今天是:

གཞི་རིམ་ཏང་འཛུགས།

གཞི་རིམ་རྩ་འཛུགས་འཛུགས་སྐྲུན།

མདུན་ཤོག > གཞི་རིམ་ཏང་འཛུགས། > གཞི་རིམ་རྩ་འཛུགས་འཛུགས་སྐྲུན།

ཁུལ་ཡོངས་ཀྱི་གཙོ་གནད་བྱ་བའི་ཡུལ་དངོས་ལྟ་སྦྱོང་བྱ་འགུལ་སྤེལ་བ།

 ཟླ 10བའི་ཚེས 24ཉིན་ལ། ཁུལ་ཡོངས་ཀྱི་གཙོ་གནད་བྱ་བའི་ཡུལ་དངོས་ལྟ་སྦྱོང་བྱ་འགུལ་སྤེལ་འགོ་ཚུགས་ཤིང་། བྱ་འགུལ་གྱིས་ཁུལ་ཡོངས་ཀྱི་གཙོ་གནད་བྱ་བའི་འཕེལ་རིམ་ལ་གཅིག་སྡུད་ཀྱིས་གཟིགས་ཞིབ་བྱས།ཉམས་མྱོང་ཕྱོགས་སྡོམ་དང་བློ་སྒོ་འབྱེད་པ།མཐོང་རྒྱ་ཇེ་ཆེར་གཏོང་བ་དང་ཕན་ཚུན་སློབ་སྦྱོང་དང་སྐུལ་འདེད་བཏང་ནས་ད་ལོའི་གཙོ་གནད་བྱ་བའི་ལས་འགན་དོན་འཁྱོལ་བྱ་རྒྱུར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་ཞིང་ནན་ཏན་སྒོས་སང་ལོའི་གཙོ་གནད་བྱ་བའི་རིག་ལམ་དང་བྱེད་ཐབས་ཇུས་འགོད་བྱས།

ཞིང་ཆེན་དམངས་ཆེན་རྒྱུན་ཨུ་ཁང་གི་ཀྲུའུ་རེན་གཞོན་པའམ་ཁུལ་ཨུའི་ཧྲུའུ་ཅི་ཡུས་ཁྲིན་ཧུའེ་དང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲའོ་ལིན་ཡུན།ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དམངས་ཆེན་རྒྱུན་ཨུ་ཁང་གི་ཏང་ཙུའུ་ཡི་ཧྲུའུ་ཅི་བཀྲ་ཤིས་འཚོ།ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་ཞུས་ཆང་།ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་ཧོ་མོའུ་པའོ་བཅས་བྱ་འགུལ་དུ་ཞུགས།

ཡུས་ཁྲིན་ཧུའེ་འཁོར་དང་བཅས་པས་འགྲོ་ཞོར་ལྟ་ཞོར་བྱས་པ་དང་།སྔ་རྗེས་སུ་བསང་ཆུ་རྫོང་ཆུ་སྔོན་ཤང་ཤིང་སྒོ་སྡེ་བ་དང་བསང་ཁོག་གྲོང་རྡལ་བསང་ཁོག་སྡེ་བ་གསར་བ།ཀླུ་ཆུ་རྫོང་མ་ངེ་གྲོང་རྡལ།རྨ་ཆུ་རྫོང་རྨ་ཁུག་རྟ་ར།དབལ་བན་ཚང་གྲོང་རྡལ་པོ་ཏི་སྡེ་བ་བཅས་སུ་སོང་ནས་ཡུལ་སྐོར་གྱི་ཚད་ཤིང་སྡེ་བ་འཛུགས་སྐྲུན་དང་གྲོང་ཁྱེར་སྒྱུར་བཀོད་རིམ་སྤོར་བྱས་ ཚུལ་ལ་གཟིགས་ཞིབ་བྱས་པ་དང་། ཡུལ་སྐོར་ཐོན་ལས་འཕེལ་རྒྱས་དང་ལས་གཞིའི་འཕེལ་རིམ་གནས་ཚུལ་རྒྱུས་ལོན་བྱས།

ད་ལོ་ནས་བཟུང་། ཤིང་སྒོ་སྡེ་བས་ཉི་འོད་ལུང་ཤུར་གྱི་མཛེས་སྡུག་ལྡན་པའི་རང་བྱུང་མཛེས་ལྗོངས་ལ་བརྟེན་ནས། རིག་གནས་ཡུལ་སྐོར་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་རྒྱུན་མི་ཆད་པར་འཐུས་སྒོ་ཇེ་ཚང་དུ་བཏང་ཡོད་ལ།རྨང་གཞིའི་སྒྲིག་བཀོད་ཇེ་ལེགས་སུ་ཕྱིན་པ་དང་ཡུལ་སྐོར་གྱི་ཚད་ཤིང་སྡེ་བའི་འཛུགས་སྐྲུན་ལས་མང་ཚོགས་ལ་སྐྱེ་ཁམས་ཡུལ་སྐོར་གྱི་ཡོང་འབབ་བྱུང་ཡོད།

ཡུས་ཁྲིན་ཧུའེ་ཡིས་རིག་གནས་ཡུལ་སྐོར་གྱི་ཚད་གཞི་སྡེ་བའི་འཛུགས་སྐྲུན་གནས་ཚུལ་རྒྱུས་ལོན་བྱས་པ་དང་།སྡེ་མི་ཀུན་དགའ་ཚེ་རིང་གི་ཁྱིམ་དུ་ཁོ་ཚང་གི་སྤྲོ་སྐྱིད་མགྲོན་ཁང་གིས་ནད་ཡམས་ཀྱི་རྗེས་སུ་ཡོང་འབབ་སྒོར་ཁྲི2ལྷག་ཡོད་པ་དང་།ཤིང་སྒོ་སྡེ་བ་ནི་ནང་ལོག་ས་ཁུལ་ནས་ཀན་ལྷོའི་བྱང་སྒོ་དང་།ས་སེར་མཐོ་སྒང་ནས་མཚོ་བོད་མཐོ་སྒང་བར་བརྒལ་བྱེད་པའི་སྡེ་བ་དང་པོ་ཡིན་པས་སྐྱེ་ཁམས་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡོད་ལ།ས་ཁམས་གནས་བབ་ལེགས་པ་དང་ཡུལ་སྐོར་འཕེལ་རྒྱས་ཀྱི་མདུན་ལྗོངས་རྒྱ་ཆེན་པོ་ཡོད། ལིན་ཞ་དང་ལན་ཀྲོའུ་ཡི་ཡུལ་སྐོར་ཚོང་རར་བརྟེན་ནས། བོད་ཀྱི་རིག་གནས་ཕྱོགས་བསྡུས་རང་བཞིན་གྱི་སྐྱེ་ཁམས་ཡུལ་སྐོར་སྤྲོ་གསེང་ཁུལ་གཏིང་ཟབ་ཏུ་གཏོད་དགོས་ཤིང་།མང་ཚོགས་ལ་རྒྱུན་མཐུད་ངང་འབབ་འཕར་ཡོང་རྒྱུར་རྨང་གཞི་བརྟན་པོ་འདིང་དགོས་ཞེས་བཤད།

ལྟ་སྦྱོང་ཚོགས་པས་རང་ཁུལ་གྱི་རྫོང་དང་གྲོང་ཁྱེར་སོ་སོའི་ད་ལོའི་གཙོ་གནད་བྱ་བར་སྐུལ་འདེད་གཏོང་བའི་གནས་ཚུལ་ལ་ལྟ་སྦྱོང་དང་སློབ་སྦྱོང་བྱ་རྒྱུ་རེད།

ཁུལ་གྱི་ཚན་ཁག་ཆེན་པོ་བཞིའི་ལས་ཁུངས་སུ་ཡོད་པའི་ས་གནས་རིམ་པ་གཞོན་པ་ཡན་གྱི་འགོ་ཁྲིད་པ་དང་རྫོང་དང་གྲོང་ཁྱེར་སོ་སོའི་ཏང་སྲིད་ཀྱི་འགོ་ཁྲིད་པ་གཙོ་བོ། ཤང་དང་གྲོང་རྡལ(སྲང་ལམ)གི་ཏང་ཨུའི་ཧྲུའུ་ཅི་དང་། ཤང་དང་གྲོང་རྡལ་གྱི་འགོ་གཙོ།རིག་གནས་ཡུལ་སྐོར་གྱི་ཚད་ཤིང་སྡེ་བ་དང་ཁུངས་ཡོངས་ཡུལ་སྐོར་ཆེད་ལས་སྡེ་བའི་ཀྲི་པུའུ་ཡི་ཧྲུའུ་ཅིའམ་སྡེ་བའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་བཅས་མི 300ལྷག་ལྟ་སྦྱོང་ནང་ཞུགས།

©༢༠༡༧ཀན་ལྷོའི་ཏང་གི་འཛུགས་སྐྲུན་དྲ་བ། ཀྲུང་གུང་ཀན་ལྷོ་ཁུལ་ཨུའི་རྩ་འཛུགས་པུའུ་ཡིས་གཙོ་སྒྲུབ་བྱས་པས་པར་དབང་འདི་གར་དབང་།

སྡོད་གནས། ཀན་ལྷོ་ཁུལ་ཨུའི་གཅིག་གྱུར་གཞུང་ལས་ཐོག་ཁང་གི་དྲུག་ཐོག ཁ་པར། ༠༩༤༡--༨༢༢༢༡༥༩ སྦྲག་ཨང་། ༧༤༧༠༠༠

དྲ་ངོས་རྡེབ་ཚད།མི་ཐེངས། དྲ་ངོས་སྒྲིག་བཟོ། ཧུང་ཏེན་དྲ་རྒྱ།

甘公网安备 62300102000044号