今天是:

རེས་མོའི་གསར་འགྱུར།

ཉིན་རེའི་གསར་འགྱུར་གལ་ཆེན།

མདུན་ཤོག > རེས་མོའི་གསར་འགྱུར། > ཉིན་རེའི་གསར་འགྱུར་གལ་ཆེན།

ལུའེ་ཀྲེ་ཅུན་གྱིས་གྲོང་ཁྱེར་གྱི་གཞི་རིམ་ཏང་འཛུགས་སྐྱོང་ཐད་གལ་ཆེའི་བླང་བྱ་བཏོན་པ།

说明: C:\Users\admin\Documents\WeChat Files\wxid_tw0jiwg5m33122\FileStorage\Temp\e3fd816dfcc1b57bdcf2f79ba24af9be.jpg

ཀན་ལྷོ་ཁུལ་གྲོང་ཁྱེར་གྱི་གཞི་རིམ་ཏང་འཛུགས་སྐྱོང་ལས་དོན་གྱི་མཉམ་འབྲེལ་ཚོགས་འདུ་ཉེ་ཆར་མཉམ་ལས་ཐོག་འཚོགས་པ་རེད།ཚོགས་འདུའི་ཐོག་གྲོང་ཁྱེར་གྱི་གཞི་རིམ་ཏང་འཛུགས་སྐྱོང་ཐད་ལྷག་པའི་གནད་དོན་ལ་སྔར་བས་དབྱེ་ཞིབ་དང་ཞིབ་འཇུག་བྱས་ནས་ཁུལ་ཐད་གཏོགས་ཚན་པ་དང་ལས་རིགས་ཁོངས་གཏོགས་ཀྱིས་འཁུར་བའི་ལས་ཀའི་ལས་འགན་ཁ་གསལ་བཟོས་པ་དང་། རང་འགན་རང་འཁུར་དང་རང་འགན་རང་འཁུར་གྱི་ལས་ཀའི་རྣམ་པ་ཆགས་པར་སྐུལ་འདེད་གཏོང་དགོས། ཁུལ་ཨུའི་རྒྱུན་ཨུའམ་རྩ་འཛུགས་པུའི་པུའུ་ཀྲང་བློ་མཐུན་ལུའེ་ཀྲེ་ཅུན་གྱིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།

说明: C:\Users\admin\Documents\WeChat Files\wxid_tw0jiwg5m33122\FileStorage\Temp\c07321217e7e94dae608a39a55938014.jpg

ཁུལ་ཨུའི་སྡེ་ཁག་ཁག། ཁུལ་ཐད་གཏོགས་ཏང་(བཟོ་)ཁག་གི་ཏང་ཨུ། ཏང་ཙུའུ་བཅས་ཀྱི་འགན་འཁུར་བློ་མཐུན། ཁུལ་ཨུའི་རྩ་འཛུགས་པུའི་ལས་དོན་ཨུ་ལྷན་གྱི་ཁོངས་མི།འབྲེལ་ཡོད་ཚན་ཁག་གི་འགན་འཁུར་བློ་མཐུན།རྫོང་དང་གྲོང་ཁྱེར་ཁག་གི་རྫོང་ཨུའི་རྩ་འཛུགས་པུའུ་ཡི་ཁོངས་མི་དང་།སྲང་ལམ།འབྲེལ་ཡོད་ཞང་དང་གྲོང་རྡལ་ཏང་(བཟོ་)ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི།སྡེ་ཁུལ་ཏང་རྩ་འཛུགས་ཀྱི་ཁོངས་མི་བཅས།དེ་བཞིན་འབྲེལ་ཡོད་རྫོང་ཐད་གཏོགས་སྡེ་ཚན་གྱི་འགན་འཁུར་བློ་མཐུན་ཚོགས་འདུར་ཞུགས་ཡོད་པ་རེད།

说明: C:\Users\admin\Documents\WeChat Files\wxid_tw0jiwg5m33122\FileStorage\Temp\d3b60b88dbae2fcf01202e2a909ac601.jpg

ལུའི་ཀྲེ་ཅུན་གྱིས་གསུང་བཤད་གནང་སྐབས།དུས་བབ་གསར་པ་དང་།ལས་འགན་གསར་པ།འགྲན་སློང་གསར་པ་ བཅས་ཀྱི་མདུན་དུ་རྫོང་དང་གྲོང་ཁྱེར་ཁག་དང་།ཁུལ་ཐད་གཏོགས་སྡེ་ཚན་ཁག་གིས་གྲོང་ཁྱེར་གྱི་གཞི་རིམ་ཏང་འཛུགས་ སྐྱོང་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་སྔར་བས་སློབ་སྦྱོང་ནན་ཏན་བྱེད་པ།ཏང་གིས་ཡུན་རིང་སྲིད་སྐྱོང་དང་།བོད་དང་འབྲེལ་བ་ཡོད་པའི་ས་ཁུལ་ཡུན་རིང་བདེ་འགོད།མི་དམངས་བདེ་སྡོད་ལས་བརྩོན་བཅས་ཀྱི་མཐོ་ཚད་དུ་ལངས།གྲོང་ཁྱེར་གྱི་གཞི་རིམ་ཏང་སྐྱོང་ལས་ཀར་ཤུགས་སྣོན་དང་ལེགས་བཅོས་བྱ་རྒྱུའི་གལ་ཆེའི་རང་བཞིན་དང་དགོས་ གཏུག་ཆེ་བའི་རང་བཞིན་ལ་ངོས་འཛིན་གང་ལེགས་བྱས།དུས་རབས་གསར་པའི་ཏང་འཛུགས་སྐྱོང་གི་སྤྱིའི་བླང་བྱ་དང་དུས་རབས་གསར་པའི་ཏང་གི་རྩ་འཛུགས་ལམ་ཕྱོགས་དོན་འཁྱོལ་ནན་ཏན་བྱས་ཏེ་ས་ཁོངས་སྤྱི་འདོམས་མཉམ་འགུལ་དང་། སྡེ་ཚན་དང་ལས་རིགས་མཉམ་སྡེབ་མཉམ་འདྲེས།མཉམ་སྐྲུན་མཉམ་བཅོས་མཉམ་སྤྱོད་བཅས་ཀྱི་གྲོང་ཁྱེར་གྱི་གཞི་རིམ་ཏང་འཛུགས་སྐྱོང་ལས་དོན་གྱི་རྣམ་པ་གསར་པ་ཕྱོགས་ཡོངས་ནས་གཏོད་དགོས།

ལུའེ་ཀྲེ་ཅུན་གྱིས་ཁུལ་ཡོངས་ཀྱི་གྲོང་ཁྱེར་གྱི་གཞི་རིམ་ཏང་འཛུགས་སྐྱོང་ཐད་ལྷག་པའི་གནད་དོན་ལ་དབྱེ་ཞིབ་གཏིང་ཟབ་བྱས་པ་དང་འབྲེལ་ཁུལ་ཡོངས་ཀྱི་གྲོང་ཁྱེར་གྱི་གཞི་རིམ་ཏང་འཛུགས་སྐྱོང་ལས་དོན་ཡག་པོ་བསྒྲུབ་རྒྱུའི་ཐད་བླང་བྱ་ བཏོན་ཡོད།ཁོང་གིས་མིག་སྔར་གྲོང་ཁྱེར་གྱི་གཞི་རིམ་ཏང་འཛུགས་སྐྱོང་ཐད་ད་དུང་བསམ་བློའི་ངོས་འཛིན་གཏིང་ཟབ་མེད་པ་དང་།སྡེ་ཁུལ་གྱི་ནུས་པ་འདོན་སྤེལ་གང་ལེགས་ཐུབ་མེད་པ།མཉམ་འགུལ་མཉམ་སྐྲུན་མཉམ་བཅོས་གནད་ལ་འཁེལ་མེད་པ།སྡེ་ཁུལ་གྱི་ཏང་ཡོན་དོ་དམ་ཚད་ལྡན་མེད་པ།ཏང་འཛུགས་སྐྱོང་གི་གཞི་རིམ་བཅོས་སྐྱོང་ཐད་ད་དུང་མཉམ་འདྲེས་ཐུབ་མེད་པ་དང་སྒྲིག་སྲོལ་ལམ་སྲོལ་སྤྱི་ཡོངས་ནས་འཐུས་ཚང་མེད་པ་སོགས་ཀྱི་གནད་དོན་གནས་ཡོད།གོམ་སྟབས་རྗེས་མར་ཁུལ་ཡོངས་ཀྱི་རིམ་ཁག་ཏང་རྩ་འཛུགས་ཀྱིས་སྲོལ་རྒྱུན་གྱི་ཏང་འཛུགས་སྐྱོང་གི་འདུ་ཤེས་སྔར་བས་འགྱུར་ལྡོག་བཏང་ནས་མ་ལག་ཧྲིལ་པོ་འཛུགས་སྐྱོང་གི་ཐུན་མོང་ངོས་འཛིན་ཆགས་པ་བྱེད་པ་དང་།སྤྱི་འདོམས་མཐུན་སྦྱོར་གྱི་ནུས་པ་སྔར་བས་ཆེ་རུ་བཏང་ནས་ཁྲོམ་གཞུང་སྡེ་ཁུལ་གྱི་ལྟེ་བའི་ནུས་པ་འདོན་སྤེལ་བྱེད་དགོས་པ།གསར་དར་ཁྱབ་ཁོངས་སྔར་བས་རྒྱ་ཆེར་བཏང་ནས་རྩ་འཛུགས་ལས་དོན་གྱི་ཁྱབ་ཚད་དང་སྤུས་ཚད་མཐོ་རུ་གཏོང་དགོས་པ།མཉམ་དུ་བཅའ་སྡོད་དང་།མཉམ་སྐྲུན།མཉམ་སྐྱོང་ བཅས་བྱ་རྒྱུར་སྔར་བས་སྐུལ་འདེད་བཏང་སྟེ་ཏང་འཛུགས་སྐྱོང་གི་མཉམ་སྦྲེལ་མཉམ་འགུལ་མགྱོགས་མྱུར་མངོན་འགྱུར་ཡོང་བ་བྱེད་པ།ཏང་འཛུགས་སྐྱོང་ལ་སྔར་བས་དམ་པོར་དམིགས་ནས་གྲོང་ཁྱེར་གྱི་གཞི་རིམ་བཅོས་སྐྱོང་གི་མཉམ་ཤུགས་གཅིག་ཏུ་སྒྲིལ་བ།ལམ་ལུགས་དང་ལམ་སྲོལ་མ་ལག་སྔར་བས་འཐུས་ཚང་དུ་བཏང་ནས་རྨང་གཞིའི་འགན་ལེན་གྱི་ནུས་པ་འདོན་སྤེལ་ ཏན་ཏིག་བྱེད་དགོས།

ལུའི་ཀྲེ་ཅུན་གྱིས།གྲོང་ཁྱེར་གྱི་གཞི་རིམ་ཏང་འཛུགས་སྐྱོང་ལས་དོན་ལ་མཐོང་ཆེན་མི་བྱེད་པ་དང་།མཉམ་སྡོད་མཉམ་སྐྲུན་ལས་དོན་སྤེལ་ཤུགས་མི་འདང་བ།ལས་འགན་གཅིག་ལྕོགས་འཁུར་བའི་ཨུ་ཡོན་གྱིས་མིང་ཙམ་ཁུར་ནས་ལས་ཀ་མི་བྱེད་པ།སྡེ་ཁུལ་བཅའ་སྡོད་ལས་ཁུངས་དང་ལས་ཐོག་ཏང་ཡོན་གྱིས་འབྱོར་ཐོ་འགོད་པ་ལས་ནུས་པ་མི་འདོན་པ།རྐང་བཙུགས་ནས་མཉམ་འབྲེལ་ཚོགས་འདུར་མི་ཞུགས་པའི་ཚན་པ་དང་མི་སྒེར་ལ་གཡོལ་ཐབས་བྱེད་པ་བཅས་རྩ་འཛུགས་པུས་དུས་བཀག་ ལྟར་སྡེ་ཁུལ་དུ་བརྟག་ཞིབ་དང་ཤེས་རྟོགས་བྱེད་པ་དང་འབྲེལ་ཀྲོའུ་དེ་ཡོངས་ལ་བརྡ་ཁྱབ་གཏོང་དགོས།བརྡ་ཁྱབ་བཏང་རྗེས་དག་ཐེར་ཡག་པོ་མ་བྱུང་བའི་སྡེ་ཚན་དང་མི་སྒེར།ཏང་རྩ་འཛུགས་ཀྱི་འགན་འཁུར་མི་སྣར་སྐོང་འདྲི་དྲན་སྐུལ་བྱེད་དགོས་པ་དང་། གནས་ཚུལ་ཚབས་ཆེ་རིགས་ལ་འགན་འཁྲི་རྩད་གཅོད་ནན་པོ་བྱེད་པ་དང་ཐ་ན་སྒྲིག་ཁྲིམས་ཀྱི་ཆད་པ་གཅོད་དགོས།

说明: C:\Users\admin\Documents\WeChat Files\wxid_tw0jiwg5m33122\FileStorage\Temp\2df3314d04d3da0dcb9add80d5be4733.jpg

ཚོགས་འདུའི་ཐོག་ད་དུངཁུལ་ཐད་གཏོགས་ཚན་པ་དང་སྡེ་ཚན་མཉམ་དུ་སྡེ་ཁུལ་དུ་བཅའ་སྡོད་བྱེད་པར་ལེགས་སྒྲིག་བྱ་རྒྱུའི་སྐོར་གྱི་བརྡ་ཐོཔར་འགྲེམས་བྱས་པ་རེད།ཁུལ་ཡོངས་ཀྱི་གྲོང་ཁྱེར་གྱི་གཞི་རིམ་ཏང་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བའི་གནས་ཚུལ་བརྡ་ཁྱབ་བཏང་།


©༢༠༡༧ཀན་ལྷོའི་ཏང་གི་འཛུགས་སྐྲུན་དྲ་བ། ཀྲུང་གུང་ཀན་ལྷོ་ཁུལ་ཨུའི་རྩ་འཛུགས་པུའུ་ཡིས་གཙོ་སྒྲུབ་བྱས་པས་པར་དབང་འདི་གར་དབང་།

སྡོད་གནས། ཀན་ལྷོ་ཁུལ་ཨུའི་གཅིག་གྱུར་གཞུང་ལས་ཐོག་ཁང་གི་དྲུག་ཐོག ཁ་པར། ༠༩༤༡--༨༢༢༢༡༥༩ སྦྲག་ཨང་། ༧༤༧༠༠༠

དྲ་ངོས་རྡེབ་ཚད།མི་ཐེངས། དྲ་ངོས་སྒྲིག་བཟོ། ཧུང་ཏེན་དྲ་རྒྱ།

甘公网安备 62300102000044号