今天是:

གཞི་རིམ་ཏང་འཛུགས།

གཞི་རིམ་རྩ་འཛུགས་འཛུགས་སྐྲུན།

མདུན་ཤོག > གཞི་རིམ་ཏང་འཛུགས། > གཞི་རིམ་རྩ་འཛུགས་འཛུགས་སྐྲུན།

རྟ་ཐོག་ཏང་དོན་སྲིད་ཇུས་སྒྲོག་མཁན་གྱི་བུད་མེད་ཚོགས་པ།

说明: C:\Users\admin\Documents\WeChat Files\wxid_tw0jiwg5m33122\FileStorage\Temp\2c587c032032dc1cd19656755d95860e.jpg

ཆུ་ཁ་མ་གྲོང་རྡལ་ནི་ཀན་སུའུ་དང་མཚོ་སྔོན།སི་ཁྲོན་བཅས་ཞིང་ཆེན་གྱི་འདྲེས་མཚམས་སུ་ཡོད་ཅིང་།ས་བབས་མཚོ་ངོས་མཐོ་ཚད་སྨི༣༨༠༠ལྷག་ཡོད་པའི་འབྲོག་ཁུལ་རྐྱང་རྐྱང་གི་དཔེ་མཚོན་རང་བཞིན་གྱི་ཞང་དང་གྲོང་རྡལ་ཞིག་ཡིན་པ་དང་།ས་ཁམས་གནས་བབ་དང་དཔལ་འབྱོར་ཆ་རྐྱེན།འགྲིམ་འགྲུལ་གྱི་འཕྲིན་སྐྱེལ་སོགས་ཀྱི་ཚོད་འཛིན་གྱིས་རྒྱ་ཆེ་བའི་འབྲོག་པ་མང་ཚོགས་ཀྱི་སློབ་གསོ་མྱངས་པའི་ཚད་དང་ཁྲིམས་ལུགས་འདུ་ཤེས་ཀྱི་ཤེས་བྱའི་ཆུ་ཚད་ཞན་པས་ཏང་དང་རྒྱལ་ཁབ་ཀྱི་ཆེས་གསར་བའི་སྲིད་ཇུས་གཞུང་ལུགས་ཀྱི་ཆ་འཕྲིན་བསྡུ་ལེན་ཅུང་རྗེས་ལུས་ཡིན་པ་རེད།ཏང་གི་ཆེས་གསར་བའི་མི་རིགས་ཀྱི་སྲིད་ཇུས་ཇི་ལྟར་སྒྲོག་འགྲེལ་བྱས་ན་བཟང་།ཇི་ལྟར་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་གསོ་སྤེལ་དང་ལག་བསྟར་བྱེད་དགོས།སྤྱི་དམངས་ཞིག་ཡིན་ཚེ་ཤུགས་ཆེན་པོས་ཀྲུང་ཧྭ་མི་རིགས་ཀྱི་སྔར་སྲོལ་སྤྱོད་བཟང་དར་སྤེལ་བཏང་སྟེ་དབུལ་ཐར་འགག་སྒྲོལ་དང་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་སེམས་ཤུགས་ཐོག་མ་གང་ནས་བསྐྱེད་དགོས།གནད་དོན་དང་འདྲི་བ་འདི་དག་ནི་ཆུ་ཁ་མ་གྲོང་རྡལ་གྱི་ཏང་ཨུ་དང་སྲིད་གཞུང་གི་ཏང་དོན་ལས་རིགས་འཕེལ་རྒྱས་ཀྱི་བཀག་རྒྱ་དང་འགལ་རྐྱེན།དངོས་ཡོད་གནད་དོན་མངོན་གསལ་ཞིག་ཡིན་པ་རེད།

说明: C:\Users\admin\Documents\WeChat Files\wxid_tw0jiwg5m33122\FileStorage\Temp\d9dfc4e901f33f44ec8ec7818298d6df.jpg

ཆུ་ཁ་མ་གྲོང་རྡལ་ཏང་སྲིད་ཀྱིས་རྒྱབ་སྐྱོར་འོགཆུ་ཁ་མའི་བུད་མེད་པད་མ་སྒྲོལ་མ་དང་རིན་ཆེན་སྒྲོལ་མ་སོགས་ཆ་སྙོམས་ལོ༢༨ཅན་གྱི་བུད་མེད་ཏང་ཡོན་ལས་བྱེད་པ༡༠ཡིས་ཁྱིམ་ཚང་གི་ལས་ཀ་དང་བུ་རྒྱུད་ཀྱི་བདེ་ཐང་རྒྱབ་ཏུ་བསྐྱུར་ནས་ཏང་དོན་ཕྲག་ཏུ་འཁུར་བ།བྱ་བའི་དོན་དངོས་གཞིར་བཟུང་གིས་རྟ་ཐོག་ཏང་དོན་སྲིད་ཇུས་སྒྲོག་འགྲེལ་ཚོགས་པ་ཞིག་བཙུགས་ཏེ།རི་ཚོགས་མུ་འབྲེལ་དང་ས་དབྱིབས་སྣོལ་བ།ཆུ་བོ་དང་མཚེའུའི་འཕྲེད་གཞུང་འབྲེལ་མཐུད།འགྲིམ་འགྲུལ་ཡོ་བྱད་རྒྱུན་ལྡན་ལྟར་འགྲོ་སྐྱོད་བྱེད་མི་ཐུབ་པའི་ཆ་རྐྱེན་ཐབས་རྡུགས་ལ་གདོང་གཏུག་སྟེ།སྐབས་བཅུ་དགུ་བའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་བའི་དགོངས་དོན་གྱི་སྒྲོག་སྤེལ་གྱི་ཆེས་མཐའ་མའི་སྤྱི་ལེ་ཡི་གནད་དོན་ཐག་གཅོད་ཆེད་དུ་ལམ་ལ་ཆས་ཤིང་།སྦྲ་གུར་དང་འབྲོག་ཁྱིམ་རེ་རེར་སོང་ནས་ཏང་གི་སྐབས་བཅུ་དགུ་བའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་བའི་དགོངས་དོན་གསལ་བཤད་དང་།ཏོག་གསར་སྔོན་འགོག་གི་རྒྱུན་ཤེས་སྔར་ལས་ཁ་གསལ་དོན་རྟོག་གིས་འཆད་པས།གཞི་རིམ་མང་ཚོགས་ལ་ཏང་གི་ཚོགས་ཆེན་བཅུ་དགུ་བར་སྔར་གསལ་ཆ་ལྡན་པ་དང་ནད་ཡམས་སྔོན་འགོག་འདུ་ཤེས་སྲ་བརྟན་དུ་བཏང་ཡོད་བ་མ་ཟད།ས་གནས་མང་ཚོགས་ཀྱི་དགའ་བསུ་ཆེན་པོ་ཐོབ་པ་རེད།

说明: C:\Users\admin\Documents\WeChat Files\wxid_tw0jiwg5m33122\FileStorage\Temp\44385ecdb95f41d8f7a091d0c708d8a9.jpg

ཆུ་ཁ་གྲོང་རྡལ་གྱི་བུད་མེད་རྟ་ཐོག་སྒྲོག་འགྲེལ་ཚོགས་པའམ་རྟ་ཐོག་གི་མོ་རྒོད་ཅེས་པའི་སྔོན་ཐོན་ཚོགས་པ་དེ་ད་ལོའི་ཟླ༣པའི་ནད་ཡམས་སྔོན་འགོག་གི་སྐབས་སུ་བཙུགས་ཤིང་།ད་ལྟའི་བར་དུ་ཁོ་མོ་ཚོས་རྟ་ཐོག་ཁྱབ་བསྒྲགས་བྱ་འགུལ་ཐེངས༣༡སྤེལ་བ་དང་།མི༡༢༠ལྷག་གིས་ཁྱིམ་དུ་བསྐྱོད་ནས་བདེ་ཐང་སྨན་བཅོས་ཀྱི་ཞབས་ཞུ་ལོངས་སུ་སྤྱད།ཁྱབ་བསྒྲགས་རྒྱུ་ཆ༡༣༠༠༠ལྷག་བཀྲམས་པ་དང་།འབྲོག་པ༡༠༠༠ལྷག་གིས་སློབ་གསོ་མྱངས་ལ་རྒྱ་ཆེ་བའི་འབྲོག་པ་མང་ཚོགས་ཚོས་གཅིག་གྱུར་གྱིས་བཟང་བསྟོད་བྱས་པ་རེད།

说明: C:\Users\admin\Documents\WeChat Files\wxid_tw0jiwg5m33122\FileStorage\Temp\31154f19474e2d48ad9b491e67519879.jpg

说明: C:\Users\admin\Documents\WeChat Files\wxid_tw0jiwg5m33122\FileStorage\Temp\ebbf2534edafd27bf77dbca6ced1bdc9.jpg


©༢༠༡༧ཀན་ལྷོའི་ཏང་གི་འཛུགས་སྐྲུན་དྲ་བ། ཀྲུང་གུང་ཀན་ལྷོ་ཁུལ་ཨུའི་རྩ་འཛུགས་པུའུ་ཡིས་གཙོ་སྒྲུབ་བྱས་པས་པར་དབང་འདི་གར་དབང་།

སྡོད་གནས། ཀན་ལྷོ་ཁུལ་ཨུའི་གཅིག་གྱུར་གཞུང་ལས་ཐོག་ཁང་གི་དྲུག་ཐོག ཁ་པར། ༠༩༤༡--༨༢༢༢༡༥༩ སྦྲག་ཨང་། ༧༤༧༠༠༠

དྲ་ངོས་རྡེབ་ཚད།མི་ཐེངས། དྲ་ངོས་སྒྲིག་བཟོ། ཧུང་ཏེན་དྲ་རྒྱ།

甘公网安备 62300102000044号