今天是:

རང་ངོས་ཏང་འཛུགས།

རང་ངོས་ཏང་འཛུགས།

མདུན་ཤོག > རང་ངོས་ཏང་འཛུགས། > རང་ངོས་ཏང་འཛུགས།

ཀྲུང་གོའི་གུང་ཁྲན་ཏང་གིས་ཏང་ཡོན་འཕེལ་རྒྱས་གཏོང་རྒྱུའི་ལས་དོན་གྱི་སྒྲིག་སྲོལ་ཞིབ་ཕྲ།

    ལེའུ་དང་པོ། སྤྱིའི་དོན་ཚན།   
    དོན་ཚན་དང་པོ།ཏང་ཡོན་འཕེལ་རྒྱས་གཏོང་བའི་ལས་ཀ་ཚད་ལྡན་དུ་གཏོང་བ་དང་།འཕེལ་རྒྱས་གསར་པ་བྱུང་བའི་ཏང་ཡོན་གྱི་སྤུས་ཚད་འགན་ལེན་བྱེད་པ།ཏང་གི་སྔོན་ཐོན་རང་བཞིན་དང་དྭངས་གཙང་རང་བཞིན་རྒྱུན་འཛིན་བྱེད་པར་《ཀྲུང་གོའི་གུང་ཁྲན་ཏང་གི་སྒྲིག་ཡིག་》དང་ཏང་ནང་གི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་། སྒྲིག་སྲོལ་ཞིབ་ཕྲ་འདི་བཟོས་པ་ཡིན།
    དོན་ཚན་གཉིས་པ། ཏང་གི་གཞི་རིམ་རྩ་འཛུགས་ཀྱིས་མར་ཁེ་སིའི་རིང་ལུགས་ཀྱི་དད་མོས། གུང་ཁྲན་རིང་ལུགས་ཀྱི་གོ་རྟོགས།ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དད་སེམས་བཅས་ལྡན་པ།སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་རང་རྟོགས་ངང་ལག་ལེན་བསྟར་བའི་སྔོན་ཐོན་པ་ཏང་ནང་ཞུགས་པ་དེ་རྒྱུན་གཏན་རང་བཞིན་གྱི་ལས་དོན་གལ་ཆེན་ཞིག་ཏུ་བརྩི་དགོས།
    དོན་ཚན་གསུམ་པ།ཏང་ཡོན་འཕེལ་རྒྱས་གཏོང་རྒྱུའི་ལས་ཀའི་ཐད་ཏང་གི་གཞི་རྩའི་རིགས་པའི་གཞུང་ལུགས་དང་། གཞི་རྩའི་ལམ་ཕྱོགས། གཞི་རྩའི་རྩ་འཛིན། གཞི་རྩའི་ཉམས་མྱོང་། གཞི་རྩའི་བླང་བྱ་བཅས་ལག་བསྟར་བྱས། བསྡོམས་འབོར་ཚོད་འཛིན་དང་། གྲུབ་ཚུལ་ལེགས་འགྱུར། སྤུས་ཚད་མཐོར་གཏོང་། ནུས་པ་འདོན་སྤེལ་བཅས་ཀྱི་སྤྱིའི་བླང་བྱ་ལྟར། ཏང་གི་སྒྲིག་ཡིག་ནང་གཏན་འབེབས་བྱས་པའི་ཏང་ཡོན་གྱི་ཚད་གཞི་མཐའ་འཁྱོངས་བྱས་ནས་ཆབ་སྲིད་ཀྱི་ཚད་གཞི་ཐོག་མཐའ་བར་གསུམ་དུ་ཨང་དང་པོར་འཇོག་པ།གཟབ་ནན་གྱིས་གོང་འཕེལ་གཏོང་རྒྱུ་དང་དོ་མཉམ་ངང་གོང་འཕེལ་གཏོང་རྒྱུ་རྒྱུན་འཁྱོངས་བྱས་ཏེ་འགོ་ཁྲིད་ཡོད་པ་དང་འཆར་གཞི་ཡོད་པའི་སྒོ་ནས་སྤེལ་དགོས་པ།ཏང་ནང་དུ་ཞུགས་རྒྱུའི་རང་མོས་ཀྱི་རྩ་དོན་དང་མི་རེ་ཟུང་བསྡུ་ལེན་བྱེད་པའི་རྩ་དོན་མཐའ་འཁྱོངས་བྱས་ནས་ཆ་རྐྱེན་འཛོམས་ན་གཅིག་འཕེལ་རྒྱས་གཏོང་དགོས། འཕྲལ་དུ་འཕེལ་རྒྱས་བཏང་མི་ཆོག་པ་དང་། “སྒོ་རྒྱག་རིང་ལུགས་”ལ་ངོ་རྒོལ་བྱ་དགོས།
     ལེའུ་གཉིས་པ། ཏང་ཞུགས་ཧུར་བརྩོན་ཅན་གཏན་ཁེལ་གསོ་སྐྱོང་དང་དེར་སློབ་གསོ་གཏོང་རྒྱུའི་སྐོར།
     དོན་ཚན་བཞི་པ།ཏང་གི་རྩ་འཛུགས་ཀྱིས་ཏང་གི་ཆབ་སྲིད་ཀྱི་འདོད་ཚུལ་དྲིལ་བསྒྲགས་དང་བསམ་བློ་དང་ཆབ་སྲིད་ཀྱི་ལས་ཀ་ཞིབ་ཚགས་གཏིང་ཟབ་བྱེད་པར་བརྟེན།ཏང་ཕྱིའི་མང་ཚོགས་ཀྱིས་ཏང་ལ་འཛིན་པའི་ངོས་འཛིན་མཐོ་རུ་བཏང་ནས་ཏང་ཞུགས་ཧུར་བརྩོན་ཅན་གྱི་དཔུང་ཁག་རྒྱུན་ཆད་མེད་པར་རྒྱ་ཆེར་བཏང་།
     དོན་ཚན་ལྔ་པ། ལོ་ན་བཅོ་བརྒྱད་ལོན་པའི་ཀྲུང་གོའི་བཟོ་པ་དང་། ཞིང་པ། དམག་མི། ཤེས་ཡོན་ཅན། སྤྱི་ཚོགས་ཀྱི་རིམ་གྲས་གཞན་དག་ཁྲོད་ཀྱི་སྔོན་ཐོན་པ་བཅས་ཀྱིས་ཏང་གི་རྩ་འཛིན་དང་སྒྲིག་ཡིག་ཁས་ལེན།ཏང་གི་རྩ་འཛུགས་ཤིག་གི་ནང་ལ་ཞུགས་པ་དང་འབྲེལ་དེའི་ནང་དུ་ཧུར་བརྩོན་གྱིས་ལས་ཀ་བྱེད་པ་དང་། ཏང་གི་གྲོས་ཆོད་ལག་ལེན་བྱེད་པ། ཏང་གི་གྲོན་དངུལ་དུས་ཐོག་ཏུ་འབུལ་བ་བཅས་བྱེད་འདོད་ཡོད་མཁན་ཞིག་ཡིན་ན།ཀྲུང་གོའི་གུང་ཁྲན་ཏང་གི་ནང་དུ་ཞུགས་རྒྱུའི་རེ་འདུན་ཞུ་ཡིག་ཕུལ་ཆོག
     དོན་ཚན་དྲུག་པ།ཏང་ནང་ཞུགས་རྒྱུའི་ཞུ་ཡིག་འབུལ་མཁན་གྱིས་ལས་ཀ་དང་སློབ་སྦྱོང་བྱེད་སའི་སྡེ་ཚན་གྱི་ཏང་རྩ་འཛུགས་ལ་ཏང་ནང་ཞུགས་རྒྱུའི་ཞུ་ཡིག་འབུལ་དགོས།ལས་ཀ་དང་སློབ་སྦྱོང་བྱེད་མཁན་སྡེ་ཚན་ནམ་ཡང་ན་ལས་ཀ་དང་སློབ་སྦྱོང་བྱེད་མཁན་སྡེ་ཚན་ལ་ཏང་རྩ་འཛུགས་བཙུགས་མེད་ན།སྡོད་སའི་ཏང་རྩ་འཛུགས་ལ་ཏང་ནང་ཞུགས་རྒྱུའི་ཞུ་ཡིག་འབུལ་དགོས། སྐོར་སྐྱོད་མི་སྣས་སྡེ་ཚན་གནས་སའི་ཏང་རྩ་འཛུགས་སམ་སྡེ་ཚན་གཙོ་སྐྱོང་སྡེ་ཁག་གི་ཏང་རྩ་འཛུགས་ལའང་ཏང་ནང་ཞུགས་རྒྱུའི་ཞུ་ཡིག་ཕུལ་ཆོག 
     སྐོར་སྐྱོད་ཏང་ཡོན་གྱི་ཏང་རྩ་འཛུགས་ལ་ཏང་ནང་ཞུགས་རྒྱུའི་ཞུ་ཡིག་ཕུལ་ཡང་ཆོག
     དོན་ཚན་བདུན་པ། ཏང་ནང་ཞུགས་རྒྱུའི་ཞུ་ཡིག་འབྱོར་རྗེས། ཟླ་བ་གཅིག་གི་ནང་ཚུན་མི་བཏང་ནས་ཏང་ནང་དུ་ཞུགས་རྒྱུའི་རེ་འདུན་ཞུ་མཁན་དང་གླེང་མོལ་བྱས་ནས་གཞི་རྩའི་གནས་ཚུལ་ཤེས་རྟོགས་བྱ་དགོས།
     དོན་ཚན་བརྒྱད་པ། ཏང་ནང་ཞུགས་རྒྱུའི་ཞུ་ཡིག་འབུལ་མཁན་ཁྲོད་ནས་ཏང་ཞུགས་ཧུར་བརྩོན་ཅན་གཏན་འཁེལ་བྱེད་སྐབས།ཏང་ཡོན་གྱིས་འོས་སྦྱོར་བྱེད་པ་དང་།མང་ཚོགས་ཚོགས་པའི་རྩ་འཛུགས་ཀྱིས་ཕུལ་བྱུང་ཅན་འོས་སྦྱོར་བྱེད་པ་སོགས་ཀྱི་ཐབས་ལ་བརྟེན་ནས་འོས་མི་ཐོན་དགོས་པ་དང་།ཀྲི་པུའུ་ཨུ་ཡོན་ལྷན་ཁང་(ཀྲི་པུའུ་ཨུ་ཡོན་ལྷན་ཁང་བཙུགས་མེད་ན་ཀྲི་པུའུ་ཚོགས་ཆེན་ནས། གཤམ་དུ་འདི་དང་མཚུངས་)ཞིབ་འཇུག་གིས་ཐག་གཅོད་རྒྱུ་མ་ཟད། གོང་རིམ་ཏང་ཨུད་ལ་ཐོ་འགོད་སྙན་སེང་ཡང་ཞུ་དགོས།
     དོན་ཚན་དགུ་པ། ཏང་རྩ་འཛུགས་ཀྱིས་ཏང་ཡོན་ངོ་མ་གཅིག་ནས་གཉིས་བར་དམིགས་འཛུགས་བྱས་ནས་ཏང་ཞུགས་ཧུར་བརྩོན་ཅན་གསོ་སྐྱོང་འབྲེལ་གཏུག་བྱེད་མཁན་བྱེད་དུ་འཇུག་དགོས།གསོ་སྐྱོང་འབྲེལ་གཏུག་བྱེད་མཁན་གྱི་ལས་འགན་གཙོ་བོ་གཤམ་གསལ།
     (གཅིག)ཏང་ཞུགས་ཧུར་བརྩོན་ཅན་ལ་ཏང་གི་གཞི་རྩའི་ཤེས་བྱ་ངོ་སྤྲོད་བྱ་རྒྱུ་དང་།
     (གཉིས། )ཏང་ཞུགས་ཧུར་བརྩོན་ཅན་གྱི་ཆབ་སྲིད་ཀྱི་གོ་རྟོགས་དང་། ཀུན་སྤྱོད་ཀྱི་རྒྱུ་གཤིས། མཚོན་ཚུལ་དངོས། ཁྱིམ་ཚང་གི་གནས་ཚུལ་སོགས་ཤེས་རྟོགས་བྱས།གསོ་སྐྱོང་དང་སློབ་གསོའི་ལས་ཀ་ལེགས་པར་བསྒྲུབས་ནས་ཏང་ཞུགས་ཧུར་བརྩོན་ཅན་ལ་ཏང་ཞུགས་ཀུན་སློང་ཡང་དག་འཛིན་དགོས་པའི་ཁྲིད་སྟོན་བྱ་དགོས།
     (གསུམ། )ཏང་ཀྲི་པུའུ་ལ་ཏང་ཞུགས་ཧུར་བརྩོན་ཅན་གྱི་གནས་ཚུལ་དུས་ཐོག་ཏུ་སྙན་སེང་ཞུ་རྒྱུ།
     (བཞི། )ཏང་ཀྲི་པུའུ་ལ་ཏང་ཞུགས་ཧུར་བརྩོན་ཅན་དེ་འཕེལ་རྒྱས་གཏོང་བྱར་འཇོག་འོས་མིན་གྱི་བསམ་འཆར་འདོན་རྒྱུ། དོན་ཚན་བཅུ་པ།ཏང་རྩ་འཛུགས་ཀྱིས་ཏང་ཞུགས་ཧུར་བརྩོན་ཅན་ཏང་གི་སློབ་ཚན་ཉན་པ་དང་ཏང་ནང་གི་འབྲེལ་ཡོད་བྱེད་སྒོར་ཞུགས་པར་བསྡུ་ལེན་བྱ་དགོས།ཁོ་ཚོར་སྤྱི་ཚོགས་ཀྱི་ལས་ཀ་ངེས་ཅན་ཞིག་བགོ་རྒྱུ་དང་དེ་བཞིན་གཅིག་སྡུད་ཀྱིས་གསོ་སྐྱོང་སྦྱོང་བརྡར་བྱ་རྒྱུ་སོགས་ཀྱི་ཐབས་ཤེས་སྤྱོད་དགོས།ཏང་ནང་ཞུགས་མཁན་ཧུར་བརྩོན་ཅན་རྣམས་ལ་མར་ཁེ་སི་ལེ་ཉིན་རིང་ལུགས་དང་།མའོ་ཙེ་ཏུང་གི་དགོངས་པ།ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རིགས་པའི་གཞུང་ ལུགས་མ་ལག་བཅས་སྐོར་གྱི་སློབ་གསོ་དང་།ཏང་གི་ལམ་ཕྱོགས་དང་།བྱེད་ཕྱོགས།སྲིད་ཇུས།ཏང་གི་གཞི་རྩའི་ཤེས་བྱའི་སྐོར་གྱི་སློབ་གསོ།ཏང་གི་ལོ་རྒྱུས་དང་སྲོལ་རྒྱུན་བཟང་པོ།སྤྱོད་ཚུལ་བཅས་ཀྱི་སློབ་གསོ་དང་དེ་བཞིན་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བའི་སློབ་གསོ།ཁོ་ཚོར་ཏང་གི་ངོ་བོ་དང་།རྩ་འཛིན།དམིགས་ཡུལ།རྩ་འཛུགས་ཀྱི་རྩ་དོན།སྒྲིག་ཁྲིམས་བཅས་ཤེས་སུ་འཇུག་དགོས་པ་དང་།ཏང་ཡོན་གྱི་འོས་འགན་དང་ཁེ་དབང་ཤེས་སུ་འཇུག་དགོས།ཁོང་ཚོར་ཏང་ནང་དུ་ཞུགས་རྒྱུའི་ཀུན་སློང་ཡང་དག་འཛིན་རོགས་བྱས་ནས་གུང་ཁྲན་རིང་ལུགས་ཀྱི་བྱ་གཞག་གི་ཆེད་དུ་ཚེ་གང་འབད་འཐབ་བྱ་རྒྱུའི་དད་སེམས་བརྟན་པོ་འཛུགས་དགོས།
     དོན་ཚན་བཅུ་གཅིག་པ། ཏང་ཀྲི་པུའུ་ཡིས་ལོ་ཕྱེད་རེའི་ནང་ཏང་ཞུགས་ཧུར་བརྩོན་ཅན་ལ་རྟོག་ཞིབ་ཐེངས་རེ་བྱ་རྒྱུ། གཞི་རིམ་ཏང་ཨུད་ཀྱིས་ལོ་རེར་ཏང་ཞུགས་ཧུར་བརྩོན་ཅན་གྱི་དཔུང་ཁག་གི་གནས་ཚུལ་ལ་དབྱེ་ཞིབ་ཐེངས་རེ་བྱ་དགོས། ལྷག་པའི་གནད་དོན་ལ་དམིགས་ནས་ལེགས་བཅོས་བྱེད་ཐབས་སྤྱོད་དགོས།
     དོན་ཚན་བཅུ་གཉིས་པ།ཏང་ཞུགས་ཧུར་བརྩོན་ཅན་གྱི་ལས་ཀ་དང་སློབ་སྦྱོང་བྱེད་སའི་སྡེ་ཚན་(སྡོད་ས་)ལ་འགྱུར་བ་ བྱུང་ན་ཐོག་མའི་སྡེ་ཚན་(སྡོད་ས་)གྱི་ཏང་གི་རྩ་འཛུགས་ལ་དུས་ཐོག་ཏུ་སྙན་སེང་ཞུ་དགོས།ཐོག་མའི་སྡེ་ཚན་(སྡོད་ས་)གྱི་ཏང་གི་རྩ་འཛུགས་ཀྱིས་དུས་ཐོག་ཏུ་གསོ་སྐྱོང་དང་སློབ་གསོ་སོགས་འབྲེལ་ཡོད་དཔྱད་ཡིག་ད་ལྟའི་སྡེ་ཚན་(སྡོད་ས་)གྱི་ཏང་གི་རྩ་འཛུགས་ལ་བརྒྱུད་སྤྲོད་བྱ་དགོས།ད་ལྟའི་སྡེ་ཚན་(སྡོད་ས་)གྱི་ཏང་རྩ་འཛུགས་ཀྱིས་འབྲེལ་ཡོད་དཔྱད་ཡིག་ལ་ཞིབ་བཤེར་ནན་ཏན་བྱ་དགོས་པ་མ་ཟད།གསོ་སྐྱོང་དང་སློབ་གསོའི་ལས་ཀ་མུ་མཐུད་ཡག་པོ་བསྒྲུབ་དགོས།གསོ་སྐྱོང་དང་སློབ་གསོའི་དུས་ཚོད་བསྟུད་མར་བརྩི་ཆོག
     ལེའུ་གསུམ་པ། འཕེལ་རྒྱས་གཏོང་བྱའི་སྐྱེ་བོ་གཏན་ཁེལ་དང་དེར་རྟོག་ཞིབ་བྱ་རྒྱུའི་སྐོར། 
     དོན་ཚན་བཅུ་གསུམ་པ།ལོ་གཅིག་ཡན་གསོ་སྐྱོང་སློབ་གསོ་དང་རྟོག་ཞིབ་བྱས་པ་བརྒྱུད་ཏང་ཡོན་གྱི་ཆ་རྐྱེན་གཞི་རྩའི་ཆ་ནས་འཛོམས་པའི་ཏང་ཞུགས་ཧུར་བརྩོན་ཅན་ལ་ཏང་གི་ཚོ་ཆུང་དང་། གསོ་སྐྱོང་འབྲེལ་གཏུག་བྱེད་མཁན།ཏང་ཡོན། མང་ཚོགས་བཅས་ཀྱི་བསམ་འཆར་ཉན་འཇོག་བྱས་པའི་རྨང་གཞིའི་ཐོག་ཀྲི་པུའུ་ཨུ་ཡོན་ལྷན་ཁང་གིས་གྲོས་བསྡུར་བྱས་ནས་འཐད་པ་བྱུང་བ་མ་ཟད་གོང་རིམ་ཏང་ཨུད་ལ་ཐོ་འགོད་སྙན་སེང་ཞུས་རྗེས། འཕེལ་རྒྱས་གཏོང་བྱའི་ཁོངས་སུ་བཞག་ཆོག 
     དོན་ཚན་བཅུ་བཞི་པ།འཕེལ་རྒྱས་གཏོང་བྱའི་སྐྱེ་བོར་ཏང་ནང་དུ་ཞུགས་པའི་ངོ་སྤྲོད་བྱེད་མཁན་དངོས་གཞིའི་ཏང་ཡོན་གཉིས་ཡོད་དགོས།ཏང་ནང་དུ་ཞུགས་པའི་ངོ་སྤྲོད་མཁན་ནི་སྤྱིར་བཏང་དུ་གསོ་སྐྱོང་འབྲེལ་གཏུག་བྱེད་མཁན་གྱིས་འགན་འཁུར་དགོས་ལ།ཏང་རྩ་འཛུགས་ཀྱིས་དམིགས་འཛུགས་བྱས་ཀྱང་ཆོགཏང་ནང་བཞག་ནས་ལྟ་ཞིབ་བྱེད་པའི་ཆད་པ་ཕོག་པ་དང་ཏང་ཡོན་གྱི་ཁེ་དབང་སླར་གསོ་བྱས་མེད་པའི་ཏང་ཡོན་ཏང་ནང་དུ་ཞུགས་པའི་ངོ་སྤྲོད་པ་བྱེད་མི་རུང་།
     དོན་ཚན་བཅོ་ལྔ་པ། ཏང་ཞུགས་ངོ་སྤྲོད་པའི་ལས་འགན་གཙོ་བོ་ནི།
    (གཅིག)འཕེལ་རྒྱས་གཏོང་བྱའི་སྐྱེ་བོར་ཏང་གི་རྩ་འཛིན་དང་སྒྲིག་ཡིག་འགྲེལ་བཤད་རྒྱག་རྒྱུ་དང་། ཏང་ཡོན་གྱི་ཆ་རྐྱེན་དང་། འོས་འགན། ཁེ་དབང་བཅས་གསལ་བཤད་བྱ་རྒྱུ་དང་།
    (གཉིས། )འཕེལ་རྒྱས་གཏོང་བྱའི་སྐྱེ་བོའི་ཏང་ཞུགས་ཀུན་སློང་དང་། ཆབ་སྲིད་ཀྱི་གོ་རྟོགས། ཀུན་སྤྱོད་ཀྱི་རྒྱུ་གཤིས། ལས་ཀའི་ལོ་རྒྱུས། མཚོན་ཚུལ་དངོས་སོགས་ཀྱི་གནས་ཚུལ། ཇི་མ་ཇི་བཞིན་ཏང་གི་རྩ་འཛུགས་ལ་སྙན་སེང་ཞུ་དགོས།
    (གསུམ། )འཕེལ་རྒྱས་གཏོང་བྱའི་སྐྱེ་བོར་《ཀྲུང་གོའི་གུང་ཁྲན་ཏང་ནང་ཞུགས་རྒྱུའི་རེ་འདུན་ཞུ་ཡིག་》འབྲི་བར་ཁྲིད་སྟོན་བྱ་རྒྱུ་དང་འབྲེལ་རང་ཉིད་ཀྱི་བསམ་འཆར་ཡང་ནན་ཏན་གྱིས་འབྲི་རྒྱུ།
    (བཞི། )ཀྲི་པུའུ་ཚོགས་ཆེན་ལ་འགན་འཁུར་བའི་སྒོ་ནས་འཕེལ་རྒྱས་གཏོང་བྱའི་སྐྱེ་བོའི་གནས་ཚུལ་ངོ་སྤྲོད་བྱ་རྒྱུ། 
    (ལྔ། )འཕེལ་རྒྱས་གཏོང་བྱའི་སྐྱེ་བོ་གྲ་སྒྲིག་ཏང་ཡོན་ཡིན་པར་ཆོག་མཆན་བཀོད་རྗེས་དེར་མུ་མཐུད་ནས་སློབ་གསོ་དང་རོགས་རམ་བྱ་རྒྱུ། 
     དོན་ཚན་བཅུ་དྲུག་པ།ཏང་གི་རྩ་འཛུགས་ཀྱིས་ངེས་པར་དུ་འཕེལ་རྒྱས་གཏོང་བྱའི་སྐྱེ་བོར་ཆབ་སྲིད་ཐོག་ནས་ཞིབ་བཤེར་བྱ་དགོས།ཆབ་སྲིད་ཞིབ་བཤེར་གྱི་ནང་དོན་གཙོ་བོ་ནི།ཏང་གི་རིགས་པའི་གཞུང་ལུགས་དང་ལམ་ཕྱོགས།བྱེད་ཕྱོགས། སྲིད་ཇུས་བཅས་ལ་འཛིན་པའི་རྣམ་འགྱུར་དང་།ཆབ་སྲིད་ཀྱི་ལོ་རྒྱུས་དང་ཆབ་སྲིད་ཀྱི་འཐབ་རྩོད་གལ་ཆེན་ནང་གི་མཚོན་ཚུལ།སྒྲིག་བརྩི་ཁྲིམས་སྲུང་དང་སྤྱི་ཚོགས་ཀྱི་ཀུན་སྤྱོད་ལ་བརྩི་སྲུང་བྱེད་པའི་གནས་ཚུལ།ཐད་ཀའི་གཉེན་ཚན་དང་རང་ཉིད་དང་འབྲེལ་བ་དམ་ཟབ་ཡོད་པའི་སྤྱི་ཚོགས་ཀྱི་འབྲེལ་བ་གཙོ་བོའི་ཆབ་སྲིད་གནས་ཚུལ།ཆབ་སྲིད་ཐོག་ཞིབ་བཤེར་བྱེད་པའི་གཞི་རྩའི་བྱེད་ཐབས་ནི།རང་ཉིད་དང་གླེང་མོལ་བྱེད་པ་དང་།འབྲེལ་ཡོད་ཀྱི་ཡིག་ཚགས་དཔྱད་གཞི་ཀློག་བཤེར་བྱེད་པ།འབྲེལ་ཡོད་སྡེ་ཚན་དང་མི་སྣ་བཙལ་ནས་གནས་ཚུལ་ཤེས་རྟོགས་བྱེད་པ།དེ་བཞིན་དགོས་ངེས་ཀྱི་ཡིག་སྤྲིངས་བརྟག་དཔྱད་དམ་ཡང་ན་ཕྱིར་བརྟག་དཔྱད་བྱེད་པ།རང་ཉིད་ཀྱི་ངོ་སྤྲོད་ལ་ཉན་པ་དང་འབྲེལ་ཡོད་དཔྱད་གཞི་ཀློག་བཤེར་བྱས་རྗེས་གནས་ཚུལ་གསལ་པོ་ཡོད་ཚེ་ཡིག་ཐོག་ནས་བརྟག་དཔྱད་བྱེད་པའམ་ཡང་ན་བརྟག་དཔྱད་བྱེད་དགོས།སྐོར་སྐྱོད་མི་སྣའི་ཁྲོད་ཀྱི་འཕེལ་རྒྱས་གཏོང་བྱའི་སྐྱེ་བོར་ཆབ་སྲིད་ཐོག་ནས་ཞིབ་བཤེར་བྱེད་སྐབས་དེའི་ཐེམ་ཐོ་གནས་ས་དང་སྡོད་སའི་གཞི་རིམ་ཏང་རྩ་འཛུགས་ཀྱི་བསམ་འཆར་ཡང་བསྡུ་ལེན་བྱ་དགོས།ཆབ་སྲིད་ཞིབ་བཤེར་བྱེད་སྐབས་ངེས་པར་དུ་སྒམ་བརླིང་ནན་ཏན་དང་དངོས་ཐོག་བདེན་འཚོལ་བྱེད་དགོས་པ་དང་།རང་ཉིད་ཀྱི་ནམ་རྒྱུན་གྱི་སྤྱོད་ཚུལ་ལ་དོ་སྣང་བྱེད་དགོས།ཞིབ་བཤེར་བྱས་ཚུལ་ལ་མཇུག་བསྡོམས་རང་བཞིན་གྱི་དཔྱད་ཡིག་བཟོ་དགོས། ཆབ་སྲིད་ཐོག་ཞིབ་བཤེར་བྱས་མེད་པའམ་ཆབ་སྲིད་ཐོག་ཞིབ་བཤེར་བྱས་ནས་ཚད་མ་ལོངས་པ་ཡིན་ཕྱིན་ཏང་ནང་བསྡུ་ལེན་བྱས་མི་ཆོག
     དོན་ཚན་བཅུ་བདུན་པ།གཞི་རིམ་ཏང་ཨུའམ་ཡང་ན་རྫོང་རིམ་པའི་ཏང་ཨུད་ཀྱི་རྩ་འཛུགས་སྡེ་ཁག་གིས་འཕེལ་རྒྱས་གཏོང་བྱའི་སྐྱེ་བོར་དུས་ཐུང་གཅིག་བསྡུས་ཀྱིས་གསོ་སྐྱོང་སྦྱོང་བརྡར་བྱ་དགོས།གསོ་སྐྱོང་སྦྱོང་བརྡར་བྱེད་ཡུན་སྤྱིར་ན་ཉིན་གསུམ་ལས་མི་ཉུང་བ་(ཡང་ན་སློབ་ཡུན་ཆུ་ཚོད་ཉི་ཤུ་རྩ་བཞི་ལས་མི་ཉུང་བ་)བྱ་དགོས།གསོ་སྐྱོང་སྦྱོང་བརྡར་བྱེད་སྐབས་གཙོ་བོ་ཏང་གི་སྒྲིག་ཡིག་དང་《ཏང་ནང་གི་ཆབ་སྲིད་འཚོ་བའི་སྐོར་གྱི་ཚད་གཞི་འགའ་ཞིག་》སོགས་ཡིག་ཆ་སློབ་སྦྱོང་བྱ་དགོས། ཀྲུང་དབྱང་རྩ་འཛུགས་པུའུ་ཡིས་སྒྲིག་འཛུགས་བྱས་ནས་རྩོམ་སྒྲིག་བྱས་པའི་《ཏང་ནང་དུ་ཞུགས་པའི་སློབ་དེབ་》དེ་སློབ་སྦྱོང་ཟུར་ཁྲིད་ཀྱི་ཡིག་ཆར་བརྩིས་ཆོག གསོ་སྐྱོང་སྦྱོང་བརྡར་བྱས་མེད་ན།དམིགས་བསལ་གྱི་གནས་ཚུལ་རེ་ཟུང་ཕུད།འཕེལ་རྒྱས་བཏང་ནས་ཏང་ནང་དུ་ཞུགས་མི་ཆོག
     ལེའུ་བཞི་པ། གྲ་སྒྲིག་ཏང་ཡོན་བསྡུ་ལེན་བྱ་རྒྱུའི་སྐོར། 
     དོན་ཚན་བཅོ་བརྒྱད་པ།གྲ་སྒྲིག་ཏང་ཡོན་བསྡུ་ལེན་བྱེད་སྐབས་ཏང་གི་སྒྲིག་ཡིག་ནང་གཏན་ལ་ཕབ་པའི་གོ་རིམ་ལྟར་ནན་ཏན་བསྒྲུབ་དགོས།
     དོན་ཚན་བཅུ་དགུ་པ། ཀྲི་པུའུ་ཨུ་ཡོན་ལྷན་ཁང་གིས་འཕེལ་རྒྱས་གཏོང་བྱའི་སྐྱེ་བོར་ཞིབ་བཤེར་ནན་པོ་བྱ་དགོས། ཐུན་མོང་ཐོག་གྲོས་བསྡུར་བྱས་ནས་ཚད་ལོན་འདུག་སྙམ་ན།ཞིབ་བཤེར་ཆོག་མཆན་འགོད་དབང་ཡོད་པའི་གཞི་རིམ་ཏང་ཨུད་ལ་གྲ་སྒྲིག་ཞིབ་བཤེར་བྱ་རྒྱུར་འབུལ་དགོས། གཞི་རིམ་ཏང་ཨུད་ཀྱིས་འཕེལ་རྒྱས་གཏོང་བྱའི་སྐྱེ་བོའི་ཆ་རྐྱེན་དང་གསོ་སྐྱོང་དང་སློབ་གསོ་སྤེལ་ཚུལ་སོགས་ལ་ ཞིབ་བཤེར་བྱས་ནས་དགོས་མཁོར་གཞིགས་ཏེ་སྒྲིག་ཁྲིམས་ལག་བསྟར་དང་ཁྲིམས་བསྟར་སོགས་འབྲེལ་ཡོད་སྡེ་ཁག་གི་བསམ་འཆར་ཉན་འཇོག་བྱ་དགོས། ཞིབ་བཤེར་བྱས་འབྲས་དེ་ཡིག་ཐོག་ནས་ཏང་ཀྲི་པུའུ་ལ་བརྡ་ཐོ་གཏོང་དགོས་པ་མ་ཟད། ཞིབ་བཤེར་ཚད་ལོན་གྱི་འཕེལ་རྒྱས་གཏོང་བྱའི་སྐྱེ་བོར་《ཀྲུང་གོའི་གུང་ཁྲན་ཏང་ནང་ཞུགས་རྒྱུའི་རེ་འདུན་ཞུ་ཡིག་》སྤྲོད་དགོས། འཕེལ་རྒྱས་གཏོང་བྱའི་སྐྱེ་བོ་འབྱུང་འགྱུར་ཟླ་བ་གསུམ་གྱི་ནང་ཚུན་ལས་ཀ་དང་སློབ་སྦྱོང་སྡེ་ཚན་དང་ཁ་བྲལ་རྒྱུ་ཡིན་ན། སྤྱིར་བཏང་དུ་གྲ་སྒྲིག་ཏང་ཡོན་བསྡུ་ལེན་བྱེད་པའི་འགྲོ་ལུགས་མི་འགྲིམ་རྒྱུ།
     དོན་ཚན་ཉི་ཤུ་པ།གཞི་རིམ་ཏང་ཨུད་ཀྱིས་སྔོན་བཤེར་བྱས་ནས་ཚད་གཞི་ལོན་པའི་འཕེལ་རྒྱས་གཏོང་བྱའི་སྐྱེ་བོར་ཀྲི་པུའུ་ཨུ་ཡོན་ལྷན་ཁང་གིས་ཀྲི་པུའུ་ཚོགས་ཆེན་ལ་གྲོས་བསྡུར་བྱ་རྒྱུར་འབུལ་དགོས། གྲ་སྒྲིག་ཏང་ཡོན་བསྡུ་ལེན་བྱ་རྒྱུའི་གྲོས་བསྡུར་བྱེད་པའི་ཀྲི་པུའུ་ཚོགས་ཆེན་སྐོང་འཚོགས་བྱེད་པར་བརྡས་ཐག་གཅོད་དབང་ཡོད་པའི་ཚོགས་འདུར་ཞུགས་པའི་མི་གྲངས་དེ་ངེས་པར་དུ་ཚོགས་འདུར་འབྱོར་དགོས་པའི་བརྡས་ཐག་གཅོད་དབང་ཡོད་པའི་མི་གྲངས་ཀྱི་ཕྱེད་ཀ་ལས་བརྒལ་དགོས།
     དོན་ཚན་ཉེར་གཅིག་པ། ཀྲི་པུའུ་ཚོགས་ཆེན་གྱིས་གྲ་སྒྲིག་ཏང་ཡོན་བསྡུ་ལེན་བྱེད་པའི་གོ་རིམ་གཙོ་བོ་ནི།
     (གཅིག)འཕེལ་རྒྱས་གཏོང་བྱའི་སྐྱེ་བོས་ཏང་གི་ངོས་འཛིན་དང་། ཏང་ཞུགས་ཀུན་སློང་། རང་ཉིད་ཀྱི་ལོ་རྒྱུས། ཁྱིམ་ཚང་དང་སྤྱི་ཚོགས་ཀྱི་འབྲེལ་བ་གཙོ་བོའི་གནས་ཚུལ་བཅས་སྙན་སེང་ཞུ་དགོས།དེ་བཞིན་ཏང་གི་རྩ་འཛུགས་ལ་གསལ་བཤད་བྱེད་དགོས་པའི་གནད་དོན།
     (གཉིས། )ཏང་ཞུགས་ངོ་སྤྲོད་པས་འཕེལ་རྒྱས་གཏོང་བྱའི་སྐྱེ་བོའི་འབྲེལ་ཡོད་གནས་ཚུལ་ངོ་སྤྲོད་བྱེད་པ་དང་འབྲེལ་དེ་ཉིད་ཏང་ནང་ཞུགས་ཆོག་མིན་ཐད་བསམ་འཆར་འདོན་རྒྱུ།
     (གསུམ། )ཀྲི་པུའུ་ཨུ་ཡོན་ལྷན་ཁང་གིས་འཕེལ་རྒྱས་གཏོང་བྱའི་སྐྱེ་བོར་ཞིབ་བཤེར་བྱས་ཚུལ་སྙན་སེང་ཞུ་རྒྱུ།
     (བཞི། )ཚོགས་འདུར་ཞུགས་པའི་ཏང་ཡོན་གྱིས་འཕེལ་རྒྱས་གཏོང་བྱའི་སྐྱེ་བོ་ཏང་ནང་ཞུགས་ཆོག་མིན་ལ་གྲོས་བསྡུར་གང་ལེགས་བྱ་དགོས་པ་མ་ཟད། མིང་མ་བཀོད་པའི་འདེམས་ཤོག་འཕེན་ཐབས་སྤྱད་དེ་བརྡས་ཐག་གཅོད་དགོས། མོས་མཐུན་བྱས་པའི་མི་གྲངས་དེ་ཚོགས་འདུར་འབྱོར་དགོས་པའི་བརྡས་ཐག་གཅོད་དབང་ཡོད་པའི་ཏང་ཡོན་ངོ་མའི་མི་གྲངས་ཀྱི་ཕྱེད་ཀ་ལས་བརྒལ་ན། ད་གཟོད་གྲ་སྒྲིག་ཏང་ཡོན་བསྡུ་ལེན་བྱེད་པའི་གྲོས་ཆོད་ལ་གྲོས་འཆམ་བྱུང་ཆོག རྒྱུ་རྐྱེན་གྱི་དབང་གིས་ཚོགས་འདུར་ཞུགས་མི་ཐུབ་པའི་བརྡས་ཐག་གཅོད་དབང་ཡོད་པའི་ཏང་ཡོན་དངོས།ཀྲི་པུའུ་ཚོགས་ཆེན་མ་ འཚོགས་གོང་ཏང་ཀྲི་པུའུ་ལ་ཡིག་ཐོག་གི་བསམ་འཆར་དངོས་སུ་བཏོན་ན། འདེམས་ཤོག་ནང་བསྡོམས་རྩིས་རྒྱག་དགོས། ཀྲི་པུའུ་ཚོགས་ཆེན་ཐོག་འཕེལ་རྒྱས་གཏོང་བྱའི་སྐྱེ་བོ་གཉིས་ཡན་ཏང་ནང་དུ་ཞུགས་རྒྱུའི་གྲོས་བསྡུར་བྱེད་སྐབས་ངེས་པར་དུ་རེ་རེ་བཞིན་གྲོས་བསྡུར་དང་བརྡས་ཐག་གཅོད་དགོས།
      དོན་ཚན་ཉེར་གཉིས་པ། ཏང་ཀྲི་པུའུ་ཡིས་ཀྲི་པུའུ་ཚོགས་ཆེན་གྱི་གྲོས་ཆོད་དེ་དུས་ཐོག་ཏུ་《ཀྲུང་གོའི་གུང་ཁྲན་ཏང་ནང་ཞུགས་རྒྱུའི་རེ་འདུན་ཞུ་ཡིག་》ནང་བཀོད། རང་ཉིད་ཀྱི་ཏང་ནང་ཞུགས་རྒྱུའི་ཞུ་ཡིག་དང་། ཆབ་སྲིད་ཐོག་ཞིབ་བཤེར་བྱས་པའི་དཔྱད་ཡིགགསོ་སྐྱོང་དང་སློབ་གསོ་རྟོག་ཞིབ་བཅས་བྱས་པའི་དཔྱད་ཡིག་སོགས། མཉམ་དུ་གོང་རིམ་ཏང་ཨུད་ལ་ཞིབ་བཤེར་ཆོག་མཆན་ཞུ་དགོས།  ཀྲི་པུའུ་ཚོགས་ཆེན་གྱི་གྲོས་ཆོད་ནང་གཙོ་བོ་འཕེལ་རྒྱས་གཏོང་བྱའི་སྐྱེ་བོའི་མཚོན་ཚུལ་གཙོ་བོ་དང་།ཚོགས་འདུར་ཞུགས་དགོས་པ་དང་ཚོགས་འདུར་དངོས་སུ་འབྱོར་བའི་བརྡས་ཐག་གཅོད་དབང་ཡོད་པའི་ཏང་ཡོན་གྱི་མི་གྲངས། བརྡས་ཐག་བཅད་འབྲས། གྲོས་ཆོད་ལ་གྲོས་འཆམ་བྱུང་བའི་ཚེས་གྲངས། ཀྲི་པུའུ་ཧྲུའུ་ཅིའི་མིང་རྟགས།
      དོན་ཚན་ཉེར་གསུམ་པ། གྲ་སྒྲིག་ཏང་ཡོན་ལ་ངེས་པར་དུ་ཏང་ཨུད་(ལས་དོན་ཨུ་ཡོན་ལྷན་ཁང་།གཤམ་དུ་འདི་དང་ མཚུངས་)ཀྱིས་ཞིབ་བཤེར་ཆོག་མཆན་འགོད་དགོས། ཞང་དང་གྲོང་རྡལ་(སྲང་ལམ་)ཏང་ཨུད་ཀྱི་ཁོངས་སུ་གཏོགས་པའི་གཞི་རིམ་ཏང་ཨུད་ཀྱིས་གྲ་སྒྲིག་ཏང་ཡོན་ལ་ཞིབ་བཤེར་ཆོག་མཆན་བཀོད་མི་ཆོགའོན་ཀྱང་ཀྲི་པུའུ་ཚོགས་ཆེན་ཐོག་བསྡུ་ལེན་བྱ་རྒྱུར་གྲོས་འཆམ་བྱུང་བའི་གྲ་སྒྲིག་ཏང་ཡོན་ལ་གྲོས་ཞིབ་བྱ་དགོས། ཏང་གི་སྤྱི་ཁྱབ་ཀྲི་པུའུ་ཡིས་གྲ་སྒྲིག་ཏང་ཡོན་ལ་ཞིབ་བཤེར་ཆོག་མཆན་བཀོད་མི་ཆོགའོན་ཀྱང་ཀྲི་པུའུ་ཚོགས་ཆེན་ཐོག་བསྡུ་ལེན་བྱ་རྒྱུར་གྲོས་འཆམ་བྱུང་བའི་གྲ་སྒྲིག་ཏང་ཡོན་ལ་གྲོས་ཞིབ་བྱ་དགོས། གཏན་འབེབས་ལོགས་སུ་བྱས་ཡོད་པ་ཕུད།གནས་སྐབས་ཀྱི་ཏང་རྩ་འཛུགས་ཀྱིས་གྲ་སྒྲིག་ཏང་ཡོན་དང་ལེན་དང་ཞིབ་བཤེར་ཆོག་མཆན་བཀོད་མི་ཆོག ཏང་ཙུའུ་ཡིས་གྲ་སྒྲིག་ཏང་ཡོན་ལ་ཞིབ་བཤེར་ཆོག་མཆན་བཀོད་མི་ཆོག 
      དོན་ཚན་ཉེར་བཞི་པ།ཏང་ཨུད་ཀྱིས་ཞིབ་མཆན་མ་བཀོད་གོང་།ཏང་ཨུའི་ཨུ་ཡོན་ནམ་སྒྲིག་འཛུགས་པ་མངགས་ནས་འཕེལ་རྒྱས་གཏོང་བྱའི་སྐྱེ་བོ་དང་གླེང་མོལ་བྱས་ཏེ་ཆ་རྒྱུས་སྔར་ལས་ལྷག་པ་ལོན་པར་བྱ་དགོས།འཕེལ་རྒྱས་གཏོང་བྱའི་སྐྱེ་བོས་ཏང་ལ་ངོས་འཛིན་བྱེད་ཚད་མཐོ་རུ་གཏོང་རོགས་ཀྱང་བྱ་དགོས།གླེང་མོལ་བྱེད་མཁན་གྱིས་གླེང་མོལ་བྱས་ཚུལ་དང་འཕེལ་རྒྱས་གཏོང་བྱའི་སྐྱེ་བོ་ཏང་ནང་ཞུགས་ཆོག་མིན་རང་ཉིད་ཀྱི་བསམ་འཆར་དག 《ཀྲུང་གོའི་གུང་ཁྲན་ཏང་ནང་ཞུགས་རྒྱུའི་རེ་འདུན་ཞུ་ཡིག་》ནང་ཇི་མ་ཇི་བཞིན་འབྲི་དགོས་པ་མ་ཟད། ཏང་ཨུ་ལ་སྙན་སེང་ཡང་ཞུ་དགོས།
      དོན་ཚན་ཉེར་ལྔ་པ། ཏང་ཨུད་ཀྱིས་གྲ་སྒྲིག་ཏང་ཡོན་ལ་ཞིབ་བཤེར་ཆོག་མཆན་འགོད་པར་ངེས་པར་དུ་ཐུན་མོང་ཐོག་གྲོས་བསྡུར་དང་བརྡས་ཐག་གཅོད་དགོས། ཏང་ཨུ་ཡིས་གཙོ་བོ་འཕེལ་རྒྱས་གཏོང་བྱའི་སྐྱེ་བོར་ཏང་ཡོན་གྱི་ཆ་རྐྱེན་འཛོམས་ཡོད་མེད་དང་ཏང་ནང་དུ་ཞུགས་པའི་འགྲོ་ལུགས་ཆ་ཚང་མིན་ལ་གྲོས་ཞིབ་བྱེད་དགོས།འཕེལ་རྒྱས་གཏོང་བྱའི་སྐྱེ་བོ་ཏང་ཡོན་གྱི་ཆ་རྐྱེན་འཛོམས་ཤིང་ཏང་ནང་དུ་ཞུགས་པའི་འགྲོ་ལུགས་ཆ་ཚང་བ་ཡིན་ན། དེ་གྲ་སྒྲིག་ཏང་ཡོན་དུ་ཆོག་མཆན་འགོད་རྒྱུ། ཏང་ཨུད་ཀྱི་ཞིབ་མཆན་བསམ་འཆར་《ཀྲུང་གོའི་གུང་ཁྲན་ཏང་ནང་ཞུགས་རྒྱུའི་རེ་འདུན་ཞུ་ཡིག་》ནང་བཀོད་ཡོད། གྲ་སྒྲིག་དུས་ཡུན་གྱི་འགོ་ཚུགས་དང་མཇུག་སྒྲིལ་བའི་དུས་ཚོད་གསལ་པོར་འགོད་དགོས་པ་མ་ཟད།ཆོག་མཆན་ཞུ་སའི་ཏང་ཀྲི་པུའུ་ལ་བརྡ་ཐོ་གཏོང་དགོས།ཏང་ཀྲི་པུའུ་ཡིས་དུས་ཐོག་ཏུ་རང་ཉིད་ལ་བརྡ་ཐོ་གཏོང་དགོས་པ་མ་ཟད་ཏང་ཡོན་ཚོགས་ཆེན་ཐོག་ཁྱབ་བསྒྲགས་ཀྱང་བྱ་དགོས།ཏང་ནང་དུ་ཞུགས་རྒྱུའི་ཆོག་མཆན་མ་ཐོབ་པར་ཏང་ཀྲི་པུའུ་དང་སྐྱེ་བོ་དེ་ཉིད་ལ་བརྡ་ཐོ་བཏང་ནས་བསམ་བློའི་ལས་ཀ་ལེགས་པར་བསྒྲུབ་དགོས། ཏང་གི་ཨུ་ཡོན་ལྷན་ཁང་གིས་འཕེལ་རྒྱས་གཏོང་བྱའི་སྐྱེ་བོ་གཉིས་ཡན་ཏང་ནང་དུ་ཞུགས་སྐབས་རེ་རེ་བཞིན་གྲོས་ཞིབ་དང་བརྡས་ཐག་གཅོད་དགོས།
      དོན་ཚན་ཉེར་དྲུག་པ། ཏང་ཀྲི་པུའུ་ཡིས་གོང་ལ་ཕུལ་བའི་གྲ་སྒྲིག་ཏང་ཡོན་བསྡུ་ལེན་བྱ་རྒྱུའི་གྲོས་ཆོད།ཟླ་བ་གསུམ་གྱི་ནང་ཚུན་ཞིབ་བཤེར་ཆོག་མཆན་འགོད་དགོས་པ་མ་ཟད།གོང་རིམ་ཏང་ཨུའི་རྩ་འཛུགས་སྡེ་ཁག་ལ་ཐོ་འགོད་སྙན་སེང་ཡང་ཞུ་དགོས།གལ་ཏེ་དམིགས་བསལ་གྱི་གནས་ཚུལ་བྱུང་ཚེ་ཞིབ་བཤེར་ཆོག་མཆན་འགོད་པའི་དུས་ཚོད་ནར་འགྱངས་འོས་འཚམ་བྱས་ཆོག་མོད། འོན་ཀྱང་ཟླ་བ་དྲུག་ལས་བརྒལ་མི་ཆོག
      དོན་ཚན་ཉེར་བདུན་པ། དམིགས་བསལ་གྱི་གནས་ཚུལ་བྱུང་ན་ཏང་གི་ཀྲུང་དབྱང་དང་། ཞིང་ཆེན། རང་སྐྱོང་ལྗོངས། ཐད་སྐྱོང་གྲོང་ཁྱེར་བཅས་ཀྱི་ཨུ་ཡོན་ལྷན་ཁང་གིས་ཐད་ཀར་ཏང་ཡོན་བསྡུ་ལེན་བྱས་ཆོག
      དོན་ཚན་ཉེར་བརྒྱད་པ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་ཁྲོད་ཏང་དང་མི་དམངས་ཀྱི་ཁེ་ཕན་གྱི་ཆེད་དུ་དཔའ་ངར་ཆེན་པོས་རང་སྲོག་བློས་བཏང་།བྱས་རྗེས་མངོན་གསལ་དོད་པ་དང་ཁྱབ་ཁོངས་ངེས་ཅན་ནང་ཤུགས་རྐྱེན་ཆེ་ཙམ་ཐེབས་ཡོད། འཚོ་བཞུགས་སྐབས་ཐོག་མཐའ་བར་གསུམ་དུ་སྤྱོད་ཚུལ་ཡག་པོ་ཡོད་པ་མ་ཟད། ཏང་རྩ་འཛུགས་ལ་ཏང་ནང་དུ་ཞུགས་རྒྱུའི་བླང་བྱ་བཏོན་མྱོང་བའི་མི་སྣ་ཏང་ཡོན་དུ་བརྩི་ཆོག 
ཏང་ཡོན་མཇུག་སྐྱོང་ཁས་ལེན་བྱེད་སྐབས་ངེས་པར་དུ་ཚོད་འཛིན་ནན་པོ་བྱ་དགོས་པ་དང་།དེ་གནས་སའི་སྡེ་ཚན་གྱི་ཏང་རྩ་འཛུགས་ཀྱིས་གྲོས་བསྡུར་བྱས་ནས་ཐག་བཅད་རྗེས།གོང་རིམ་ཏང་ཨུད་ཀྱིས་ཞིབ་བཤེར་བྱས་པ་བརྒྱུད་ཞིང་ཆེན་ རིམ་པའི་ཏང་ཨུད་ལ་ཆོག་མཆན་ཞུ་དགོས།
      ལེའུ་ལྔ་པ། གྲ་སྒྲིག་ཏང་ཡོན་ལ་སློབ་གསོ་དང་རྟོག་ཞིབ་བྱ་རྒྱུ་དང་ཏང་ཡོན་ངོ་མར་འགྱུར་བར་བྱ་རྒྱུའི་སྐོར།
       དོན་ཚན་ཉེར་དགུ་པ། གོང་རིམ་ཏང་ཨུད་ཀྱིས་ཆོག་མཆན་བཀོད་པའི་གྲ་སྒྲིག་ཏང་ཡོན་དག་ཏང་གི་རྩ་འཛུགས་ཀྱིས་དུས་ཐོག་ཏུ་ཏང་ཀྲི་པུའུ་དང་ཏང་གི་ཚོ་ཆུང་གི་ཁོངས་སུ་འཇུག་དགོས།གྲ་སྒྲིག་ཏང་ཡོན་ལ་མུ་མཐུད་དུ་སློབ་གསོ་དང་རྟོག་ཞིབ་བྱ་དགོས། 
       དོན་ཚན་སུམ་ཅུ་པ།གྲ་སྒྲིག་ཏང་ཡོན་གྱིས་ངེས་པར་དུ་ཏང་གི་དར་ཆའི་མདུན་དུ་ཏང་ནང་དུ་ཞུགས་པའི་དམ་བཅའ་འཇོག་དགོས།ཏང་ནང་དུ་ཞུགས་པའི་དམ་བཅའ་འཇོག་པའི་མཛད་སྒོ་ནི་སྤྱིར་བཏང་དུ་གཞི་རིམ་ཏང་ཨུའམ་ཏང་ཀྲི་པུའུ་(ཏང་གི་སྤྱི་ཁྱབ་ཀྲི་པུའུ་)ཡིས་སྒྲིག་འཛུགས་བྱས་ནས་སྤེལ་དགོས།
       དོན་ཚན་སོ་གཅིག་པ། ཏང་རྩ་འཛུགས་ཀྱིས་ཏང་གི་རྩ་འཛུགས་འཚོ་བ་དང་། རང་ཉིད་ཀྱི་སྙན་ཞུ་ཉན་པ། རེ་ཟུང་ལ་སེམས་གཏམ་གླེང་བ། གཅིག་བསྡུས་ཀྱིས་གསོ་སྦྱོང་། ལག་ལེན་ནང་སྦྱོང་བརྡར་སོགས་ཀྱི་རྣམ་པ་བརྒྱུད།གྲ་སྒྲིག་ཏང་ཡོན་ལ་སློབ་གསོ་དང་རྟོག་ཞིབ་བྱ་དགོས།
       དོན་ཚན་སོ་གཉིས་པ། གྲ་སྒྲིག་ཏང་ཡོན་གྱི་གྲ་སྒྲིག་ཡུན་ཚད་ལོ་གཅིག་ཡིན། གྲ་སྒྲིག་ཡུན་ཚད་ནི་ཀྲི་པུའུ་ཚོགས་ཆེན་ཐོག་དེ་ཉིད་གྲ་སྒྲིག་ཏང་ཡོན་དུ་གྲོས་འཆམ་བྱུང་བའི་ཉིན་ནས་བརྩི་རྒྱུ། གྲ་སྒྲིག་ཏང་ཡོན་གྱི་གྲ་སྒྲིག་ཡུན་ཚད་ཐིམ་མཚམས་སུ་ཏང་ཀྲི་པུའུ་ཡིས་དེ་ཉིད་ཏང་ཡོན་ངོ་མར་བསྒྱུར་ཆོག་མིན་དུས་ཐོག་ཏུ་གྲོས་བསྡུར་བྱ་དགོས། ཏང་ཡོན་གྱི་འོས་འགན་ནན་ཏན་གྱིས་བསྒྲུབས་པ་དང་ཏང་ཡོན་གྱི་ཆ་རྐྱེན་འཛོམས་པ་རྣམས་དུས་བཀག་ལྟར་ཏང་ཡོན་ངོ་མར་བསྒྱུར་དགོས་པ་དང་།མུ་མཐུད་ནས་རྟོག་ཞིབ་དང་སློབ་གསོ་བྱ་དགོས་ན།གྲ་སྒྲིག་གི་ཡུན་ཚད་ཐེངས་གཅིག་བསྲིངས་ཆོག དུས་འགྱངས་བྱེད་ཡུན་ལོ་ཕྱེད་ལས་ཐུང་མི་རུང་བ་དང་། ཆེས་རིང་ན་ལོ་གཅིག་ལས་མི་བརྒལ་བ། ཏང་ཡོན་གྱི་འོས་འགན་མི་སྒྲུབ་པ་དང་ཏང་ཡོན་གྱི་ཆ་རྐྱེན་འཛོམས་མེད་ན།དེའི་གྲ་སྒྲིག་ཏང་ཡོན་གྱི་ཐོབ་ཐང་རྩིས་མེད་དུ་གཏོང་དགོས། གྲ་སྒྲིག་ཏང་ཡོན་གྱིས་ཏང་གི་སྒྲིག་ཁྲིམས་དང་འགལ་ན་ཉེས་ཚབས་ཅུང་ཆུང་བ།གྲ་སྒྲིག་ཏང་ཡོན་གྱི་ཐོབ་ཐང་སོར་འཇོག་བྱས་ཆོག་ན་དེར་སྐྱོན་བརྗོད་སློབ་གསོ་གཏོང་བའམ་ཡང་ན་གྲ་སྒྲིག་དུས་ཡུན་ཇེ་རིང་དུ་གཏོང་དགོས། ཉེས་ཚབས་ཅུང་ཆེ་རིགས་ལ་དེའི་གྲ་སྒྲིག་ཏང་ཡོན་གྱི་ཐོབ་ཐང་ཕྱིར་འཐེན་བྱ་དགོས། གྲ་སྒྲིག་ཏང་ཡོན་ཏང་ཡོན་ངོ་མར་བསྒྱུར་རྒྱུ་དང་། གྲ་སྒྲིག་གི་ཡུན་ཚད་བསྲིང་རྒྱུའམ་ཡང་ན་གྲ་སྒྲིག་ཏང་ཡོན་གྱི་ཐོབ་ཐང་ཕྱིར་འཐེན་བྱ་རྒྱུ་བཅས་ནི་ཀྲི་པུའུ་ཡི་ཚོགས་ཆེན་ཐོག་གྲོས་བསྡུར་བྱས་ནས་གྲོས་འཆམ་བྱ་དགོས་པ་དང་གོང་རིམ་ཏང་གི་རྩ་འཛུགས་ཀྱི་ཆོག་མཆན་ཐོབ་དགོས།
       དོན་ཚན་སོ་གསུམ་པ། གྲ་སྒྲིག་ཏང་ཡོན་ཏང་ཡོན་ངོ་མར་འགྱུར་རྒྱུའི་འགྲོ་ལུགས་ནི་རང་ཉིད་ཀྱིས་ཏང་ཀྲི་པུའུ་ལ་ཡིག་ཐོག་ནས་ཏང་ཡོན་ངོ་མར་འགྱུར་རྒྱུའི་རེ་འདུན་ཞུ་ཡིག་འབུལ་དགོས་པ་དང་།ཏང་ཚོ་ཆུང་གིས་བསམ་འཆར་བཏོན་པ།ཏང་ཀྲི་པུའུ་ཡིས་ཏང་ཡོན་དང་མང་ཚོགས་ཀྱི་བསམ་འཆར་བསྡུ་ལེན་བྱ་རྒྱུ།ཀྲི་པུའུ་ཨུ་ཡོན་ལྷན་ཁང་གིས་ཞིབ་བཤེར་བྱ་རྒྱུ།ཀྲི་པུའུ་ཚོགས་ཆེན་ཐོག་གྲོས་བསྡུར་དང་བརྡས་ཐག་བཅད་དེ་གྲོས་འཆམ་བྱེད་པ།གོང་རིམ་ཏང་ཨུད་ལ་ཞིབ་བཤེར་ཆོག་ མཆན་ཞུ་དགོས། གྲ་སྒྲིག་ཏང་ཡོན་ཏང་ཡོན་ངོ་མར་འགྱུར་བར་གྲོས་བསྡུར་བྱེད་པའི་ཀྲི་པུའུ་ཚོགས་ཆེན་དང་།ཚོགས་འདུར་ཞུགས་པའི་མི་གྲངས་དང་མོས་མཐུན་ཡོད་པའི་མི་གྲངས་སོགས་ཀྱི་བླང་བྱ་ནི་གྲ་སྒྲིག་ཏང་ཡོན་བསྡུ་ལེན་གྲོས་བསྡུར་བྱེད་པའི་ཀྲི་པུའུ་ཚོགས་ཆེན་དང་གཅིག་མཚུངས་ཡིན།
       དོན་ཚན་སོ་བཞི་པ། ཏང་ཀྲི་པུའུ་ཡིས་གོང་ལ་ཕུལ་བའི་གྲ་སྒྲིག་ཏང་ཡོན་ཏང་ཡོན་ངོ་མར་བསྒྱུར་རྒྱུའི་གྲོས་ཆོད་ལ་ཏང་ཨུད་ཀྱིས་ཟླ་བ་གསུམ་གྱི་ནང་ཚུན་ཞིབ་བཤེར་ཆོག་མཆན་འགོད་དགོས།ཞིབ་མཆན་བཀོད་པའི་མཇུག་འབྲས་དུས་ཐོག་ཏུ་ཏང་ཀྲི་པུའུ་ལ་བརྡ་ཐོ་གཏོང་དགོས། ཏང་ཀྲི་པུའུ་ཧྲུའུ་ཅི་ཡིས་མི་དེ་རང་དང་གླེང་མོལ་བྱ་དགོས་པ་མ་ཟད། ཞིབ་བཤེར་ཆོག་མཆན་འགོད་འབྲས་ཏང་ཡོན་ཚོགས་ཆེན་ཐོག་ཁྱབ་བསྒྲགས་ཀྱང་བྱ་དགོས། ཏང་ཡོན་གྱི་ཏང་ལོ་དེ་གྲ་སྒྲིག་ཡུན་ཚད་ཐིམ་མཚམས་དངོས་གཞིའི་ཏང་ཡོན་དུ་བསྒྱུར་བའི་ཉིན་ནས་བརྩི་དགོས།
       དོན་ཚན་སོ་ལྔ་པ། གྲ་སྒྲིག་དུས་ཡུན་མ་ཐིམ་པའི་གྲ་སྒྲིག་ཏང་ཡོན་ལས་ཀ་དང་སློབ་སྦྱོང་བྱེད་སའི་སྡེ་ཚན་(སྡོད་ས་) ལ་འགྱུར་བ་བྱུང་།དང་ཐོག་གནས་ཡུལ་ཏང་གི་རྩ་འཛུགས་ལ་དུས་ཐོག་ཏུ་སྙན་སེང་ཞུ་དགོས།དེ་སྔ་གནས་སའི་ཏང་རྩ་འཛུགས་ཀྱིས་དེ་ཉིད་གསོ་སྐྱོང་དང་སློབ་གསོ།རྟོག་ཞིབ་བཅས་བྱས་པའི་གནས་ཚུལ་དུས་ཐོག་ཏུ་གྲ་སྒྲིག་ཏང་ཡོན་བསྡུ་ལེན་བྱེད་མཁན་ཏང་རྩ་འཛུགས་ལ་ནན་ཏན་གྱིས་ངོ་སྤྲོད་བྱ་དགོས། ཏང་གི་རྩ་འཛུགས་ཀྱིས་རྩིས་སྤྲོད་བྱས་པའི་གྲ་སྒྲིག་ཏང་ཡོན་གྱི་ཏང་ཞུགས་དཔྱད་གཞིའི་ཡིག་རིགས་ལ་ཞིབ་ བཤེར་ནན་པོ་བྱ་དགོས།གཏན་འཁེལ་བྱེད་ཐབས་བྲལ་བའི་གྲ་སྒྲིག་ཏང་ཡོན་ལ་རྫོང་རིམ་པ་ཡན་གྱི་ཏང་ཨུའི་རྩ་འཛུགས་སྡེ་ཁག་ལ་ཆོག་མཆན་ཞུ་དགོས་པ་ལས་ཁས་ལེན་མི་བྱེད།
        དོན་ཚན་སོ་དྲུག་པ། རྩིས་སྤྲོད་བྱས་པའི་གྲ་སྒྲིག་ཏང་ཡོན་གྱི་གྲ་སྒྲིག་ཡུན་ཚད་ཐིམ་སྐབས། གལ་ཏེ་དགོས་པ་འདུག་སྙམ་ན་དེའི་དངོས་གཞིར་བསྒྱུར་བའི་གནད་དོན་ལ་གྲོས་བསྡུར་བྱ་རྒྱུ་ནར་འགྱངས་བྱས་ཆོག་ལ།དུས་འགྱངས་བྱེད་ ཡུན་ཟླ་དྲུག་ལས་བརྒལ་མི་ཆོག ཏང་ཡོན་ངོ་མར་འགྱུར་པའི་དུས་ཚོད་དེ་གྲ་སྒྲིག་དུས་ཡུན་ཐིམ་པའི་ཉིན་ནས་བརྩི་དགོས།
        དོན་ཚན་སོ་བདུན་པ། གྲ་སྒྲིག་ཏང་ཡོན་ཏང་ཡོན་ངོ་མར་བསྒྱུར་རྗེས། ཏང་ཀྲི་པུའུ་ཡིས་དུས་ཐོག་ཏུ་དེའི་ཀྲུང་གོའི་གུང་ཁྲན་ཏང་ནང་ཞུགས་རྒྱུའི་རེ་འདུན་ཞུ་ཡིག་》དང་། ཏང་ནང་ཞུགས་རྒྱུའི་ཞུ་ཡིགཆབ་སྲིད་ཐོག་ཞིབ་བཤེར་བྱས་པའི་དཔྱད་ཡིགདངོས་གཞིར་བསྒྱུར་རྒྱུའི་ཞུ་ཡིགགསོ་སྐྱོང་དང་།སློབ་གསོ།རྟོག་ཞིབ་བཅས་ཀྱི་དཔྱད་ཡིག་བཅས་ཏང་ཨུ་ལ་སྤྲད་དེ་རང་ཉིད་ཀྱི་མི་དོན་ཡིག་ཚགས་ནང་འཇོག་དགོས།མི་དོན་ཡིག་ཚགས་མེད་ན་ཏང་ཡོན་གྱི་ཡིག་ཚགས་བཟོ་དགོས་པ་དང་། དེ་གནས་སའི་ཏང་ཨུའམ་ཡང་ན་རྫོང་རིམ་པའི་ཏང་ཨུད་ཀྱི་རྩ་འཛུགས་སྡེ་ཁག་གིས་ཉར་ཚགས་བྱ་དགོས།
        ལེའུ་དྲུག་པ། ཏང་ཡོན་འཕེལ་རྒྱས་གཏོང་རྒྱུའི་ལས་ཀར་འགོ་ཁྲིད་བྱེད་སྟངས་དང་དེའི་སྒྲིག་ཁྲིམས་སྐོར།
        དོན་ཚན་སོ་བརྒྱད་པ། ཏང་ཨུ་རིམ་པ་ཁག་གིས་ཏང་ཡོན་འཕེལ་རྒྱས་གཏོང་རྒྱུའི་ལས་ཀ་དེ་ཉིན་རེའི་གྲོས་རིམ་གལ་ཆེན་དུ་འཇོག་པ་དང་། ཏང་འཛུགས་སྐྱོང་ལས་ཀའི་འགན་འཁྲིའི་ལམ་ལུགས་སུ་འཇུག་པ། ཏང་འཛུགས་སྐྱོང་ལས་ཀའི་འགན་བསྒྲུབས་ཞུ་འབུལ་དང་།དཔྱད་མོལ།དཔྱད་ཞིབ།ཏང་དོན་ཡོངས་བསྒྲགས་བཅས་ཀྱི་ནང་དོན་གལ་ཆེན་དུ་བརྩི་དགོས། ཏང་ཡོན་འཕེལ་རྒྱས་གཏོང་བའི་ལས་ཀའི་གནས་ཚུལ། གྲོང་ཁྱེར་(ས་གནས་དང་། ཀྲོའུ། མེང་)དང་རྫོང་(གྲོང་ཁྱེར། ཆུས། ཆི་)གི་ཏང་ཨུ་ཡིས་ལོ་ཕྱེད་རེར་ཞིབ་བཤེར་ཐེངས་རེ་བྱ་དགོས་པ་དང་། ཞིང་ཆེན་དང་། རང་སྐྱོང་ལྗོངས། ཐད་སྐྱོང་གྲོང་ཁྱེར་བཅས་ཀྱི་ཏང་ཨུས་ལོ་རེར་ཞིབ་བཤེར་ཐེངས་རེ་བྱ་དགོས།ཞིབ་བཤེར་བྱས་འབྲས་དུས་ཐོག་ཏུ་གོང་ཞུ་བྱེད་དགོས་པ་མ་ཟད། གཤམ་དུ་བརྡ་ཁྱབ་ཀྱང་གཏོང་དགོས།
        ན་གཞོན་བཟོ་པ་དང་། ཞིང་པ། ཤེས་ཡོན་ཅན་བཅས་ཀྱི་ཁྲོད་ནས་ཏང་ཡོན་འཕེལ་རྒྱས་གཏོང་བར་མཐོང་ཆེན་དང་། ཏང་ཡོན་དཔུང་ཁག་གི་གྲུབ་ཚུལ་ལེགས་འགྱུར་བྱ་དགོས།ཏང་ཡོན་འཕེལ་རྒྱས་གཏོང་བའི་ཆ་རྐྱེན་འཛོམས་ཀྱང་དུས་ཡུན་རིང་པོར་ཏང་ཡོན་འཕེལ་རྒྱས་གཏོང་བའི་ལས་ཀ་མི་བྱེད་པའི་གཞི་རིམ་ཏང་རྩ་འཛུགས།གོང་རིམ་ཏང་ཨུད་ཀྱིས་མཛུབ་སྟོན་དང་ལྟ་སྐུལ་ཞིབ་བཤེར་བྱེད་ཤུགས་ཆེ་རུ་གཏོང་དགོས་པ་དང་།དགོས་ངེས་ཀྱི་སྐབས་སུ་དེར་དག་ཐེར་སྒྲིག་འཛུགས་བྱ་དགོས།
        དོན་ཚན་སོ་དགུ་པ། ཏང་ཨུ་རིམ་པ་ཁག་གི་རྩ་འཛུགས་སྡེ་ཁག་གིས་ལོ་ལྟར་རིམ་པ་གཅིག་མཚུངས་ཀྱི་ཏང་ཨུ་དང་གོང་རིམ་ཏང་ཨུའི་རྩ་འཛུགས་སྡེ་ཁག་ལ་ཏང་ཡོན་འཕེལ་རྒྱས་གཏོང་བའི་ལས་ཀའི་གནས་ཚུལ་དང་ཏང་ཡོན་འཕེལ་རྒྱས་གཏོང་བའི་ལས་ཀའི་འཆར་གཞི་སྙན་སེང་ཞུ་དགོས།ཕྱོགས་ལྷུང་གི་རང་བཞིན་ལྡན་པའི་གནད་དོན་དང་གཏན་འབེབས་དང་འགལ་ནས་ཏང་ཡོན་འཕེལ་རྒྱས་བཏང་རིགས་ཞིབ་གཅོད་བྱས་ཚུལ་ཇི་མ་ཇི་བཞིན་གོང་ལ་ཞུ་དགོས།
        དོན་ཚན་བཞི་བཅུ་པ། རྫོང་རིམ་པ་ཡན་གྱི་ཏང་ཨུ་དང་དེའི་རྩ་འཛུགས་སྡེ་ཁག་གིས་སྒྲིག་འཛུགས་པ་འདེམས་སྒྲུག་དང་།བཀོད་སྒྲིགགསོ་སྐྱོང་སྦྱོང་བརྡར་བཅས་བྱེད་པར་མཐོང་ཆེན་བྱ་དགོས།ཏང་ཡོན་འཕེལ་རྒྱས་གཏོང་བའི་ལས་ཀའི་ཁྲོད་ཀྱི་ཁོང་ཚོའི་ནུས་པ་འདོན་སྤེལ་གང་ལེགས་བྱ་དགོས།
        དོན་ཚན་ཞེ་གཅིག་པ། ཏང་གི་རྩ་འཛུགས་རིམ་པ་ཁག་གིས་ཏང་ཡོན་འཕེལ་རྒྱས་གཏོང་བའི་ལས་ཀའི་ནང་སྒྲིག་འགལ་སྲོལ་འགལ་གྱི་གནད་དོན་དང་ཚུལ་མིན་སྤྱོད་ཚུལ་བྱུང་རིགས་ཞིབ་བཤེར་ཐག་གཅོད་ནན་པོ་བྱ་དགོས།ཚད་གཞི་མཐའ་འཁྱོངས་མི་བྱེད་པ་དང་།གོ་རིམ་ལག་བསྟར་མི་བྱེད་པ།ཞིབ་མཆན་འགོད་པའི་དུས་བཀག་ལས་བརྒལ་བ།གསོ་སྐྱོང་དང་རྟོག་ཞིབ་ཀྱི་འགན་འཛོལ་ཤོར་བ་དང་ཞིབ་བཤེར་གྱི་གནད་འགག་དམ་འཛིན་མི་བྱེད་པ་བཅས་ཀྱི་ཏང་རྩ་འཛུགས་དང་དེའི་འགན་འཁུར་པ།ཐད་ཀའི་འགན་འཁུར་མི་སྣ་བཅས་ལ་སྐྱོན་བརྗོད་དང་སློབ་གསོ་གཏོང་དགོས།ཉེས་ཚབས་ཆེ་རིགས་ལ་སྒྲིག་ཁྲིམས་ཀྱི་ཆད་པ་གཅོད་རྒྱུ།གྱོད་དོན་དཔེ་མཚོན་ཅན་དུས་ཐོག་ཏུ་བརྡ་ཁྱབ་གཏོང་དགོས་པ་དང་།གཏན་འབེབས་དང་འགལ་ནས་ཏང་ནང་བསྡུ་ལེན་བྱས་རིགས།དེ་བྱིངས་ཚང་མ་ཁས་མི་ལེན་པར་མ་ཟད།ཀྲི་པུའུ་ཡི་ཚོགས་ཆེན་ཐོག་ཁྱབ་བསྒྲགས་ཀྱང་བྱ་དགོས། མི་བདེན་རྫུན་སྒྲིག་གམ་བྱེད་ཐབས་གཞན་དག་ལ་བརྟེན་ནས་ཏང་ཡོན་གྱི་ཆ་རྐྱེན་དང་མི་མཐུན་པའི་སྐྱེ་བོ་ཏང་ཡོན་དུ་འཕེལ་རྒྱས་བཏང་།ཡང་ན་ཏང་ཡོན་མིན་མཁན་ལ་ཏང་ཡོན་གྱི་ཐོབ་ཐང་དཔང་ཡིག་སྤྲོད་རིགས་སྒྲིག་ཁྲིམས་དང་བཅའ་ཁྲིམས་ལྟར་ཐག་གཅོད་ནན་པོ་བྱེད་དགོས།
        དོན་ཚན་ཞེ་གཉིས་པ། 《ཀྲུང་གོའི་གུང་ཁྲན་ཏང་ནང་ཞུགས་རྒྱུའི་རེ་འདུན་ཞུ་ཡིག་》གི་བཟོ་དབྱིབས་ནི་ཀྲུང་དབྱང་རྩ་འཛུགས་པུའུ་ཡིས་འགན་འཁུར་ནས་གཏན་འབེབས་བྱ་རྒྱུ།ཞིང་ཆེན་རིམ་པའི་ཏང་ཨུའི་རྩ་འཛུགས་སྡེ་ཁག་གིས་བཟོ་དབྱིབས་ལྟར་གཅིག་གྱུར་གྱིས་པར་འདེབས་བྱ་དགོས་པ་མ་ཟད། དོ་དམ་ནན་པོའང་བྱ་དགོས།
        ལེའུ་བདུན་པ། ཞར་བྱུང་དོན་ཚན།
        དོན་ཚན་ཞེ་གསུམ་པ། སྒྲིག་སྲོལ་ཞིབ་ཕྲ་འདིར་ཀྲུང་དབྱང་རྩ་འཛུགས་པུའུ་ཡིས་གསལ་འགྲེལ་བྱེད་འགན་འཁུར་རྒྱུ།
        དོན་ཚན་ཞེ་བཞི་པ། སྒྲིག་སྲོལ་ཞིབ་ཕྲ་འདི་ཁྱབ་བསྒྲགས་བྱས་ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ《ཀྲུང་གོའི་གུང་ཁྲན་ཏང་གིས་ཏང་ཡོན་འཕེལ་རྒྱས་གཏོང་རྒྱུའི་ལས་དོན་གྱི་སྒྲིག་སྲོལ་ཞིབ་ཕྲ་(ཚོད་ལྟའི་ལག་བསྟར་)》(ཀྲུང་དབྱང་རྩ་འཛུགས་པུའུ་ཡིས་འགྲེམས་སྤེལ་བྱས་པའི་〔1990〕ཨང་3པ་)དུས་མཚུངས་སུ་རྩིས་མེད་དུ་གཏོང་རྒྱུ།


©༢༠༡༧ཀན་ལྷོའི་ཏང་གི་འཛུགས་སྐྲུན་དྲ་བ། ཀྲུང་གུང་ཀན་ལྷོ་ཁུལ་ཨུའི་རྩ་འཛུགས་པུའུ་ཡིས་གཙོ་སྒྲུབ་བྱས་པས་པར་དབང་འདི་གར་དབང་།

སྡོད་གནས། ཀན་ལྷོ་ཁུལ་ཨུའི་གཅིག་གྱུར་གཞུང་ལས་ཐོག་ཁང་གི་དྲུག་ཐོག ཁ་པར། ༠༩༤༡--༨༢༢༢༡༥༩ སྦྲག་ཨང་། ༧༤༧༠༠༠

དྲ་ངོས་རྡེབ་ཚད།མི་ཐེངས། དྲ་ངོས་སྒྲིག་བཟོ། ཧུང་ཏེན་དྲ་རྒྱ།

甘公网安备 62300102000044号