今天是:

གཞུང་ལུགས་ཞིབ་འཇུག

གཞུང་ལུགས་བརྩམས་ཆོས།

མདུན་ཤོག > གཞུང་ལུགས་ཞིབ་འཇུག > གཞུང་ལུགས་བརྩམས་ཆོས།

ཀྲུང་གོའི་གུང་ཁྲན་ཏང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ལས་དོན་སྲོལ་ཡིག

(2020ལོའི་ཟླ་9ཚེས་28ཉིན་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཚོགས་འདུའི་ཐོག་2020ལོའི་ཟླ་9ཚེས་30ཉིན་ཀྲུང་གུང་ཀྲུང་ དབྱང་གིས་ཡོངས་བསྒྲགས་བྱ་རྒྱུར་གྲོས་ཞིབ་དང་ཆོག་མཆན་སྤྲད་པ)

ལེའུ་དང་པོ། སྤྱིའི་དོན་ཚན།

དོན་ཚན་དང་པོ། ཏང་གི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ལས་ཀར་ཤུགས་སྣོན་རྒྱག་ཆེད། ཀྲུང་གོའི་གུང་ཁྲན་ཏང་གི་སྒྲིག་ཡིགགཞིར་བཟུང་ནས་སྲོལ་ཡིག་འདི་བཟོས་པ་ཡིན།

དོན་ཚན་གཉིས་པ། ཏང་གི་འགོ་ཁྲིད་ལས་ཁུངས་མཐོ་ཤོས་ནི་ཏང་གི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་དང་དེ་ལས་བདམས་ཐོན་བྱུང་བའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་ཡིན།རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་གྲོལ་རྗེས་ཀྱི་རིང་ལ་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གིས་ཏང་གི་ལས་ཀ་ཡོངས་རྫོགས་ལ་འགོ་ཁྲིད་བྱ་རྒྱུ་དང་། ཕྱི་ཕྱོགས་ལ་ཀྲུང་གོའི་གུང་ཁྲན་ཏང་གི་འཐུས་ཚབ་བྱ་རྒྱུ།

   དོན་ཚན་གསུམ་པ། ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གིས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དར་ཆ་རླབས་པོ་ཆེ་མཐོན་པོར་བསྒྲེངས། མར་ཁེ་སི་ལེ་ཉིན་རིང་ལུགས་དང་།མའོ་ཙེ་ཏུང་གི་དགོངས་པ། ཏེང་ཞའོ་ཕིན་གྱི་རིགས་པའི་གཞུང་ལུགས། “མཚོན་བྱེད་གསུམ་”གྱི་དགོངས་པ་གལ་ཆེན།ཚན་རིག་དང་མཐུན་པའི་འཕེལ་རྒྱས་ལྟ་བ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་བཅས་སློབ་སྟོན་དུ་བཟུང་སྟེ།སྣེ་ཁྲིད་དེ་“འདུ་ཤེས་བཞི་”ཇེ་བརྟན་དུ་གཏོང་བ་དང་།“གདེང་ཚོད་བཞི་”ཇེ་བརྟན་དུ་གཏོང་བ།“སྲུང་སྐྱོང་གཉིས་”བྱེད་ཐུབ་པ་བཅས་བྱས།ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བ།ཁྱོན་ཡོངས་ཀྱི་གནས་ཚུལ་འཛིན་སྐྱོང་དང་ཕྱོགས་ཁག་མཐུན་སྦྱོར་བྱེད་པ།ཡང་དག་པའི་ཆབ་སྲིད་ཀྱི་ལངས་ཕྱོགས་དང་ཆབ་སྲིད་ཀྱི་ཁ་ཕྱོགས་བརྟན་དུ་བཏང་ནས་ཏང་ཡོངས་དང་།དམག་ཡོངས།རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་བཅས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ཆེན་ཕྱོགས་ཡོངས་ནས་སྐྲུན་ཐུབ་པ་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་ཆེད་འབད་འཐབ་ལྷོད་ མེད་བྱེད་དགོས།

དོན་ཚན་བཞི་པ། ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གིས་ལས་དོན་སྤེལ་ནས་གཤམ་གསལ་གྱི་རྩ་དོན་ཁོང་དུ་བརྟན་པོ་ཆུད་པ་བྱེད་དགོས་པ་སྟེ།   

(གཅིག)ཏང་གིས་ལས་དོན་མཐའ་དག་ལ་འགོ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་བྱས་ནས་ཏང་ཀྲུང་དབྱང་གི་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་འགན་ལེན་བྱེད་དགོས།

  (གཉིས། )ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་མཐའ་འཁྱོངས་དང་འཕེལ་རྒྱས་གཏོང་བ་དང་།ཏང་གི་གཞི་རྩའི་རིགས་པའི་གཞུང་ལུགས་དང་། གཞི་རྩའི་ལམ་ཕྱོགས། གཞི་རྩའི་ཇུས་གཞི་བཅས་ཕྱོགས་ཡོངས་ནས་ལག་ལེན་མཐར་ཕྱིན་བསྟར་དགོས།

  (གསུམ། )བསམ་བློ་བཅིངས་འགྲོལ་དང་།དངོས་ཐོག་བདེན་འཚོལ།དུས་བསྟུན་མདུན་སྐྱོད།བདེན་འཚོལ་དོན་གཉེར་བཅས་མཐའ་ འཁྱོངས་བྱ་དགོས།

  (བཞི། )བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་རྒྱུ་མཐའ་འཁྱོངས་བྱ་དགོས། མི་དམངས་ལྟེ་བར་འཛིན་པ་དང་། མི་དམངས་ཀྱི་ཆེད་དུ་སྲིད་སྐྱོང་བ། མི་དམངས་ལ་བརྟེན་ནས་སྲིད་སྐྱོང་བཅས་བྱ་དགོས།

  (ལྔ། )དམངས་གཙོ་གཅིག་སྡུད་ལམ་ལུགས་མཐའ་འཁྱོངས་དང་། ཏང་ནང་གི་དམངས་གཙོ་དར་སྤེལ་གང་ལེགས། ཡང་དག

་ནུས་ལྡན་གྱི་གཅིག་སྡུད་ལག་བསྟར་བྱས་ནས་ཏང་གི་མཐུན་སྒྲིལ་དང་གཅིག་གྱུར་སྲུང་སྐྱོང་བྱེད་དགོས།   

       (དྲུག)ཏང་དོ་དམ་དང་ཏང་ནན་སྐྱོང་མཐའ་འཁྱོངས་བྱས་ནས་ཏང་གི་སྔོན་ཐོན་རང་བཞིན་དང་དྭངས་གཙང་རང་བཞིན་ནམཡང་རྒྱུན་འཁྱོངས་བྱས་ཡོད།

      ལེའུ་གཉིས་པ། འགོ་ཁྲིད་ཀྱི་གོ་གནས།

དོན་ཚན་ལྔ་པ།ཀྲུང་དབྱང་ཨུ་ཡོན་ལྷན་ཁང་དང་།ཀྲུང་དབྱང་ཆབ་སྲིད་ཅུས།ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་བཅས་ནི་ཏང་གི་རྩ་འཛུགས་མ་ལག་གི་ཀླད་ཆེན་དང་ལྟེ་བ་ཡིན།ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བྱ་ གཞག་ལ་སྐུལ་འདེད་གཏོང་རིང་ཁ་ཕྱོགས་འཛིན་པ་དང་།ཁྱོན་ཡོངས་དོན་གཉེར།སྲིད་ཇུས་གཏན་འཁེལ།བསྒྱུར་བཅོས་ལ་སྐུལ་སྤེལ་བཅས་བྱ་དགོས།ཏང་ཡོངས་དང་རྒྱལ་ཡོངས་ཀྱི་རང་བཞིན་ལྡན་པའི་བྱེད་ཕྱོགས་དང་སྲིད་ཇུས་ཀྱི་གནད་དོན་གལ་ཆེན་ལ་ཏང་ཀྲུང་དབྱང་ཁོ་ནར་མ་གཏོགས་ཆོད་དོན་འཇོག་པ་དང་འགྲེལ་བཤད་བྱེད་པའི་དབང་ཆ་མེད།ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ གལ་ཆེན་ནི་ཏང་ཡོངས་དང་། དམག་ཡོངས། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་བཅས་ཀྱི་བསམ་བློ་གཅིག་གྱུར་དང་། འདོད་བློ་གཅིག་གྱུར། བྱ་སྤྱོད་གཅིག་གྱུར་བཅས་ཀྱི་གཞི་འཛིན་ས་ཡིན།

དོན་ཚན་དྲུག་པ། ཏང་ཀྲུང་དབྱང་གིས་འཐབ་རྩོད་རླབས་པོ་ཆེ་དང་། ལས་གཞི་རླབས་པོ་ཆེ། བྱ་གཞག་རླབས་པོ་ཆེ། ཕུགས་འདུན་རླབས་པོ་ཆེ་བཅས་ལ་གཅིག་འདོམས་བྱེད་པ།“ཕྱོགས་ལྔ་གཞི་གཅིག་”གི་སྤྱིའི་བཀོད་པ་གཅིག་གྱུར་འཆར་འགོད་ཀྱིས་སྐུལ་འདེད་གཏོང་བ།“ཕྱོགས་ཡོངས་བཞི་”ཡི་འཐབ་ཇུས་བཀོད་པ་མཐུན་སྦྱོར་ངང་སྐུལ་འདེད་གཏོང་བ།བསྒྱུར་བཅོས་གོང་སྤེལ་བརྟན་ ལྷིང་གསུམ་དང་།ནང་སྲིད་ཕྱི་འབྲེལ་རྒྱལ་སྲུང་གསུམ།ཏང་སྐྱོང་རྒྱལ་སྐྱོང་དམག་སྐྱོང་སོགས་ཁྱབ་ཁོངས་ཁག་དང་ཕྱོགས་གང་ཅིའི་ལས་ཀར་ཕྱོགས་ཡོངས་ནས་འགོ་ཁྲིད། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་གཏོང་བའི་ལས་དོན་གལ་ཆེན་ལ་གཅིག་བསྡུས་དང་གཅིག་གྱུར་གྱིས་འགོ་ཁྲིད་བྱ་དགོས།

 དོན་ཚན་བདུན་པ།མི་དམངས་འཐུས་ཚོགས་དང་ སྲིད་གཞུང་།སྲིད་གྲོས།ལྟ་ཞིབ་ལས་ཁུངས།འདྲི་གཅོད་ལས་ཁུངས། ཞིབ་དཔྱོད་ལས་ཁུངས་བཅས་རིམ་པ་ཁགདྲག་པོའི་སྟོབས་ཤུགས་དང་།དམངས་གཙོའི་ཏང་ཤོག་ཁག་དང་ཏང་ཤོག་གང་ལའང་མི་གཏོགས་པའི་མི་སྣ།མི་དམངས་ཀྱི་ཚོགས་པ།ཁེ་ལས་དང་བྱ་ལས་སྡེ་ཚན།གཞི་རིམ་མང་ཚོགས་རང་བཞིན་གྱི་རང་སྐྱོང་རྩ་འཛུགས་དང་སྤྱི་ ཚོགས་རྩ་འཛུགས་སོགས་ཚང་མས་ངེས་པར་དུ་རང་རྟོགས་ངང་ཏང་ཀྲུང་དབྱང་གི་འགོ་ཁྲིད་དང་ལེན་བྱེད་དགོས།

 དོན་ཚན་བརྒྱད་པ། ཏང་ཡོངས་ཀྱི་རྩ་འཛུགས་ཁག་དང་ཏང་ཡོན་ཡོངས་ཀྱིས་ངེས་པར་དུ་རང་རྟོགས་ཀྱིས་ཏང་ཀྲུང་དབྱང་ལ་བརྩི་བཀུར་ཞུ་དགོས།ཏང་ཀྲུང་དབྱང་ལ་མིག་ལྟོས་བྱེད་པ་དང་།ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་གྱི་ འགོ་ཁྲིད་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ།བསམ་བློ་དང་།ཆབ་སྲིད།བྱ་སྤྱོད་བཅས་ཀྱི་ཐད་རང་རྟོགས་ངང་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་བ་བྱེད་དགོས།

ལེའུ་གསུམ་པ། འགོ་ཁྲིད་སྒྲིག་སྲོལ་སྐོར།

དོན་ཚན་དགུ་པ། ཀྲུང་དབྱང་ཨུ་ཡོན་ལྷན་ཁང་ནི་ཏང་གི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐོག་བདམས་ཐོན་བྱ་རྒྱུ། ཨུ་ཡོན་དང་རྗེས་སྣོན་ཨུ་ཡོན་ལས་འགྲུབ་རྒྱུ་དང་།སྐབས་རེའི་འགན་འཛིན་ཡུན་ཚད་ལོ་ལྔ་རེ་ཡིན།གལ་ཏེ་དུས་བཀག་གི་སྔོན་ནམ་དུས་འགྱངས་ཀྱིས་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་འཚོགས་ཚེ།ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་འགན་འཁུར་ཡུན་ཚད་ཀྱང་དེ་མཚུངས་སུ་བསྒྱུར་དགོས། 

ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་དང་རྗེས་སྣོན་ཨུ་ཡོན་གྱི་མི་གྲངས་མང་ཉུང་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་གྱིས་གཏན་འཁེལ་བྱ་རྒྱུ། ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་དང་རྗེས་སྣོན་ཨུ་ཡོན་ངེས་པར་དུ་ཏང་ལོ་ལྔ་ཡན་ལོན་པ་ཡིན་དགོས། འོས་མི་རྣམས་ས་ཁུལ་ཁག་དང་།སྡེ་ཁག་ཁགའཐབ་ཕྱོགས་ཁགལས་རིགས་ཁག་བཅས་ཀྱི་ཏང་གི་སྲིད་སྐྱོང་རྐང་འཛིན་པ་དང་ཕུལ་ བྱུང་འཐུས་མི་གཅིག་སྡུད་བྱས། ཆབ་སྲིད་བརྟན་པོ་དང་།བྱང་ཚད་མཐོ་བ།ཁྱབ་ཚུལ་དོ་མཉམ།གྲུབ་ཚུལ་ལུགས་མཐུན་བཅས་ཡིན་པས། ཏང་སྐྱོང་རྒྱལ་སྐྱོང་དམག་སྐྱོང་དང་།དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་ལ་སྐུལ་ འདེད་གཏོང་བའི་ལོ་རྒྱུས་ཀྱི་ལས་འགན་ལྗིད་པོ་འཁུར་ཐུབ།   

ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་མ་ཚང་བའི་སྐབས་སུ་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་རྗེས་སྣོན་ཨུ་ཡོན་ནང་ནས་ འདེམས་ཤོག་ཐོབ་གྲངས་མང་ཉུང་ལ་གཞིགས་ནས་རིམ་པ་ལྟར་ཁ་སྐོང་བྱ་དགོས།

 དོན་ཚན་བཅུ་པ། ཀྲུང་དབྱང་ཆབ་སྲིད་ཅུས་དང་། ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་། ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་སྤྱི་ཁྱབ་ཧྲུའུ་ཅི་བཅས་ནི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐོག་འདེམས་བསྐོ་བྱ་རྒྱུ། ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་སྤྱི་ཁྱབ་ཧྲུའུ་ཅི་དེ་ངེས་པར་དུ་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་གྱི་ཁྲོད་ནས་འདེམས་དགོས།

        ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ནི་ཀྲུང་དབྱང་ཆབ་སྲིད་ཅུས་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་དོན་གཅོད་ལས་ཁུངས་ཡིན། དེའི་ཁོངས་མི་ནི་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་འོས་མིང་བཏོན་ཏེ་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ ཚང་འཛོམས་གྲོས་ཚོགས་ཐོག་གྲོས་འཆམ་བྱ་རྒྱུ།

སྐབས་རེ་རེའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་ལས་བདམས་ཐོན་བྱུང་བའི་ཀྲུང་དབྱང་གི་འགོ་ཁྲིད་ལས་ཁུངས་དང་ཀྲུང་དབྱང་གི་འགོ་ཁྲིད་པ།སྐབས་རྗེས་མའི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་འཚོག་རིང་སྐབས་རྗེས་མའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་ནས་ཀྲུང་དབྱང་གི་འགོ་ཁྲིད་ལས་ཁུངས་དང་ཀྲུང་དབྱང་གི་འགོ་ཁྲིད་པ་གསར་པ་བདམས་ཐོན་མ་བྱུང་བར་དུ་ཏང་གི་རྒྱུན་ལྡན་གྱི་ལས་ཀ་ རྣམས་མུ་མཐུད་དེ་གཙོ་སྐྱོང་བྱ་དགོས།

   དོན་ཚན་བཅུ་གཅིག་པ།ཏང་ཀྲུང་དབྱང་གི་འགོ་ཁྲིད་འོགཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གིས་ཏང་དང་རྒྱལ་ཁབ་ཀྱི་དམག་དོན་འགོ་ཁྲིད་ལས་ཁུངས་མཐོ་ཤོས་ཀྱི་འགན་འཁྲི་བསྒྲུབ་རྒྱུ།ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་དུ་ཀྲུའུ་ཞིས་འགན་ འཁུར་བའི་ལམ་ལུགས་ལག་ལེན་བསྟར།

  དོན་ཚན་བཅུ་གཉིས་པ། ཏང་ཀྲུང་དབྱང་གི་འགོ་ཁྲིད་འོགཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་(རྒྱལ་ཁབ་ལྟ་ཞིབ་ཨུ་ཡོན་ལྷན་ཁང་)གིས་ཏང་གི་ཆེས་མཐོའི་སྒྲིག་ཁྲིམས་ཞིབ་བཤེར་ལས་ཁུངས་(རྒྱལ་ཁབ་ཀྱི་ཆེས་མཐོའི་ལྟ་ཞིབ་ལས་ཁུངས་)ཀྱི་འགན་འཁྲི་བསྒྲུབ་དགོས།

 དོན་ཚན་བཅུ་གསུམ་པ། ཏང་ཀྲུང་དབྱང་གིས་ཐབས་ཇུས་དང་དོན་གྲོས་མཐུན་སྦྱོར་ལས་ཁུངས་དུ་མ་བཙུགས། ཏང་ཀྲུང་དབྱང་གི་འགོ་ཁྲིད་འོགའབྲེལ་ཡོད་ལས་དོན་གལ་ཆེན་ལ་འགན་འཁུར་བའི་རྩེ་རིམ་ཇུས་འགོད་དང་།གཅིག་གྱུར་གྱིས་འཆར་འགོད་དང་མཐུན་སྦྱོར། ཁྱོན་ཡོངས་སྐུལ་སྤེལ། དོན་འཁྱོལ་ལ་སྐུལ་འདེད་བཅས་བྱེད་དགོས།     ཏང་ཀྲུང་དབྱང་གིས་ལས་དོན་ལས་ཁུངས་དུ་མ་བཙུགས་ནས་ཏང་ཀྲུང་དབྱང་གི་འགོ་ཁྲིད་འོག་ཀྲུང་དབྱང་གི་འབྲེལ་ཡོད་ལས་དོན་གཙོ་གཉེར་བྱེད་པའམ་ཡང་ན་སྒྲུབ་གཉེར་བྱེད་དགོས།

 ཏང་ཀྲུང་དབྱང་གིས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་། རྒྱལ་ཡོངས་སྲིད་གྲོས། ཆེས་མཐོའི་མི་དམངས་ཁྲིམས་ཁང་། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་སོགས་སུ་ཏང་ཙུའུ་བཙུགས། ཏང་ཀྲུང་དབྱང་ལ་འགན་འཁུར་ནས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱེད་དགོས།

 ལེའུ་བཞི་པ། འགོ་ཁྲིད་ཀྱི་འགན་དབང་སྐོར།

 དོན་ཚན་བཅུ་བཞི་པ། ཏང་གི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་གྲོལ་རྗེས་ཀྱི་རིང་ལ་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གིས་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་གྱི་གྲོས་ཆོད་ལག་ལེན་བསྟར་རྒྱུ་དང་། གཤམ་གསལ་གྱི་འགན་དབང་སྤྱོད་རྒྱུ་སྟེ།  

(གཅིག)རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་སྐོང་འཚོག་བྱས་ནས་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་གྱི་འཐུས་མིའི་མི་གྲངས་མང་ཉུང་དང་འདེམས་བསྐོ་བྱེད་ཐབས་གཏན་འབེབས་བྱ་རྒྱུ་དང་།ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གིས་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ལ་ཕུལ་བའི་སྙན་ཞུ་དང་།ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གིས་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ལ་ཕུལ་བའི་སྙན་ཞུ།ཏང་གི་སྒྲིག་ཡིག་དག་བཅོས་འཆར་ཟིན་བཅས་ལ་གྲོས་བསྡུར་བྱས།རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ལ་ཞིབ་བཤེར་དང་གྲོས་ཞིབ་གནང་བར་འབུལ་རྒྱུའི་གྲོས་ཐག་ཀྱང་བཅད་པ་ཡིན།དགོས་གལ་བྱུང་ཚེ་ཏང་གི་རྒྱལ་ཡོངས་འཐུས་མིའི་གྲོས་ཚོགས་སྐོང་འཚོག་བྱ་རྒྱུ་དང་།རྒྱལ་ཡོངས་འཐུས་མིའི་གྲོས་ཚོགས་ཀྱི་འཐུས་མིའི་མི་གྲངས་དང་འཐུས་མི་བདམས་ཐོན་བྱེད་ཐབས་གྲོས་ཐག་གཅོད་རྒྱུ།

  (གཉིས། )ཀྲུང་དབྱང་འགོ་ཁྲིད་ལས་ཁུངས་དང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་སྤྱི་ཁྱབ་ཧྲུའུ་ཅི་བདམས་ཐོན་བྱ་རྒྱུ། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཁོངས་མི་བརྒྱུད་དེ་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཁོངས་མི་གཏན་འཁེལ་བྱ་རྒྱུ་དང་། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐོག་བདམས་ཐོན་བྱུང་བའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་། ཧྲུའུ་ཅི།ཧྲུའུ་ཅི་གཞོན་པ་བཅས་ལ་ཆོག་མཆན་འགོད་རྒྱུ།ཀྲུང་དབྱང་འགོ་ཁྲིད་ལས་ཁུངས་ཀྱི་ཁོངས་མི་ཁ་སྣོན་དང་གསབ་འདེམས་བྱ་རྒྱུ་དང་། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཁོངས་མི་དང་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཁོངས་མི་གསབ་སྣོན་བྱ་རྒྱུ།

  (གསུམ། )ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ལས་དོན་སྙན་ཞུ་ཉན་འཇོག་དང་གྲོས་བསྡུར་བྱ་རྒྱུ།  

  (བཞི། )ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་གཏོང་བའི་ཁྱོན་ཡོངས་དང་འབྲེལ་བ་ཡོད་པའི་གནད་དོན་གལ་ཆེན་གྲོས་བསྡུར་དང་ཐག་གཅོད་བྱ་དགོས།

  (ལྔ། )རྒྱལ་ཁབ་ཀྱི་ཀྲུའུ་ཞི་དང་ཀྲུའུ་ཞི་གཞོན་པས་འོས་མི་མཚམས་སྦྱོར་བྱས་ནས་ཐག་གཅོད་རྒྱུ། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་།རྒྱལ་སྲིད་སྤྱི་ཁྱབ་ཁང་།རྒྱལ་ཡོངས་སྲིད་གྲོས། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་། རྒྱལ་ཁབ་ལྟ་ཞིབ་ཨུ་ཡོན་ལྷན་ཁང་།ཆེས་མཐོའི་མི་དམངས་ཁྲིམས་ཁང་།  ཆེས་མཐོའི་མི་

དམངསཞིབ་དཔྱོད་ཁང་བཅས་ཀྱི་འགོ་ཁྲིད་མི་སྣས་འོས་མི་འོས་སྦྱོར་བྱ་རྒྱུ།

(དྲུག)ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་རིམ་གསབ་བྱ་རྒྱུའི་གྲོས་ཐག་གཅོད་རྒྱུ། ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་དང་རྗེས་སྣོན་ཨུ་ཡོན་གྱིས་ཏང་ནང་གི་གོ་གནས་ཕྱིར་འཐེན་དང་ཏང་ནང་བཞག་ནས་ལྟ་ཞིབ་བྱེད་པའམ་ཡང་ན་ཏང་གི་སྐྱིད་སྡུག་ནས་འབུད་རྒྱུའི་ཆད་པ་གཅོད་རྒྱུའམ་ཡང་ན་རྗེས་སུ་ཁས་ལེན་རྒྱུ།  

(བདུན། )ཏང་གིས་རྒྱལ་སྲིད་སྐྱོང་ལུགས་དང་ཏང་དོ་དམ་དང་ཏང་བཅོས་སྐྱོང་བྱེད་རིང་གི་གནད་དོན་དང་དོན་དག་གལ་ཆེན་གཞན་དག་གྲོས་བསྡུར་དང་ཐག་གཅོད་བྱ་རྒྱུ།ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་གྲོལ་རྗེས་ཀྱི་རིང་ལ་ཀྲུང་ དབྱང་ཨུ་ཡོན་ལྷན་ཁང་གི་འགན་དབང་ནི་ཀྲུང་དབྱང་ཆབ་སྲིད་ཅུས་དང་དེའི་རྒྱུན་ལས་ཨུ་

ཡོན་ལྷན་ཁང་གིས་སྤྱོད་རྒྱུ།ཀྲུང་དབྱང་ ཆབ་སྲིད་ཅུས་ཀྱིས་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་དང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་གྲོས་ཆོད་དང་ཆོད་དོན་ལག་ལེན་མཐར་ཕྱིན་བསྟར།ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ལ་ལས་ཀའི་སྙན་སེང་ཞུ་རྒྱུ་དང་།ལྟ་སྐུལ་དང་ལེན།གཤམ་གསལ་གྱི་འགན་དབང་སྤྱོད་རྒྱུ་སྟེ།

 (གཅིག)ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་སྐོང་ཚོགས་དང་གཙོ་སྐྱོང་བྱ་རྒྱུ་དང་། ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ལ་གྲོས་ཞིབ་གནང་རྒྱུར་འབུལ་རྒྱུའི་གནད་དོན་དང་དོན་གནད་ཞིབ་འཇུག་དང་ཐག་ གཅོད་བྱ་རྒྱུ།

  (གཉིས། )ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་གཏོང་བའི་ཁྱོན་ཡོངས་དང་འབྲེལ་བ་ཡོད་པའི་གནད་དོན་དང་དོན་དག་གལ་ཆེན་གྲོས་བསྡུར་དང་ཐག་གཅོད་བྱ་དགོས།

  (གསུམ། )ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་གྲོལ་རྗེས་ཀྱི་རིང་། ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་དང་རྗེས་སྣོན་ཨུ་ཡོན་གྱིས་ཏང་ནང་གི་གོ་གནས་མེད་པར་བཟོ་བ་དང་ཏང་ནང་བཞག་ནས་ལྟ་ཞིབ་བྱེད་པའམ་ཡང་ན་ཏང་གི་སྐྱིད་སྡུག་ནས་འབུད་རྒྱུའི་ཆད་པ་གཅོད་རྒྱུ་དང་།ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་འཚོག་སྐབས་མཇུག་སྐྱོང་ཁས་ལེན་བྱ་རྒྱུ།ཉེས་དོན་སྐོར་གྱི་ཁྲིམས་ལུགས་དང་ཚབས་ཆེན་འགལ་བའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་དང་རྗེས་སྣོན་ཨུ་ཡོན་ཏང་གི་སྐྱིད་སྡུག་ནས་ཕྱིར་འབུད་བྱས།

(བཞི། )འབྲེལ་ཡོད་གཏན་འབེབས་ལྟར་ལས་བྱེད་པ་འོས་སྦྱོར་དང་།མིང་འདོན་པ། བསྐོ་འཐེན་བཅས་བྱ་རྒྱུ།འབྲེལ་ཡོད་ཏང་གི་འགོ་ཁྲིད་ལས་བྱེད་པ་ཐག་གཅོད་དང་ཆད་པ་གཅོད་པའི་དོན་དག་ཐག་གཅོད།  

(ལྔ། )ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཐག་གཅོད་བྱ་དགོས་པའི་གནད་དོན་དང་དོན་དག་གལ་ཆེན་གཞན་དག་ཞིབ་འཇུག་དང་ཐག་གཅོད་བྱ་རྒྱུ་བཅས་ཡིན།

 དོན་ཚན་བཅུ་དྲུག་པ། ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་དང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་གྲོས་ཆོད་དང་ཆོད་དོན།ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་གཏན་འབེབས་བྱས་པའི་བྱེད་ཕྱོགས་དང་སྲིད་ཇུས་ལག་བསྟར་སྒྲིག་འཛུགས་བྱེད་པ་དང་། གཤམ་གསལ་གྱི་འགན་དབང་སྤྱོད་རྒྱུ།

 (གཅིག)ཏང་ཀྲུང་དབྱང་གི་ནམ་རྒྱུན་གྱི་ལས་དོན་ཐག་གཅོད་བྱེད་དགོས།

(གཉིས། )ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་གཏོང་བའི་ཁྱོན་ཡོངས་དང་འབྲེལ་བ་ཡོད་པའི་གནད་དོན་དང་དོན་དག་གལ་ཆེན་ཞིབ་འཇུག་དང་གྲོས་བསྡུར་བྱེད་པ་མ་ཟད་བསམ་འཆར་ཡང་འདོན་དགོས།ཀྲུང་དབྱང་ཆབ་སྲིད་ཅུས་ལ་གྲོས་ཞིབ་གནང་བྱར་འབུལ་དགོས།

        (གསུམ། )ཏང་དང་རྒྱལ་ཁབ་ཀྱི་ལས་དོན་ཁྲོད་ཀྱི་གནད་དོན་དང་དོན་དག་གལ་ཆེན་ཞིབ་འཇུག་དང་ཐག་གཅོད་བྱ་དགོས།

        (བཞི། )གློ་བུར་དུ་བྱུང་བའི་དོན་རྐྱེན་ཚབས་ཆེན་ཐག་གཅོད་བྱ་རྒྱུའི་ཆོད་དོན་དང་ལས་ཀའི་བཀོད་སྒྲིག་བྱ་དགོས། 

         (ལྔ། )ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ལས་དོན་སྙན་ཞུ་དང་།ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་(རྒྱལ་ཁབ་ལ་ཞིབ་ཨུ་ཡོན་ལྷན་ཁང་)དང་།རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ།རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཏང་ཙུའུ།རྒྱལ་ཡོངས་སྲིད་གྲོས་ཀྱི་ཏང་ཙུའུ།ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་ཏང་ཙུའུ།ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་ཏང་ཙུའུ་སོགས་ཀྱི་ལས་དོན་སྙན་ཞུ་ཉན་རྒྱུ།

        (དྲུག)འབྲེལ་ཡོད་གཏན་འབེབས་ལྟར་ལས་བྱེད་པ་འོས་སྦྱོར་དང་། མིང་འདོན་པ། བསྐོ་འཐེན་བཅས་བྱ་རྒྱུ། འབྲེལ་ཡོད་ཏང་གི་འགོ་ཁྲིད་ལས་བྱེད་པ་ཐག་གཅོད་དང་ཆད་པ་གཅོད་པའི་དོན་དག་ཐག་གཅོད། 

       (བདུན། )ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཐག་གཅོད་དགོས་པའི་གནད་དོན་དང་དོན་དག་གལ་ཆེན་གཞན་དག་ཞིབ་འཇུག་དང་ཐག་གཅོད་བྱ་རྒྱུ་བཅས་ཡིན།

                   དོན་ཚན་བཅུ་བདུན་པ། ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་སྤྱི་ཁྱབ་ཧྲུའུ་ཅི་ཡིས་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་གྲོས་ཚོགས་དང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་སྐོང་འཚོག་བྱེད་འགན་འཁུར་རྒྱུ་མ་ཟད། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ལས་ཀའང་གཙོ་སྐྱོང་བྱ་རྒྱུ།   

དོན་ཚན་བཅོ་བརྒྱད་པ། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡིས་ཀྲུང་དབྱང་ཆབ་སྲིད་ཅུས་དང་། ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་། ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་སྤྱི་ཁྱབ་ཧྲུའུ་ཅི་བཅས་ཀྱི་མཛུབ་སྟོན་ལྟར་ལས་ཀ་བཀོད་སྒྲིག་བྱ་རྒྱུ།

  ལེའུ་ལྔ་པ། འགོ་ཁྲིད་བྱེད་སྟངས།

དོན་ཚན་བཅུ་དགུ་པ།ཏང་ཀྲུང་དབྱང་གིས་གུང་ཁྲན་ཏང་གི་སྲིད་སྐྱོང་ཆོས་ཉིད།སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་གྱི་ཆོས་ཉིད།མིའི་རིགས་ཀྱི་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཆོས་ཉིད་བཅས་ཁོང་དུ་གཏིང་ཟབ་ཆུད་པར་བྱས།མར་ཁེ་སིའི་རིང་ལུགས་ཀྱི་བསམ་བློ་གཏོང་སྟངས་དང་ལས་ཀ་བྱེད་སྟངས་རྒྱུན་འཁྱོངས་དང་འཕེལ་རྒྱས་གཏོང་བ།དུས་རབས་གསར་པའི་བླང་བྱ་གསར་པ་དང་འཚམ་པར་བྱེད་པ་དང་།འགོ་ཁྲིད་བྱེད་སྟངས་ལེགས་བཅོས་དང་འཐུས་ཚང་དུ་གཏོང་བ།ཏང་གི་ཡུན་རིང་སྲིད་སྐྱོང་ནུས་པ་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ནས་ཚན་རིག་དང་མཐུན་པར་སྲིད་སྐྱོང་དང་།དམངས་གཙོའི་སྲིད་སྐྱོང་།ཁྲིམས་ལྟར་སྲིད་སྐྱོང་བཅས་བྱེད་པའི་ཏང་གི་ཆུ་ཚད་མཐོ་རུ་གཏོང་དགོས།

 དོན་ཚན་ཉི་ཤུ་པ། ཏང་ཀྲུང་དབྱང་གིས་དར་ཆ་བསྒྲེངས་ནས་ཁ་ཕྱོགས་གཏན་ཁེལ་དང་། གྲུ་གཟིངས་ལ་ཁ་ལོ་བསྒྱུར་ནས་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་མདུན་དུ་སྐྱོད་པའི་ཁ་ཕྱོགས་ལ་ཁྲིད་སྟོན་བྱ་དགོས།ཆབ་སྲིད་ཀྱི་ཁྲིད་སྟོན་ལ་ཤུགས་སྣོན་བརྒྱབ་ནས་བློ་བརྟན་འགྱུར་མེད་ངང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་ཐོག་བསྐྱོད་དགོས།བསམ་བློའི་ཁྲིད་སྟོན་ལ་ཤུགས་ སྣོན་བརྒྱབ་ནས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་ཏང་ཡོངས་ལ་ དྲག་ཆས་སྤྲོས་པ་དང་མི་དམངས་ལ་སློབ་གསོ་གཏོང་དགོས།ཉམས་འགྱུར་གྱི་སྣེ་ཁྲིད་ལ་ཤུགས་སྣོན་བརྒྱབ་ནས་བདེན་དོན་གྱི་སྟོབས་ཤུགས་ཆེན་པོ་དང་མི་གཤིས་ཀྱི་སྟོབས་ཤུགས་ལ་བརྟེན་ནས་ཏང་སེམས་དང་དམངས་སེམས་གཅིག་སྒྲིལ་བྱེད་དགོས།  

དོན་ཚན་ཉེར་གཅིག་པ།ཏང་ཀྲུང་དབྱང་གིས་ཁྱོན་ཡོངས་ཀྱི་གནས་ཚུལ་འཛིན་སྐྱོང་དང་ཕྱོགས་གང་ཅིའི་ཐད་མཐུན་སྦྱོར་ བྱས་ཏེ།ཏང་ཡོངས་དང་།དམག་ཡོངས།རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་བཅས་ཀྱི་འདོད་བློ་གཅིག་གྱུར་དང་།བྱ་སྤྱོད་གཅིག་གྱུར།གོམ་སྟབས་གཅིག་གྱུར་བཅས་ཀྱི་སྒོ་ནས་མདུན་དུ་སྐྱོད་པར་འགན་ལེན་ཏན་ཏིག་བྱ་དགོས།ལས་དོན་ཁག་གཅིག་འདོམས་བྱས་ ནས་ཏང་དང་རྒྱལ་ཁབ་ཀྱི་ཕྱོགས་ཁག་གི་བྱ་གཞག་ལ་སྤྱི་ཡོངས་ནས་སྐུལ་འདེད་གཏོང་དགོས།ཕྱོགས་གང་ཅིའི་སྟོབས་ཤུགས་གཅིག་འདོམས་བྱས་ནས་རྩ་འཛུགས་རིམ་པ་ཁག་དང་རིགས་ཁག་དང་།རྒྱ་ཆེའི་ཏང་ཡོན་དང་།ལས་བྱེད་པ།མང་ཚོགས་བཅས་གཞི་གཅིག་ཏུ་འགྱུར་བའི་བྱ་སྤྱོད་ལ་འགོ་ཁྲིད་བྱ་དགོས།རྒྱལ་ཁབ་བཅོས་སྐྱོང་ལ་གཅིག་འདོམས་བྱས་ཏེ།ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་བ་དང་།རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་ རབས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་དགོས།

        དོན་ཚན་ཉེར་གཉིས་པ།ཏང་ཀྲུང་དབྱང་གིས་ཚད་མཐོའི་འགན་འཁྲི་འཁུར་ཕོད་པ་དང་།དཀའ་ཉེན་རྟག་དྲན་གྱི་འདུ་ཤེས་ཆེན་པོ།དཔའ་ངར་ཞུམ་མེད་བཅས་ཀྱི་གསར་བརྗེའི་སྙིང་སྟོབས་ལ་བརྟེན།ཏང་ཡོངས་ཀྱི་འགོ་ཁྲིད་དེ་རླབས་ཆེན་རང་ངོས་གསར་བརྗེས་རླབས་ཆེན་སྤྱི་ཚོགས་གསར་བརྗེའི་སྣེ་ཁྲིད་དེ་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་བྱ་གཞག་རྒྱུན་ཆད་མེད་པར་མདུན་ཕྱོགས་སུ་སྐུལ་འདེད་གཏོང་དགོས།

 ལེའུ་དྲུག་པ། ཐབས་ཇུས་དང་བཀོད་སྒྲིག

 དོན་ཚན་ཉེར་གསུམ་པ། ཏང་ཀྲུང་དབྱང་གིས་ཐུན་མོང་ཐོག་འགོ་ཁྲིད་དང་། དམངས་གཙོ་གཅིག་སྡུད། རེ་ཟུང་ནང་མོལ། གྲོས་ཚོགས་ཐོག་ཐག་གཅོད་བཅས་བྱེད་པའི་རྩ་དོན་ལ་གཞིགས།ཏང་དང་རྒྱལ་ཁབ་ཀྱི་ལས་དོན་གྱི་གནད་དོན་གལ་ཆེན་ཇུས་ཐག་བཅད།དགོས་མཁོར་གཞིགས་ཏེ་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་དང་།ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་གྲོས་ཚོགས།ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་བཅས་སོ་སོར་འཚོགས་ནས་གྲོས་བསྡུར་དང་ཐག་གཅོད་བྱ་དགོས།   

ཏང་ཀྲུང་དབྱང་གིས་ཐབས་ཇུས་དང་བཀོད་སྒྲིག་གལ་ཆེན་བྱེད་པར་ངེས་པར་དུ་བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་བྱ་དགོས།ཕྱོགས་གང་ཅིའི་བསམ་འཆར་དང་གྲོས་འགོ་རྒྱ་ཁྱབ་ཏུ་ཉན་འཇོག་དང་།དབྱེ་ཞིབ་དང་རིགས་པས་ཁུངས་སྐྱེལ་བྱེད་ཤུགས་ཆེ་རུ་གཏོང་བ། བློ་གྲོས་དང་ངོས་འཛིན་གཅིག་མཐུན་ཡོང་བ་བྱས་ནས་ཚན་རིག་དང་མཐུན་པར་ཇུས་ཐག་གཅོད་པ་དང་། དམངས་གཙོས་ཇུས་ཐག་གཅོད་པ། ཁྲིམས་ལྟར་ཇུས་ཐག་གཅོད་པ་བཅས་བྱ་དགོས།

 དོན་ཚན་ཉེར་བཞི་པ།ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ལོ་རེར་ཉུང་མཐར་ཡང་ཐེངས་རེ་འཚོག་རྒྱུ། ཚོགས་འདུའི་གྲོས་དོན་དེ་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཏང་ནང་གི་ཁྱབ་ཁོངས་ངེས་ཅན་ནང་བསམ་འཆར་བསྡུ་ལེན་བྱས་རྗེས་ གཏན་འཁེལ་བྱེད་དགོས།  

 ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐོག་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཕྱེད་ཀ་ཡན་ཚོགས་འདུར་ཞུགས་ན་མ་གཏོགས་འཚོགས་མི་ཆོགཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་དང་རྗེས་སྣོན་ཨུ་ཡོན་རྒྱུ་རྐྱེན་གཞན་པའི་དབང་གིས་ཚོགས་འདུར་ཞུགས་མི་ཐུབ་མཁན་རྣམས་ཀྱིས་ཚོགས་འདུ་མ་འཚོགས་གོང་དགོངས་པ་ཞུ་དགོས།དེའི་བསམ་འཆར་ཡིག་ཐོག་ནས་མཚོན་ཆོག དགོས་མཁོར་གཞིགས་ནས་འབྲེལ་ཡོད་མི་སྣ་ཚོགས་འདུར་ཟུར་ཞུགས་བཀོད་སྒྲིག་བྱས་ཆོག 

གྲོས་བསྡུར་དང་ཐག་གཅོད་བྱས་པའི་དོན་དག་མི་འདྲ་བར་གཞིགས།ལག་པ་བཀྱགས་པ་དང་མིང་མ་བཀོད་པར་འདེམས་ཤོག་འཕེན་པ་སོགས་ཀྱི་བྱེད་ཐབས་སྤྱད་དེ་བརྡས་ཐག་བཅད་པ་དང་མོས་མཐུན་འདེམས་ཤོག་དེ་ཚོགས་འདུར་ཞུགས་དགོས་པའི་ཨུ་ཡོན་གྱི་ཕྱེད་ཀ་ལས་བརྒལ་ཚེ་གྲོས་འཆམ་བྱུང་བ་རེད།ཚོགས་འདུར་མ་ཞུགས་པའི་ཨུ་ཡོན་རྣམས་ཀྱི་བསམ་འཆར་དེ་འདེམས་ཤོག་གི་གྲངས་ཀར་མི་བརྩི། རྗེས་སྣོན་ཨུ་ཡོན་བརྡས་ཐག་བཅད་པར་མི་ཞུགས།  

ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་དང་རྗེས་སྣོན་ཨུ་ཡོན་ལ་ཏང་ནང་གི་གོ་གནས་མེད་པར་བཟོ་བ་དང་ཏང་ནང་བཞག་ནས་ལྟ་ཞིབ་བྱེད་པའམ་ཏང་གི་སྐྱིད་སྡུག་ནས་འབུད་རྒྱུའི་ཆད་པ་གཅོད་རྒྱུ།ངེས་པར་དུ་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཀྱི་མི་གྲངས་བསྡོམས་འབོར་གྱི་གསུམ་ཆ་གཉིས་ཡན་ཟིན་པའི་གྲངས་མང་བས་གཏན་འཁེལ་བྱ་དགོས།ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་གྲོལ་རྗེས་ཀྱི་རིང་ལ་སྔོན་ལ་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཐག་གཅོད་རྒྱུ་དང་། ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་འཚོག་སྐབས་རྗེས་སུ་ཁས་ལེན་བྱས་ཆོག

  དོན་ཚན་ཉེར་ལྔ་པ། ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་གྲོས་ཚོགས་སྤྱིར་ན་དུས་བཀག་ལྟར་འཚོག་རྒྱུ་དང་། གནས་ཚུལ་གལ་ཆེན་དང་ཐུག་ཚེ་ག་དུས་སྐོང་འཚོག་བྱས་ཆོགགྲོས་ཚོགས་ཀྱི་གྲོས་དོན་ནི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་སྤྱི་ཁྱབ་ཧྲུའུ་ཅིས་གཏན་འཁེལ་བྱ་རྒྱུ།

  ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་གྲོས་ཚོགས་ལ་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་ཕྱེད་ཀ་ཡན་ཞུགས་ན་མ་གཏོགས་འཚོགས་མི་ཆོག དགོས་མཁོར་གཞིགས་ནས་འབྲེལ་ཡོད་མི་སྣ་ཚོགས་འདུར་ཟུར་ཞུགས་བཀོད་སྒྲིག་བྱས་ཆོག

          ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་གྲོས་ཚོགས་ཀྱིས་གནད་དོན་ཐག་གཅོད་བྱེད་སྐབས་གྲོས་བསྡུར་གང་ལེགས་བྱ་དགོས་པ་དང་། དོན་དག་མང་པོ་དང་འབྲེལ་བ་ཡོད་རིགས་རེ་རེ་བཞིན་གྲོས་བསྡུར་དང་ཐག་གཅོད་བྱ་དགོས།

 དོན་ཚན་ཉེར་དྲུག་པ། ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་སྤྱིར་ན་དུས་བཀག་ལྟར་འཚོག་རྒྱུ་དང་། གནས་ཚུལ་གལ་ཆེན་དང་ཐུག་ཚེ་ག་དུས་སྐོང་འཚོག་བྱས་ཆོག གྲོས་ཚོགས་ཀྱི་གྲོས་དོན་ནི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་སྤྱི་ཁྱབ་ཧྲུའུ་ཅིས་གཏན་འཁེལ་བྱ་རྒྱུ།  

  ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐོག་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཕྱེད་ཀ་ཡན་ཞུགས་ན་མ་གཏོགས་འཚོགས་མི་ཆོགདགོས་མཁོར་གཞིགས་ནས་འབྲེལ་ཡོད་མི་སྣ་ཚོགས་འདུར་ཟུར་ཞུགས་བཀོད་སྒྲིག་བྱས་ཆོག  

  ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཀྱིས་གནད་དོན་ཐག་གཅོད་བྱེད་སྐབས་གྲོས་བསྡུར་གང་ལེགས་བྱས། དོན་ཚན་མང་པོ་དང་འབྲེལ་བ་ཡོད་རིགས་ལ་རྣམ་གྲངས་རེ་རེ་བཞིན་གྲོས་བསྡུར་དང་ཐག་གཅོད་བྱ་དགོས།

དོན་ཚན་ཉེར་བདུན་པ། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་སྤྱི་ཁྱབ་ཧྲུའུ་ཅིའི་མཛུབ་སྟོན་བླང་བྱ་ལྟར།ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡིས་གཞུང་ལས་གྲོས་ཚོགས་འཚོགས་ནས་འབྲེལ་ཡོད་དོན་དག་ལ་ཞིབ་འཇུག་དང་གྲོས་བསྡུར་བྱ་དགོས། གྲོས་ཚོགས་ཀྱི་གྲོས་དོན་ནི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་སྤྱི་ཁྱབ་ཧྲུའུ་ཅིས་གཏན་འཁེལ་བྱ་རྒྱུ།

  དོན་ཚན་ཉེར་བརྒྱད་པ། ཏང་ཀྲུང་དབྱང་གིས་དགོས་མཁོར་གཞིགས་ནས་ལས་དོན་གྲོས་ཚོགས་དང་ཆེད་དོན་གྲོས་ཚོགས་སོགས་སྐོང་འཚོག་བྱས། དུས་བབ་ལ་དབྱེ་ཞིབ་དང་ལས་དོན་བཀོད་སྒྲིག་བྱེད་དགོས།

  དོན་ཚན་ཉེར་དགུ་པ། ཏང་ཀྲུང་དབྱང་གི་ཐབས་ཇུས་དང་བཀོད་སྒྲིག་དང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་སྤྱི་ཁྱབ་ཧྲུའུ་ཅིའི་མཛུབ་སྟོན་གྱི་བླང་བྱ་ལྟར།ཏང་ཀྲུང་དབྱང་གི་ཐབས་ཇུས་གྲོས་མོལ་མཐུན་སྦྱོར་ལས་ཁུངས་ཀྱིས་ཚོགས་འདུ་འཚོགས་ནས་འབྲེལ་ཡོད་ཁྱབ་ཁོངས་ཀྱི་ལས་དོན་གལ་ཆེན་ལ་ཞིབ་འཇུག་ཐག་གཅོད་དང་མཐུན་སྦྱོར་བྱ་རྒྱུའི་བཀོད་སྒྲིག་བྱས་པ་རེད།གྲོས་ཚོགས་ཀྱི་གྲོས་དོན་ནི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་སྤྱི་ཁྱབ་ཧྲུའུ་ཅིས་གཏན་འཁེལ་བྱ་རྒྱུའམ་ཞིབ་བཤེར་གཏན་འབེབས་བྱ་རྒྱུ།  

ཏང་ཀྲུང་དབྱང་གི་ཐབས་ཇུས་དང་གྲོས་དོན་མཐུན་སྦྱོར་སྒྲིག་གཞིའི་གྲོས་ཚོགས་ཐོག་འབྲེལ་ཡོད་དོན་དག་ལ་གྲོས་ཞིབ་བྱས་རྗེས།དགོས་མཁོར་གཞིགས་ནས་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ལ་གྲོས་ཞིབ་གནང་རྒྱུར་འབུལ་དགོས།

 དོན་ཚན་སུམ་ཅུ་པ། ཏང་ཀྲུང་དབྱང་གིས་ཏང་དང་རྒྱལ་ཁབ་ཀྱི་བྱེད་ཕྱོགས་དང་སྲིད་ཇུས་གལ་ཆེན། གནད་དོན་གལ་ཆེན། མི་དོན་བཀོད་སྒྲིག་གལ་ཆེན་སོགས་ལ་གྲོས་མོལ་བྱས།དམངས་གཙོའི་ཏང་ཤོག་ཁག་གི་ཀྲུང་དབྱང་དང་།རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས།ཏང་ཤོག་གང་ལའང་མི་གཏོགས་པའི་མི་སྣ་བཅས་ཀྱི་འཐུས་མིའི་བསམ་འཆར་དང་གྲོས་འགོ་ཉན།གནས་ཚུལ་གལ་ཆེན་བརྡ་ཁྱབ་བཏང་ནས་བསམ་བློ་མཐུན་སྦྱོར་དང་ཐུན་མོང་གི་ངོས་འཛིན་ཟབ་ཏུ་གཏོང་དགོས།

  ལེའུ་བདུན་པ། རང་ངོས་འཛུགས་སྐྱོང་།

  དོན་ཚན་སོ་གཅིག་པ། ཀྲུང་དབྱང་ཨུ་ཡོན་ལྷན་ཁང་དང་། ཀྲུང་དབྱང་ཆབ་སྲིད་ཅུས། ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་བཅས་ཀྱི་ཁོངས་མིས་ངེས་པར་དུ་“སྲུང་སྐྱོང་གཉིས་”རྩ་བའི་ཆབ་སྲིད་བླང་བྱར་བརྩིས།སྣེ་ཁྲིད་དེ་“སྲུང་སྐྱོང་གཉིས་”བྱེད་དགོས།ཏང་ཀྲུང་དབྱང་གི་སྲིད་བཀའ་ཐོགས་མེད་དང་གང་གསུང་དེ་སྒྲུབ་ཐུབ་པའི་འགན་ལེན་བྱས་ནས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དོན་ཐོག་ཏུ་འཁྱོལ་ནས་ཕན་འབྲས་ཐོན་པའི་འགན་ལེན་བྱེད་དགོས། 

དོན་ཚན་སོ་གཉིས་པ།ཀྲུང་དབྱང་ཨུ་ཡོན་ལྷན་ཁང་དང་།ཀྲུང་དབྱང་ཆབ་སྲིད་ཅུས།ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་བཅས་ཀྱི་ཁོངས་མི་ཞིག་ཡིན་ཕྱིན། རྩ་འཛུགས་ཀྱི་རྩ་དོན་དང་ཏང་གཤིས་ཀྱི་རྩ་དོན་མཐའ་འཁྱོངས་དང་ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་ཆབ་སྲིད་ཀྱི་སྒྲིག་ལམ་ནན་སྲུང་།གོ་རིམ་ལྟར་བྱ་བ་སྒྲུབ་པ་དང་།སྒྲིག་སྲོལ་ལྟར་བྱ་བ་སྒྲུབ་པ།ཐུན་མོང་གི་འདོད་བློ་ལྟར་བྱ་བ་སྒྲུབ་པ་བཅས་བྱས་ཏེ་ཏང་གི་མཐུན་སྒྲིལ་གཅིག་གྱུར་སྲུང་སྐྱོང་མཐའ་གཅིག་ཏུ་བྱ་དགོས།

ཀྲུང་དབྱང་ཨུ་ཡོན་ལྷན་ཁང་དང་།ཀྲུང་དབྱང་ཆབ་སྲིད་ཅུས།ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་བཅས་ཀྱི་ཁོངས་མིས་ཏང་གི་སྒྲིག་ཡིག་སོགས་ཏང་ནང་གི་ཁྲིམས་སྲོལ་རང་རྟོགས་ཀྱིས་ལག་བསྟར་བྱས།ཏང་གི་མང་ཚོགས་ལམ་ཕྱོགས་རང་རྟོགས་ཀྱིས་ལག་ལེན་མཐར་ཕྱིན་བསྟར་བ་དང་།ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ལག་བསྟར་ནན་པོ།ཕྱི་ཚུལ་རིང་ལུགས་དང་།དཔོན་ཉམས་རིང་ལུགས།སྐྱིད་འདོད་རིང་ལུགས།བག་མེད་ཆུད་ཟོས་བཅས་ཀྱི་སྤྱོད་ངན་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱེད་པ་དང་།ཁྱད་དབང་གི་བསམ་བློ་དང་དམིགས་བསལ་དབང་ཆའི་སྣང་ཚུལ་ལ་རང་རྟོགས་ཀྱིས་འཐབ་རྩོད་བྱ་དགོས།ཐོག་མཐའ་བར་གསུམ་དུ་སྤྱོད་གཙང་གཞུང་དྲང་གི་ཆབ་སྲིད་རང་མདངས་སྲུང་འཛིན་བྱ་དགོས།

 ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་གྱིས་ལས་ཀའི་ཁྲོད་ཀྱི་ཐབས་ཇུས་གལ་ཆེན་དང་། དོན་དག་གལ་ཆེན།གནས་ཚུལ་གལ་ཆེན་བཅས་དུས་ཐོག་ཏུ་ཏང་ཀྲུང་དབྱང་ལ་དགོངས་སྐོར་སྙན་སེང་ཞུ་དགོས།ལག་བསྟར་བྱེད་རིམ་དུ་ཏང་ཀྲུང་དབྱང་གི་ཐབས་ཇུས་དང་ཆོད་དོན།ལས་ཀའི་བཀོད་སྒྲིག་གལ་ཆེན་བཅས་ལ་ལེགས་སྒྲིག་བྱ་དགོས་རིགས།ངེས་པར་དུ་ཏང་ཀྲུང་དབྱང་ལ་ཆོག་མཆན་ཞུ་དགོས།

  དོན་ཚན་སོ་གསུམ་པ། ཀྲུང་དབྱང་ཨུ་ཡོན་ལྷན་ཁང་དང་། ཀྲུང་དབྱང་ཆབ་སྲིད་ཅུས།ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་བཅས་ཀྱི་ཁོངས་མིས་སྣེ་ཁྲིད་དེ་ཏང་ནང་གི་དམངས་གཙོ་དར་སྤེལ་གཏོང་དགོས།ཏང་གི་སྒྲིག་ཡིག་སོགས་ཏང་ནང་གི་ཁྲིམས་སྲོལ་ནང་གཏན་ལ་ཕབ་པའི་དམངས་གཙོའི་རྩ་དོན་དང་གོ་རིམ་ལག་བསྟར་ནན་ཏན།ཀྲུང་དབྱང་ཆབ་སྲིད་ཅུའུ་ཡིས་ལོ་རེར་དམངས་གཙོ་འཚོ་བའི་ཚོགས་འདུ་བསྡུས།ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་དང་རྗེས་སྣོན་ཨུ་ཡོན་རྣམས་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་སུ་ཞུགས་སྐབས་ཧུར་བརྩོན་ཆེན་པོས་ཏང་དང་རྒྱལ་ཁབ་ཀྱི་ལས་ཀའི་སྐོར་བསམ་འཆར་འདོན་པ་དང་གྲོས་འགོ་འདོན་དགོས།

  ལེའུ་བརྒྱད་པ། ཞར་བྱུང་དོན་ཚན།

  དོན་ཚན་སོ་བཞི་པ། སྲོལ་ཡིག་འདི་ཀྲུང་དབྱང་གཞུང་ལས་ཐིང་གིས་གསལ་འགྲེལ་བྱེད་འགན་འཁུར་རྒྱུ།

  དོན་ཚན་སོ་ལྔ་པ། སྲོལ་ཡིག་འདི་བསྒྲགས་ཉིན་ནས་བཟུང་ལག་ཏུ་བསྟར་རྒྱུ།


©༢༠༡༧ཀན་ལྷོའི་ཏང་གི་འཛུགས་སྐྲུན་དྲ་བ། ཀྲུང་གུང་ཀན་ལྷོ་ཁུལ་ཨུའི་རྩ་འཛུགས་པུའུ་ཡིས་གཙོ་སྒྲུབ་བྱས་པས་པར་དབང་འདི་གར་དབང་།

སྡོད་གནས། ཀན་ལྷོ་ཁུལ་ཨུའི་གཅིག་གྱུར་གཞུང་ལས་ཐོག་ཁང་གི་དྲུག་ཐོག ཁ་པར། ༠༩༤༡--༨༢༢༢༡༥༩ སྦྲག་ཨང་། ༧༤༧༠༠༠

དྲ་ངོས་རྡེབ་ཚད།མི་ཐེངས། དྲ་ངོས་སྒྲིག་བཟོ། ཧུང་ཏེན་དྲ་རྒྱ།

甘公网安备 62300102000044号