའི་ལས་བཟོ་པའི་ཏང་ཀྲི་པུའུ་སོགས་ཀྱིས་ཏང་གི་བྱེད་སྒོ་སྤེལ་བར་གཙོ་གནད་དུ་རྒྱབ་སྐྱོར་བྱ་དགོས། 

ལེའུ་བརྒྱད་པ། ཞར་བྱུང་དོན་ཚན། 

དོན་ཚན་སོ་བཞི་པ། གྲོང་ཚོ་དང་སྡེ་ཁུལ་གྱི་ཏང་གི་གཞི་རིམ་ཨུ་ཡོན་ལྷན་ཁང་དང་། སྤྱི་ཁྱབ་ཀྲི་པུའུ་ཨུ་ཡོན་ལྷན་ཁང་གིས་སྲོལ་ཡིག་འདི་ལྟར་ལག་ལེན་བསྟར་དགོས། 

དོན་ཚན་སོ་ལྔ་པ། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གིས་སྲོལ་ཡིག་འདིར་གཞིགས་ནས་འབྲེལ་ཡོད་གཏན་འབེབས་བཟོས་ཆོག 
དོན་ཚན་སོ་དྲུག་པ། སྲོལ་ཡིག་འདི་ཀྲུང་དབྱང་རྩ་འཛུགས་པུའུ་ཡིས་གསལ་འགྲེལ་བྱེད་པའི་འགན་འཁུར་རྒྱུ། 

 དོན་ཚན་སོ་བདུན་པ། སྲོལ་ཡིག་འདི་2018ལོའི་ཟླ་10ཚེས་28ཉིན་ནས་བཟུང་ལག་བསྟར་བྱེད་རྒྱུ། འབྲེལ་ཡོད་ཏང་ཀྲི་པུའུ་གཞན་དག་གི་གཏན་འབེབས་སྲོལ་ཡིག་འདི་དང་མི་མཐུན་པའི་རིགས་སྲོལ་ཡིག་འདི་ལྟར་ལག་བསྟར་བྱ་རྒྱུ།

 


©༢༠༡༧ཀན་ལྷོའི་ཏང་གི་འཛུགས་སྐྲུན་དྲ་བ། ཀྲུང་གུང་ཀན་ལྷོ་ཁུལ་ཨུའི་རྩ་འཛུགས་པུའུ་ཡིས་གཙོ་སྒྲུབ་བྱས་པས་པར་དབང་འདི་གར་དབང་།

སྡོད་གནས། ཀན་ལྷོ་ཁུལ་ཨུའི་གཅིག་གྱུར་གཞུང་ལས་ཐོག་ཁང་གི་དྲུག་ཐོག ཁ་པར། ༠༩༤༡--༨༢༢༢༡༥༩ སྦྲག་ཨང་། ༧༤༧༠༠༠

དྲ་ངོས་རྡེབ་ཚད།མི་ཐེངས། དྲ་ངོས་སྒྲིག་བཟོ། ཧུང་ཏེན་དྲ་རྒྱ།

甘公网安备 62300102000044号