今天是:

རེས་མོའི་གསར་འགྱུར།

ཉིན་རེའི་གསར་འགྱུར་གལ་ཆེན།

མདུན་ཤོག > རེས་མོའི་གསར་འགྱུར། > ཉིན་རེའི་གསར་འགྱུར་གལ་ཆེན།

ཀན་ལྷོ་ཁུལ་གྱིས་སྡེ་བའི(སྡེ་ཁུལ)“ཨུ་ལྷན་གཉིས”ཀྱི་སྐབས་བརྗེའི་དུས་འགོའི་གྲ་སྒྲིག་ལས་དོན་ཚོགས་འདུ་འཚོགས་པ།

ཟླ་10ཚེས་16ཉིན་ཀན་ལྷོ་ཁུལ་གྱིས་ཁུལ་ཡོངས་ཀྱི་སྡེ་བའི(སྡེ་ཁུལ)“ཨུ་ལྷན་གཉིས”ཀྱི་སྐབས་བརྗེའི་དུས་འགོའི་ལས་དོན་བཀོད་གཏོང་གི་བརྙན་ལམ་ཚོགས་འདུ་འཚོགས་པ་རེད།ཁུལ་ཨུའི་རྒྱུན་ཨུའམ་རྩ་འཛུགས་པུའི་པུའུ་ཀྲང་ལུའེ་ཀྲེ་ཅུན་གྱིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་གལ་ཆེན་ཡང་གནང་བ་རེད།ཚོགས་འདུ་དེ་བརྙན་ལམ་གྱི་རྣམ་པའི་ཐོག་ནས་སྡེ་བ་རིམ་པའི་བར་འཚོགས་པ་རེད།

说明: C:\Users\admin\Documents\WeChat Files\wxid_tw0jiwg5m33122\FileStorage\Temp\c445bf5641ad3dc6c7ef66c946a0f604.jpg

ཚོགས་འདུའི་ཐོགསྡེ་བའི(སྡེ་ཁུལ)“ཨུ་ལྷན་གཉིས”ཀྱི་སྐབས་བརྗེའི་དུས་འགོའི་གྲ་སྒྲིག་ལས་དོན་གྱི་འཕེལ་རིམ་གནས་ཚུལ་དང་ཁུལ་ཡོངས་ཀྱི་2020ལོའི་གཞི་རིམ་ཏང་འཛུགས་སྐྱོང་གི་གཙོ་གནད་ལས་འགན་དོན་འཁྱོལ་ལ་སྐུལ་འདེད་གཏོང་བའི་ལྐོག་ཞིབ་ལྟ་ཞིབ་གནས་ཚུལ་བརྡ་ཁྱབ་བཏང་བ་དང་འབྲེལ་ལྐོག་ཞིབ་ལྟ་ཞིབ་བྱེད་རིང་ཤེས་རྟོགས་བྱུང་བའི་2020ལོའི་གཞི་རིམ་ཏང་འཛུགས་སྐྱོང་གི་གཙོ་གནད་ལས་འགན་ལ་སྐུལ་འདེད་ནུས་ལྡན་མི་ཐེབས་པའི་འབྲེལ་ཡོད་ཚན་པ་དང་འགན་འཁྲི་མི་སྣའི་ཐག་གཅོད་གཏན་འབེབས་བརྡ་ཁྱབ་ཀྱང་བཏང་བ་རེད།དུས་མཚུངས།གོམ་སྟབས་རྗེས་མར་ཁུལ་ཡོངས་ཀྱི་སྡེ་བའི(སྡེ་ཁུལ)“ཨུ་ལྷན་གཉིས”ཀྱི་སྐབས་བརྗེའི་ཐོག་མའི་ལས་དོན་ཐད་བཀོད་སྒྲིག་བྱས་པ་དང་ཚོགས་འདུའི་དགོངས་དོན་གཙོ་བོ་བློ་མཐུན་ལུའེ་ཀྲེ་ཅུན་གྱི་གསུང་བཤད་ནང་མངོན་པ་རེད།

说明: C:\Users\admin\Documents\WeChat Files\wxid_tw0jiwg5m33122\FileStorage\Temp\b503f57fa66cc6345fb2e9b3f5547b97.jpg

  ཚོགས་འདུའི་ཐོག་ད་ཐེངས་ཀྱི་སྡེ་བའི“ཨུ་ལྷན་གཉིས”ཀྱི་སྐབས་བརྗེའི་ལས་དོན་སྤེལ་བ་རེད། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བྱེད་པའི་རྒྱལ་ཁ་ཕུ་ཐག་གཅོད་པའི་དུས་མཚམས་དང་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུ་དེ་རྒྱུན་ཆད་མེད་པར་གཏིང་ཟབ་ཀྱི་འཕེལ་རྒྱས་དུས་བབ་འོག་སྤེལ་བའི་གཞི་རིམ་གྱི་ཆབ་སྲིད་བྱེད་སྒོ་གལ་ཆེན་ཞིག་ཡིན་པ་དེ་སྡེ་བ་རིམ་པའི་སྐབས་བརྗེ་ཐེངས་ཁ་ཤས་དང་བསྡུར་ན།དམིགས་འབེན་དང་བླང་བྱ་སྔར་ལས་མཐོ་བ་དང་འོས་ མིའི་བླང་བྱ་སྔར་ལས་ནན་པོ་ཡིན།སྡེ་བ་རིམ་པའི་སྐབས་བརྗེ་ནི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཡིན།རྫོང་དང་གྲོང་ ཁྱེར་ཁག་གིས་མིག་སྔའི་མདུན་དུ་ལྷགས་པའི་གནས་བབ་གསར་པ་དང་ལས་འགན་གསར་པ་ཁོང་དུ་གཏིང་ཟབ་ཆུད་པ་དང་། དཀའ་ངལ་ལ་སྐྲག་པའི་བསམ་ཚུལ་དང་། གོམས་གཤིས་ཀྱི་བསམ་བློ། བབ་ལྟའི་རྣམ་འགྱུར་བཅས་ཁྱད་བསད་བྱས།ད་ཐེངས་ཀྱི་སྡེ་བའི“ཨུ་ལྷན་གཉིས”ཀྱི་སྐབས་བརྗེའི་ལས་དོན་དེ་མིག་སྔའི་ལས་དོན་གྱི་གལ་ཆེའི་ནང་གི་འགངས་ཆེར་བརྩིས་ནས་དམ་འཛིན་ཏན་ཏིག་བྱེད་དགོས།

说明: C:\Users\admin\Documents\WeChat Files\wxid_tw0jiwg5m33122\FileStorage\Temp\412c3263a7c73f6183f8250483c80632.jpg

ཚོགས་འདུའི་ཐོག་གཅིག་ནས་ཀྲུང་དབྱང་དང་ཞིང་ཆེན་དང་ཁུལ་ཨུའི་དགོངས་དོན་ཁྱོན་ཡོངས་ནས་ཁོང་དུ་ཆུད་པ་བྱེད་དགོས།ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་ཏན་ཏིག་གཏོང་བ།འགན་འཁྲི་འཁུར་ཤུགས་ཆེ་རུ་གཏོང་བ།ཚད་མཐོའི་ཆབ་ སྲིད་ཀྱི་འགན་འཁྲི་འཁུར་སེམས་དང་འགན་འཁྲི་འཁུར་ཕོད་པའི་ལས་འགན་སྒྲུབ་སེམས་ལ་བརྟེན་ནས་ལས་དོན་ལ་སྐུལ་ འདེད་བཏང་སྟེ་ཁུལ་ཡོངས་ཀྱི་སྡེ་བ་རིམ་པའི་རྩ་འཛུགས་སྐབས་བརྗེའི་འགོ་འཛུགས་ས་མཐོ་པོའི་ཐོག་ནས་ཇུས་འགོད་ དང་། ཚད་གཞི་མཐོ་བའི་ལག་བསྟར། སྤུས་ཚད་མཐོ་བའི་སྒོ་ནས་མཇུག་བསྡུ་བ་བཅས་ཀྱི་འགན་ལེན་བྱས་པ་རེད། གཉིས་ནས་ལས་དོན་ལ་སྐུལ་འདེད་གཏོང་བའི་གོམ་སྟབས་སྟངས་འཛིན་ཡག་པོ་བྱེད་དགོས།དུས་ཚོད་ཀྱི་འདུ་ཤེས་འཛིན་ཤུགས་ཆེ་རུ་གཏོང་བ།སྤྱིའི་ཆ་ནས་ཟླ་དང་པོའི་ཟླ་མཇུག་གོང་སྡེ་བའི(སྡེ་ཁུལ)ཏང་ཀྲི་པུའི་སྐབས་བརྗེ་ལེགས་གྲུབ་བྱུང་བ་དང་།ཟླ་2པའི་ཟླ་མཇུག་གོང་སྡེ་བའི་ཨུ་ལྷན་དང་སྡེ་མི་ཨུ་ལྷན་གྱི་སྐབས་བརྗེ་ལེགས་གྲུབ་བྱུང་བ།ཟླ་གསུམ་པར་མཇུག་སྒྲིལ་བའི་ལས་དོན་གྱི་བཀོད་སྒྲིག་ལ་སྤྱི་འདོམས་སྐུལ་འདེད་བཏང་བ་རེད།གསུམ་ནས་སྔ་སྣུར་དུ་འོས་མིའི་ཇུས་འགོད་བཀོད་སྒྲིག་ཡག་པོ་བྱེད་དགོས།“ཧུར་བརྩོན་དང་བརྟན་བརླིང”གི་རྩ་བའི་དགོངས་གཞི་མཐའ་འཁྱོངས།སྡེ་བའི་ཏང་རྩ་འཛུགས་ཀྱི་ཧྲུའུ་ཅི་དང་སྡེ་ བའི་ཨུ་ལྷན་གྱི་ཀྲུའུ་རེན་100%ཡི་“ཕྲག་གཅིག་འཁུར”གྱི་སྤྱིའི་བླང་བྱ་ལྟར་དམིགས་ས་ཡོད་པའི་སྒོ་ནས་དུས་འགོའི་ལས་ དོན་སྤེལ་བ།སྐབས་གསར་པའི་“ཨུ་ལྷན་གཉིས་”ཀྱི་ཚན་པའི་འོས་མིའི་ཐད་ལ་བསམ་བློ་མང་ཙམ་གཏོང་བ་དང་ཐབས་ཤེས་མང་ཙམ་འདོན་དགོས། ད་ལྟའི་ལས་བྱེད་པར་གནས་ཚུལ་དབྱེ་ཞིབ་དང་། ཕྱོགས་བསྡུས་ཀྱིས་ཞིབ་འཇུག་དང་བརྡར་གཅོད། ལུགས་མཐུན་གྱིས་བཀོད་སྒྲིག་བཅས་བྱ་དགོས།ཞིབ་ཕྲའི་གནད་དོན་ལ་དབྱེ་ཞིབ་ཞིབ་ཕྲ་བྱེད་པ་ལས་སླ་བཅོས་དང་“གཅིག་དཔེ་བརྒྱ་འགེབས་”བྱེད་མི་རུང་།དུས་མཚུངས་འཇོན་ཐང་ཆེ་བ་དང་།སློབ་རྒྱུས་མཐོ་བ།གཞི་རིམ་གྱི་གནས་ཚུལ་ལ་རྒྱུས་མངའ་ཡོད་པ།མང་ཚོགས་ཀྱི་ཤུགས་རྐྱེན་ཡག་པ་བཅས་ཀྱི་ཞང་དང་གྲོང་རྡལ་གྱི་ལས་བྱེད་པ་ཁག་གཅིག་ཞིང་འབྲོག་གྲོང་ཚོར་ཏང་ཀྲི་པུའུ་ཧྲུའུ་ཅིའི་འགན་འཁུར་ནས་སྦྱོང་བརྡར་སྤྲོས་རྒྱུར་དོ་སྣང་བྱེད་དགོས།

ཚོགས་འདུའི་ཐོག་གཅིག་ནས་ཏང་གི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་དགོས།ཏང་གི་འགོ་ཁྲིད་སྐབས་བརྗེའི་ལས་དོན་གྱི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་བྱེད་པ་དང་།ཚོགས་སྤྱིའི་རང་བཞིན་གྱི་དོན་རྐྱེན་མི་ཐོན་པ་དང་།རིམ་བརྒལ་ངོ་བཅར་གྱི་ གནད་དོན་མི་ཐོན་པ།སྐྱོན་ཆ་ཡོད་པའི་མི་སྣ་གྲོང་ཚོ་རིམ་པའི་ཚན་ཁག་ནང་ཞུགས་རྒྱུ་དེ་གྲོང་ཚོ་རིམ་པའི་སྐབས་བརྗེའི་ལས་དོན་གྱི་མ་མཐའི་མཚམས་ཐིག་གསུམ་ལ་བརྩི་དགོས།རིམ་ཁག་ཏང་ཨུས་སྡེ་བ་རིམ་པའི་སྐབས་བརྗེའི་བརྒྱུད་རིམ་ཧྲིལ་པོར་ འགོ་ཁྲིད་ཀྱི་འགག་སྒོ་ནན་པོ་སྲུང་ནས་སྐབས་བརྗེའི་ལས་དོན་གྱི་གཙོ་ཁྲིད་དབང་ཆ་སྟངས་འཛིན་ནན་པོ་བྱེད་དགོས། གཉིས་ནས་ལས་ཀའི་མཉམ་ཤུགས་གཅིག་ཏུ་སྒྲིལ་དགོས།རྫོང་དང་གྲོང་ཁྱེར་ཁག་དང་།ཞང་དང་གྲོང་རྡལ་ཁག་གིས་འགན་ འཁྲིའི་འབྲེལ་ཐག་དམ་དུ་གཏོང་བ། གཅིག་ལ་གཅིག་སྦྲེལ་དང་རིམ་པ་རེ་རེ་བཞིན་བརྒྱུད་འདྲེན་བྱས་ཏེ། སྟོབས་ཤུགས་གཅིག་སྒྲིལ་གྱིས་སྐབས་བརྗེའི་ལས་ཀའི་ལས་འགན་དོན་འཁྱོལ་ཡོང་བར་སྐུལ་འདེད་བཏང་ཡོད།སྐབས་བརྗེའི་ལས་དོན་གྱི་ གནད་སྨིན་མཛུབ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་སྡེ་ཚན་མཉམ་འགུལ་ལ་ཤུགས་སྣོན་བརྒྱབ་ནས་ཕྱོགས་ཡོངས་ནས་སྐབས་བརྗེའི་ལས་དོན་ལ་སྟོབས་ཤུགས་ཀྱི་འགན་ལེན་དང་། རྩ་འཛུགས་ཀྱི་འགན་ལེན།མཛུབ་ཁྲིད་ཀྱི་འགན་ལེན་བཅས་བྱེད་དགོས། “གཅིག་བཞིའི་”ལས་ཀའི་ལམ་སྲོལ་དང་འབྲེལ་གཏུག་རོགས་ཁྲིད་ཀྱི་ཕུགས་ཕན་ལམ་སྲོལ་ཡོངས་ཁྱབ་ཏུ་འཛུགས་པ་དང་དོན་འཁྱོལ་བྱེད་དགོས།གསུམ་ནས་དྲིལ་བསྒྲགས་ཁྲིད་སྟོན་ལ་ཤུགས་སྣོན་རྒྱག་དགོས།སྡེ་བའི་ཨུ་ལྷན་གཉིས་ཀྱི་སྐབས་བརྗེའི་འདེམས་བསྐོའི་ལས་དོན་སྤེལ་བར།དམངས་འདོད་དང་བསྟུན་པ་དང་དམངས་སེམས་གཅིག་སྒྲིལ་བྱེད་དགོས།དྲང་གཞག་དང་།ཡོངས་བསྒྲགས།དྲང་གཞག་བཅས་ཀྱི་རྩ་དོན་རྒྱུན་འཁྱོངས་བྱས་ཏེ་དུས་རིམ་གོང་མའི་ལས་ཀའི་རྨང་གཞིའི་ཐོགགླེང་ཕྱོགས་ཀྱི་ཟིལ་ཤུགས་མུ་མཐུད་ཆེ་རུ་བཏང་ནས་ཏང་ཡོན་དང་མང་ཚོགས་ཀྱི་བསམ་བློ་གཅིག་གྱུར་ཡོང་བ་བྱས་ཏེ་སྐབས་བརྗེའི་ འདེམས་བསྐོའི་མང་ཚོགས་ཀྱི་རྨང་གཞི་དང་བསམ་བློའི་རྨང་གཞི་བརྟན་དུ་གཏོང་དགོས།


©༢༠༡༧ཀན་ལྷོའི་ཏང་གི་འཛུགས་སྐྲུན་དྲ་བ། ཀྲུང་གུང་ཀན་ལྷོ་ཁུལ་ཨུའི་རྩ་འཛུགས་པུའུ་ཡིས་གཙོ་སྒྲུབ་བྱས་པས་པར་དབང་འདི་གར་དབང་།

སྡོད་གནས། ཀན་ལྷོ་ཁུལ་ཨུའི་གཅིག་གྱུར་གཞུང་ལས་ཐོག་ཁང་གི་དྲུག་ཐོག ཁ་པར། ༠༩༤༡--༨༢༢༢༡༥༩ སྦྲག་ཨང་། ༧༤༧༠༠༠

དྲ་ངོས་རྡེབ་ཚད།མི་ཐེངས། དྲ་ངོས་སྒྲིག་བཟོ། ཧུང་ཏེན་དྲ་རྒྱ།

甘公网安备 62300102000044号