今天是:

གཞི་རིམ་ཏང་འཛུགས།

གཞི་རིམ་རྩ་འཛུགས་འཛུགས་སྐྲུན།

མདུན་ཤོག > གཞི་རིམ་ཏང་འཛུགས། > གཞི་རིམ་རྩ་འཛུགས་འཛུགས་སྐྲུན།

སྐྱེ་ཁམས་འཛུགས་སྐྲུན་ལ་བརྟེན་ནས་ཕྱུག་འགྱུར་གྱི་ལམ་དུ་བསྐྱོད་པ།

ཀན་ལྷོ་ནི་རྒྱལ་ཡོངས་དང་ཞིང་ཆེན་ཡོངས་ཀྱི་དབུལ་སྐྱོར་གསར་སྤེལ་གྱི་ས་ཁོངས་གཙོ་བོ་ཡིན་ལ།རྒྱལ་ཡོངས་ཀྱི“ས་ཁུལ་གསུམ་དང་ཁུལ་གསུམ”དང་། ཞིང་ཆེན་ཡོངས་ཀྱི“ཁུལ་གཉིས་དང་རྫོང་གཅིག”གི་ཆེས་དབུལ་བའི་ས་ཁུལ་ཡིན། 2013ལོར་ཡིག་ཚགས་སྐྲུན་ནས་བྱང་བུ་བཟོས་པའི་དུས་འགོར། ཁུལ་ཡོངས་ཀྱི་རྫོང་དང་གྲོང་ཁྱེར 8ལ་དབུལ་ཕོངས་སྡེ་བ 284དང་དབུལ་ཕོངས་མི་གྲངས་ཁྲི 17.12ཡོད་པ་དང་། དབུལ་བོར་འགྱུར་ཚད 30.43%ཡིན། 2017ལོའི་ལོ་མཇུག་ཏུ། རྒྱལ་ཁབ་ཀྱིས་ཆེས་དབུལ་བའི་ས་ཁུལ་གྱི་དབུལ་ཐར་མཁྲེགས་གཏོར་ལ་རྒྱབ་སྐྱོར་བྱེད་པའི་འབྲེལ་ཡོད་སྲིད་ཇུས་གཞིར་བཟུང་སྟེ།ཁུལ་ཡོངས་ཀྱི་དབུལ་ཕོངས་སྡེ་བ309ལ་ལེགས་སྒྲིག་ཁ་སྣོན་བྱས་ཤིང་།འབྲུག་ཆུ་རྫོང་དང་ལིན་ཐན་རྫོང་གཉིས་རྒྱལ་ཁབ་ཀྱི་ཆེས་དབུལ་བའི་དབུལ་ཕོངས་རྫོང་དུ་བཅུགཉེ་བའི་ལོ་འགར།ངོས་འཛིན་གསར་བ་དང་རང་བྱུང་འཕར་སྣོན་སོགས་ཀྱི་བྱེད་ཐབས་འགུལ་རྣམ་དོ་དམ་བརྒྱུད་དེ། ཁུལ་ཡོངས་སུ་རིམ་རྩིས་བྱས་ན་དབུལ་ཕོངས་མི་གྲངས་ཁྲི 17.74ལ་བསླེབས། རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་འབད་བརྩོན་ལྷོད་མེད་བྱས་པ་བརྒྱུད་ནས། 2019ལོའི་ལོ་མཇུག་བར། ཁུལ་ཡོངས་ཀྱི་དབུལ་ཕོངས་མི་གྲངས་ཁྲི 0.28ལ་མར་ཆག་པ་དང་། དབུལ་བོར་འགྱུར་ཚད 30.43%ནས 0.5%ལ་མར་ཆག ཁུལ་ཡོངས་ཀྱི་རྫོང་དང་གྲོང་ཁྱེར8དང་སྡེ་བ་དབུལ་བོ307དབུལ་ཕོངས་ལས་ཕྱིར་འཐེན་ཞིང་།ཀན་ལྷོ་ས་ཁུལ་གྱིས་ལོ་གཅིག་སྔ་སྣུར་གྱིས་དབུལ་ཐར་ཞྭ་མོ་ཕུད་པའི་ལས་འགན་བདེ་བླག་ངང་ལེགས་གྲུབ་བྱུང་། 2020ལོའི་ཟླ 9བའི་ཟླ་མཇུག་བར། ཁུལ་ཡོངས་ཀྱི་ལྷག་ལུས་འབྲུག་ཆུ་རྫོང་རྩེ་སྡེ་སྡེ་བ་དང་ཆན་ཧྲན་སྡེ་བ།ཐེ་བོ་རྫོང་འཚོ་བ་སྡེ་བ་བཅས་སྒོ་བྱང་བཀལ་བའི་འཐབ་མོའི་ལྟ་ཞིབ་སྡེ་བ་གསུམ་དང་དབུལ་ཕོངས་མི་གྲངས་ཁྲི0.28ཀྱི་རྫོང་རིམ་པའི་རང་བཤེར་བྱ་བ་ཚང་མ་ལེགས་གྲུབ་བྱུང་བ་དང་།སྡེ་བ་དང་ཁྱིམ་ཚང་གི་དབུལ་ཐར་དམིགས་ཚད་ཚང་མ་ཕྱིར་འཐེན་གྱི་ཚད་གཞིར་བསླེབས་པས།རང་ཁུལ་གྱི་དབུལ་ཐར་མཁྲེགས་གཏོར་བྱ་བ་ལ་ཐག་གཅོད་རང་བཞིན་གྱི་གྲུབ་འབྲས་ཐོབ།

གནད་ཁེལ་དབུལ་སྐྱོར་གྱི་སྲིད་ཇུས་ཕྱོགས་ཡོངས་ནས་ལག་བསྟར་བྱས་པ་ནས་བཟུང་།ཁུལ་ཡོངས་ཀྱི་རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱས་པ་དང་།སྤུས་ཚད་མཐོ་བའི་སྒོ་ནས་དབུལ་ཐར་མཁྲེགས་གཏོར་གྱི་དམག་འཐབ་ལས་རྒྱལ་ཁ་ལེན་ཆེད།རྒྱལ་ཡོངས་དང་མཉམ་དུ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་གྲུབ་བྱེད་པ་དེ་སྤྱིའི་དམིགས་འབེན་དུ་བཟུང་ཞིང་།ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་ཐབས་ཇུས་དང་བཀོད་སྒྲིག་སོ་སོ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ།བྱ་བ་གཙོ་བོ་དབུལ་ཐར་མཁྲེགས་གཏོར་ལ་དམིགས་ནས་ཇུས་འགོད་བྱས་པ་དང་།སྟོབས་ཤུགས་གཙོ་བོ་དབུལ་ཐར་མཁྲེགས་གཏོར་ལ་དམིགས་ནས་གཅིག་སྡུད་བྱས་པ།སྲིད་སྐྱོང་བྱས་རྗེས་གཙོ་བོ་དབུལ་ཐར་མཁྲེགས་གཏོར་གྱི་ཞིབ་བཤེར་ལ་དམིགས་པའི་སྤྱིའི་རིག་ལམ་རྒྱུན་འཁྱོངས་བྱས་ནས།“1236”གི་དབུལ་སྐྱོར་མཁྲེགས་གཏོར་གྱི་བྱེད་སྒོ་དང།“1+17+1”གི་གནད་ཁེལ་དབུལ་སྐྱོར་བྱེད་སྒོ“3+1”གི་མཐའ་མའི་གདོང་མཆོང་གཙང་སེལ་བྱེད་སྒོ“5+1”གི་ཆེད་དོན་མཐོར་འདེགས་བྱེད་སྒོ་སོགས་བྱ་བའི་བྱེད་ཐབས་ནུས་ལྡན་རབ་དང་རིམ་པ་སྤྱད་པས།ཁུལ་ཡོངས་ཀྱི་རོང་འབྲོག་སྡེ་བའི་རྨང་གཞིའི་སྒྲིག་བཀོད་ཀྱི་ཆ་རྐྱེན་ལེགས་བཅོས་ཆེན་པོ་ཐོབ་པ་དང་།སྤྱི་བའི་ཞབས་ཞུའི་འགན་ལེན་དང་དབུལ་ཕོངས་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཆུ་ཚད་མངོན་གསལ་དོད་པོས་མཐོ་རུ་ཕྱིན་ཞིང་། བསམ་པའི་ཉམས་འགྱུར་གསར་བར་གྱུར།

དབུལ་ཐར་མཁྲེགས་གཏོར་གྱི་ཐབས་ལམ་རླབས་ཆེན་གྱི་ཁྲོད་དུ།ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་ཁུལ་གྱི་གནས་ ཚུལ་དངོས་ལ་གཞི་ཚུགས་ནས།གསར་གཏོད་རང་བཞིན་ལྡན་པའི་སྒོ་ནས་བྱ་བ་་སྤེལ་ཏེ།དུས་རབས་ཀྱི་ཁྱད་ཆོས་དང་ཀན་ལྷོའི་ཁྱད་ཆོས་ལྡན་པའི་དབུལ་ཐར་ལམ་བུ་ཞིག་བཏོད་དགོས།ལེགས་ཆ་སྔར་བས་འདོན་སྤེལ་བྱས་ཏེ་གྲོང་ཁྱེར་དང་སྡེ་བའི་ཁོར་ཡུག་ཕྱོགས་བསྡུས་སྒྲིག་བཅོས་ལ་སྐུལ་འདེད་བཏང་བ་དང་།“སྔོ་ཞིང་དྭངས་བའི་རི་ཆུ་སྔོན་མོ་ནི་གསེར་རི་དངུལ་རི་ཡིན” པའི་འདུ་ཤེས་བརྟན་པོ་བཙུགས་ནས།2005ལོར་ཞིང་ཆེན་ཡོངས་ཀྱི་སྔོན་ལ་ཁོངས་ཡོངས་སུ་གད་སྙིགས་མེད་པའི་ཆེད་དོན་བཅོས་སྐྱོང་བྱེད་འགོ་བཙུགས་པ་དང་།སྤྱོད་ཚུལ་ངན་པ་དང་སྲོལ་རྒྱུན་ངན་པར་རྒོལ་བ་བྱས་ཤིང་།དམངས་ཡོངས་ཞུགས་པའི་ཁོར་ཡུག་གསར་བརྗེའི་བྱ་བ་སྤེལ་བ་དེ་ལུགས་རྙིང་སྲོལ་ངན་མེད་པར་བཟོ་བ་དང་སྲོལ་རྒྱུན་གྱི་འདུ་ཤེས་བསྒྱུར་བ།སྐྱེ་ཁམས་ཀྱི་ངོས་འཛིན་ཇེ་ཟབ་དང་འཚོ་བའི་ཡིད་ཆེས་ཇེ་བརྟན་དུ་གཏོང་བའི“འགྱུར་སྐུལ་རྫས”སུ་གྱུར་པ་དང་།དབུལ་ཐར་མཁྲེགས་གཏོར་གྱི་འཐབ་མོ་དང་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི“མགྱོགས་གཏོང་འཕྲུལ་ཆས”སུ་གྱུར།ཁོར་ཡུག་གསར་བརྗེ་བྱས་པ་བརྒྱུད་ཁུལ་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་སྡེའི་རྣམ་པར་འགྱུར་ལྡོག་ཆེན་པོ་བྱུང་བ་མ་ཟད།རྒྱ་ཆེ་བའི་རོང་འབྲོག་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བ་རོལ་སྟངས་ལའང་འགྱུར་ལྡོག་བྱུང་ཞིང་།དབུལ་ཐར་ཕྱུག་འགྱུར་གྱི་ཡིད་ཆེས་དང་ཆོད་སེམས་ཇེ་བརྟན་དུ་གྱུར།

ལག་ལེན་གྱི་སྒྲོམ་གཞི་གསར་གཏོད་དང་སྤུས་ཀ་མཐོར་འདེགས་ཀྱིས་སྐྱེ་ཁམས་དཔལ་ཡོན་གྱི་འབྱོར་འབྲིང་སྡེ་བ་ འཛུགས་སྐུན་བྱེད་པར་སྐུལ་འདེད་བཏང་།སྐྱེ་ཁམས་དཔལ་ཡོན་གྱི་འབྱོར་འབྲིང་སྡེ་བ་འཛུགས་སྐྲུན་བྱེད་པ་དེ་དབུལ་ཐར་ མཁྲེགས་གཏོར་གྱི“མཐོར་འདེགས་ལས་གྲྭར”བརྩི་བ་རྒྱུན་འཁྱོངས་དང་ཡིག་ཚགས་བསྐྲུན་ནས་བྱང་བུ་བཟོས་པའི་དབུལ་ཕོངས་སྡེ་བ309ཚུད་པའི་རང་བྱུང་སྡེ་བ1251དང་མི་ཁྲི12.8ལ་དམིགས་ནས།རང་བྱུང་སྡེ་བ་སྡེ་ཚན་དུ་བྱས་ཏེ་རིམ་རྩིས་བྱས་ཏེ་སྒོར་དུང་ཕྱུར 156བཏང་ནས། ཁོར་ཡུག་མཛའ་མཐུན་ཅན་དང་གསར་བརྗེའི་ཡུལ་སྐོར་ཅན། སྐྱེ་ཁམས་ཉམས་ལེན་ཅན། བག་ཡངས་སྤྲོ་གསེང་ཅན།དམངས་སྲོལ་རིག་གནས་ཅན།ཁྱད་ལྡན་ཐོན་ལས་ཅན།ཏང་འཛུགས་དཔེ་སྟོན་ཅན་བཅས་ཀྱི་སྐྱེ་ཁམས་དཔལ་ཡོན་འབྱོར་འབྲིང་སྡེ་བ 1603སྐྲུན་པར་ཤུགས་བསྣན་པས། རོང་འབྲོག་ཁྱིམ་ཚང་ཁྲི 10. 9ཡི་མང་ཚོགས་ཁྲི 48. 9ལ་ཕན་པ་ཐོབ་ཅིང་།རིགས་སོ་སོའི་མང་ཚོགས་ཀྱི་སྐྱེ་ཁམས་བདེ་སྐྱིད་ཀྱི་ཚོར་སྣང་དང་འཕེལ་རྒྱས་ཀྱི་ཐོབ་སྣང་།ཁྱིམ་གཞིས་

ཀྱི་གཏོགས་སེམས་བཅས་རིམ་བཞིན་མཐོ་རུ་ཕྱིན།

ཁྱད་ཆོས་ལྡན་པའི་སྤུས་ལེགས་ལས་གྲྭ་བསྐྲུན་ནས་རིག་གནས་ཡུལ་སྐོར་གྱི་ཐོན་ལས་དང་བོའི་འཕེལ་རྒྱས་ཇེ་མགྱོགས་སུ་བཏང་བ།རྣམ་པ་ཆེན་པོ་ཇུས་འགོད་དང་བྱེད་ཕྱོགས་ཆེན་པོ་འཁོར་སྐྱོད།ནུས་ཤུགས་ཆེན་པོས་སྐུལ་འདེད་གཏོང་བ་མཐའ་ འཁྱོངས་བྱས་ནས། རིག་གནས་ཡུལ་སྐོར་གྱི“གཅིག་བཅུ་བརྒྱ་སྟོང་ཁྲི”ཡི་ལས་གྲྭ་གསར་གཏོད་དང་ལག་བསྟར་བྱས་པ་དང་། ཁོངས་ཡོངས་ཡུལ་སྐོར་དཔེ་སྟོན་གྱི་སྐུལ་ཁྲིད་དང་མཛེས་ལྗོངས་ཁུལ་ཆེན་པོའི་བཅོས་སྒྱུར་འཛུགས་སྐྲུན།ཐོན་ལས་མཉམ་འདྲེས་གསར་གཏོད།རྨང་གཞིའི་ལག་བསྟར་འཐུས་ཚང་།ཚོང་རའི་ཁོར་ཡུག་ལེགས་བཅོས་སོགས་གཙོ་གནད་བྱ་བ་འབུར་ཐོན་ གྱིས་དམ་འཛིན་བྱས་པས།རིག་གནས་ཡུལ་སྐོར་གྱི་མཁོ་སྤྲོད་ནུས་པ་དང་ཞབས་ཞུའི་སྤུས་ཚད།ཕྱོགས་བསྡུས་ཕན་འབྲས་བཅས་མཐོར་འདེགས་བྱུང་བ་དང་།ཡུལ་སྐོར་ཐོན་ལས་དེང་རབས་ཅན་དང་ཡུལ་སྐོར་ཐོན་རྫས་ཁྱད་ལྡན་ཅན།ཡུལ་སྐོར་ཚོང་ར་རྒྱལ་སྤྱི་ཅན་དུ་འགྱུར་བ་བཅས་གང་མགྱོགས་སྒོས་མངོན་འགྱུར་བྱས་ཏེ།ཀན་ལྷོའི་ཡུལ་སྐོར་དབུལ་སྐྱོར་དང་དབུལ་བོ་ཉུང་གཏོང་གི་རྣམ་པ་དེ“འཛམ་གླིང་ཡུལ་སྐོར་མནའ་འབྲེལ་གྱི་ཡུལ་སྐོར་གྱིས་དབུལ་བོ་ཉུང་གཏོང་གི་ཇུས་གཞིའི”ཁོངས་སུ་ཚུད།     

གཞི་རིམ་རྩ་འཛུགས་འཐུས་ཚང་དང་སྒྲིག་ཁྲིམས་ནན་དུ་བཏང་ནས་ཏང་འཛུགས་སྐྱོང་གི་སྣེ་ཁྲིད་ནུས་པ་འདོན་ སྤེལ་བྱས་པ་དང་།“དབུལ་ཐར་ལ་དམིགས་ནས་ཏང་འཛུགས་སྐྱོང་དམ་འཛིན་དང་ཏང་འཛུགས་སྐྱོང་དམ་འཛིན་གྱིས་དབུལ་ཐར་ལ་སྐུལ་འདེད་གཏོང་བའི”སྤྱིའི་རིག་ལམ་རྒྱུན་འཁྱོངས་བྱས་ནས།ཏང་འཛུགས་སྐྱོང་གི་བྱ་བ་དེ་དབུལ་ཐར་མཁྲེགས་གཏོར་དང་མཉམ་འདྲེས་ཐུབ་ཅིང་།དབུལ་ཐར་མཁྲེགས་གཏོར་ལ་ཞབས་འདེགས་ཞུ་བ་དང་འགན་ལེན་བྱེད་པར་སྐུལ་འདེད་གཏོང་བ་དང་།ཏང་གི་ཆབ་སྲིད་ཀྱི་ལེགས་ཆ་དང་རྩ་འཛུགས་ཀྱི་ལེགས་ཆ།མང་ཚོགས་ཀྱི་བྱ་བའི་ལེགས་ཆ་དེ་དབུལ་ཐར་མཁྲེགས་གཏོར་གྱི་ལེགས་ཆར་འགྱུར་བར་བྱས་ཏེ།“གསར་བརྗེའི་སྒུལ་ཤུགས་ཀྱིས་སྣེ་ཁྲིད་དང་ལྗང་མདོག་འགུལ་ནུས་ཀྱིས་འཕེལ་རྒྱས་གཏོང་བའི”གཞི་རིམ་ཏང་འཛུགས་སྐྱོང་དང་དབུལ་ཐར་མཁྲེགས་གཏོར་ཕན་ཚུན་ལ་སྐུལ་འདེད་གཏོང་བའི་གཉིས་ཕན་གྱི་ལམ་བུ་གསར་བ་ཞིག་གཏོད།།

 


©༢༠༡༧ཀན་ལྷོའི་ཏང་གི་འཛུགས་སྐྲུན་དྲ་བ། ཀྲུང་གུང་ཀན་ལྷོ་ཁུལ་ཨུའི་རྩ་འཛུགས་པུའུ་ཡིས་གཙོ་སྒྲུབ་བྱས་པས་པར་དབང་འདི་གར་དབང་།

སྡོད་གནས། ཀན་ལྷོ་ཁུལ་ཨུའི་གཅིག་གྱུར་གཞུང་ལས་ཐོག་ཁང་གི་དྲུག་ཐོག ཁ་པར། ༠༩༤༡--༨༢༢༢༡༥༩ སྦྲག་ཨང་། ༧༤༧༠༠༠

དྲ་ངོས་རྡེབ་ཚད།མི་ཐེངས། དྲ་ངོས་སྒྲིག་བཟོ། ཧུང་ཏེན་དྲ་རྒྱ།

甘公网安备 62300102000044号