今天是:

གཞི་རིམ་ཏང་འཛུགས།

གཞི་རིམ་རྩ་འཛུགས་འཛུགས་སྐྲུན།

མདུན་ཤོག > གཞི་རིམ་ཏང་འཛུགས། > གཞི་རིམ་རྩ་འཛུགས་འཛུགས་སྐྲུན།

དཔའ་ངར་ཆེར་བསྐྱེད་ཀྱིས་རླབས་ཕྲེང་དེད་ནས་མདུན་དུ་བསྐྱོད།

རང་ཁུལ་གྱིས་ཀྲུང་གོའི་གསར་འགོད་པའི་དུས་ཆེན་ཐེངས21པ་དང་གཙོ་གནད་བྱ་བ་དྲིལ་བསྒྲགས་སྤེལ་གཏོང་ཁྲོད་ཀྱི་ཉམས་མྱོང་མཉམ་སྤྱོད་ཚོགས་འདུ་བསྡུས་པ།

说明: C:\Users\admin\Documents\WeChat Files\wxid_tw0jiwg5m33122\FileStorage\Temp\fa8a4514dee5a2ae96eb245c2e01edd2.jpg

说明: C:\Users\admin\Documents\WeChat Files\wxid_tw0jiwg5m33122\FileStorage\Temp\29b8ec16a30e97f813c6ff670f9bcce3.jpg

རང་ཁུལ་གྱིས་ཀྲུང་གོའི་གསར་འགོད་པའི་དུས་ཆེན་ཐེངས21པ་དང་གཙོ་གནད་བྱ་བ་དྲིལ་བསྒྲགས་སྤེལ་གཏོང་ཁྲོད་ཀྱི་ཉམས་མྱོང་མཉམ་སྤྱོད་ཚོགས་འདུ་བསྡུས། ཞིང་ཆེན་དམངས་ཆེན་རྒྱུན་ཨུ་ཁང་གི་ཀྲུའུ་རེན་གཞོན་པའམ་ཁུལ་ཨུའི་ཧྲུའུ་ཅི་ཡུས་ཁྲིན་ཧུའེ་ཡིས་དཔའ་ངར་ཆེར་བསྐྱེད་ཀྱིས་རླབས་ཕྲེང་དེད་ནས་མདུན་དུ་བསྐྱོད་དེ།ཀན་ལྷོའི་སྤྱི་ཚོགས་འཕེལ་རྒྱས་ཀྱི་མདུན་གྲལ་དུ་བསྐྱོད་དགོས་ཞེས་ནན་གྱིས་བསྟན།

说明: C:\Users\admin\Documents\WeChat Files\wxid_tw0jiwg5m33122\FileStorage\Temp\1ff7d642f2fe37665b5e7b5bd9f35cd9.jpg

ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དམངས་ཆེན་རྒྱུན་ཨུ་ཁང་གི་ཀྲུའུ་རེན་བཀྲ་ཤིས་འཚོ་ཚོགས་འདུར་ཞུགས་ཏེ་དུས་ཆེན་གྱི་འཚམས་འདྲིའི་ཡི་གེ་སྒྲོག་སྦྱང་བྱས།

说明: C:\Users\admin\Documents\WeChat Files\wxid_tw0jiwg5m33122\FileStorage\Temp\08819295d0ad8c6df9c4104b4ef9bd33.jpg

ཁུལ་ཨུའི་རྒྱུན་ཨུའམ་ཁུལ་ཨུའི་དྲིལ་བསྒྲགས་པུའུ་ཡི་པུའུ་ཀྲང་མ་ཡུས་ཀྱིས་ཚོགས་འདུའི་གཙོ་འགན་ཁུར་བ་མ་ཟད་གཟེངས་བསྟོད་ཐག་གཅོད་བརྡ་ཁྱབ་སྤེལ།

说明: C:\Users\admin\Documents\WeChat Files\wxid_tw0jiwg5m33122\FileStorage\Temp\95d6d5c26a30f4e721fef5c00aa363d3.jpg

ཁུལ་ཐད་གཏོགས་གསར་འགྱུར་སྨྱན་སྦྱོར་གྱི་འགན་འཁུར་བས 2020ལོའི་རང་ཁུལ་གྱི་གསར་འགྱུར་དྲིལ་བསྒྲགས་བྱ་བ་སྤེལ་ཚུལ་ངོ་སྤྲོད་བྱས།

  ཡུས་ཁྲིན་ཧུའེ་ཡིས་ཐོག་མར་ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་ཚབ་བྱས་ནས་ཁུལ་ཡོངས་ཀྱི་རྒྱ་ཆེའི་གསར་འགྱུར་ལས་སྒྲུབ་པ་ཚོར་འཚམས་འདྲི་དང་སྙིང་ཐག་པ་ནས་བཀའ་དྲིན་ཆེ་ཞུས། ཁོས་ཁུལ་ཡོངས་ཀྱི་གསར་འགྱུར་སྨྱན་སྦྱོར་དང་རྒྱ་ཆེའི་གསར་འགྱུར་ལས་སྒྲུབ་པ་ཚོས་ཀྲུང་དབྱང་དང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་དང་། ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་ལྟེ་བའི་བྱ་བར་དམ་པོར་དམིགས་ཏེ་ཡང་དག་པའི་གླེང་ཕྱོགས་ཀྱི་ཁྲིད་སྟོན་དམ་འཛིན་ནན་མོ་བྱེད་པ་དང་།སྤྱི་ཚོགས་ཀྱི་སྲོལ་བཟང་དར་སྤེལ་དང་དུས་རབས་ཀྱི་སྙིང་སྟོབས་ལ་བསྟོད་བསྔགས།སྔོན་ཐོན་མིག་དཔེ་དྲིལ་བསྒྲགས་དང་མང་ཚོགས་ཀྱི་བསམ་འདུན་མཚོན་པར་བྱས་ནས།དབུལ་ཐར་མཁྲེགས་གཏོར་ནས་ཞིང་སྡེ་དར་རྒྱས་ཡོང་བ་བྱེད་པ་དང་། སྐྱེ་ཁམས་དཔལ་ཡོན་གྱི་འབྱོར་འབྲིང་སྡེ་བ་འཛུགས་སྐྲུན་བྱེད་པ་ནས་རིག་གནས་ཡུལ་སྐོར་གྱིགཅིག་བཅུ་བརྒྱ་སྟོང་ཁྲིཡི་ལས་གྲྭ་བསྐྲུན་པ། གློ་ཚད་རིམས་ནད་གསར་བ་སྔོན་འགོག་དང་ཚོད་འཛིན་བྱེད་པའིགཡུལ་ས་གཙོ་བོནས་འབྲུག་ཆུ་དང་ཐེ་བོའི་འབྲུབ་འགོག་ཉེན་སེལ་རྒུད་སྐྱོབ་ཀྱི་ལས་ཡུལ་དང་པོ་བཅས་སུ་གསར་འགྱུར་སྨྱན་སྦྱོར་གསར་འགོད་པས་ཐོག་

མཐའ་བར་གསུམ་དུ་མདུན་ཕྱོགས་སུ་གདོང་མཆོང་བྱས་ཤིང་།སྨྱུ་གུ་བཀོད་ནས་ཆེས་དབང་གྲགས་ལྡན་པའི་གཙོ་རྒྱུན་སྐད་སྒྲ་བརྒྱུད་སྤྲོད་བྱས་པ་དང་།ཆེས་གསོན་ཉམས་ལྡན་པའི་གསར་འགྱུར་སྤེལ་གཏོང་བྱེད་བཞིན་ཡོད་པས།གཙོ་རྒྱུན་སྨྱན་སྦྱོར་གྱི་རིན་ཐང་ཆུ་ཚད་དང་དུས་རབས་གསར་བའི་སྨྱན་སྦྱོར་བ་འཐབ་ས་དང་བོར་བསྐྱོད་དེནུས་པ་བཞིལག་ལེན་བསྟར་བའི་ལས་རིགས་ཀྱི་རང་གཤིས་མངོན་ཡོད་ཅེས་བཤད་པ་མ་ཟད།ཁུལ་ཡོངས་ཀྱི་རིམ་པ་སོ་སོའི་གསར་འགྱུར་སྨྱན་སྦྱོར་གྱིས་དུས་རབས་གསར་བའི་གསར་འགྱུར་དྲིལ་བསྒྲགས་བྱ་བ་བཟང་བོ་སྒྲུབ་པའི་འཇོན་ཐང་དང་ནུས་པ་རྒྱུན་ཆད་མེད་པར་ཇེ་དྲག་ཏུ་བཏང་ནས།ཀན་ལྷོའི་གཏམ་རྒྱུད་ལེགས་པོ་ཤོད་པ་དང་ཀན་ལྷོའི་སྐད་སྒྲ་བརྒྱུད་སྤྲོད་ལེགས་པོ་བྱེད་པ།ཀན་ལྷོའི་སྣང་བརྙན་བཟང་པོ་མངོན་པར་བྱེད་པ་བཅས་བྱ་དགོས་པ་དང་།དཔུང་ཁག་འཛུགས་སྐྱོང་ལ་ཤུགས་བསྣན་ནས་ཏང་དང་མི་དམངས་ཀྱི་བློ་བདེ་བའི་གསར་འགྱུར་དྲིལ་བསྒྲགས་བྱ་བའི་དཔུང་ཁག་ཅིག་གསོ་སྐྱོང་བྱ་དགོས་ལ། ཁུལ་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་སྲ་ཞིང་བརྟན་པའི་བསམ་བློའི་ཁག་ཐེག་དང་གླེང་ཕྱོགས་ཀྱི་རྒྱབ་སྐྱོར་འདོན་སྤྲོད་བྱ་དགོས་པའི་བླང་བྱ་བཏོན།


©༢༠༡༧ཀན་ལྷོའི་ཏང་གི་འཛུགས་སྐྲུན་དྲ་བ། ཀྲུང་གུང་ཀན་ལྷོ་ཁུལ་ཨུའི་རྩ་འཛུགས་པུའུ་ཡིས་གཙོ་སྒྲུབ་བྱས་པས་པར་དབང་འདི་གར་དབང་།

སྡོད་གནས། ཀན་ལྷོ་ཁུལ་ཨུའི་གཅིག་གྱུར་གཞུང་ལས་ཐོག་ཁང་གི་དྲུག་ཐོག ཁ་པར། ༠༩༤༡--༨༢༢༢༡༥༩ སྦྲག་ཨང་། ༧༤༧༠༠༠

དྲ་ངོས་རྡེབ་ཚད།མི་ཐེངས། དྲ་ངོས་སྒྲིག་བཟོ། ཧུང་ཏེན་དྲ་རྒྱ།

甘公网安备 62300102000044号